ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ལྷོ་ནུབ་ཚང་གི་༼གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་།

  རྩོམ་པ་པོ:ཧོར་ནག་པ་ཡོང་ཁུངས:དགེ་ཆོས་གཟིགས་གྲངས:1801ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/4/21 21:40:30ཚོགས་ཡར་སྤྲོད:admin

  ལྷོ་ནུབ་ཚང་གི་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་།

གཏུག་བཤེར་ཡི་གེ


གཏུག་བཤེར་མཁན :ཧོར་ནག་པ་ཀླུ་སྨྱོན
གཏུག་བཤེར་བྱ་ཡུལ:ལྷོ་ནུབ་མི་རིགས་སློབ་ཆེན

གཏུག་བཤེར་རེ་འདུན:ཕོ་བྲང་གང་གི་སྒོ་དམར་བོ་བརྗིད་ཉམས་ཅན་དེ་ཉིན་རྒྱུན་དུ་རང་འགུལ་གྱིས་ཕྱེ་བ་དང་། དགེ་རྒན་ཡོན་ཏན་ཅན་མང་བོ་ནང་འདྲེན་བྱེད་པ། ན་ནིང་གི་འཆད་ཁྲིད་དེ་དག་མུ་མཐུད་དུ་རྒྱུན་སྐྱོང་བ་དང་དཔེ་མཛོད་ཁང་དུ་ཡོད་པའི་བོད་ཡིག་གི་དཔེ་ཆའི་གྲངས་འབོར་དང་སྤུས་ཚད་སོགས་གང་ཐད་ནས་བཟང་ཕྱོགས་སུ་ལྡབ་བརྒྱ་འགྱུར་གྱིས་བསྐྱེད་པ།
དོན་དངོས་དང་རྒྱུ་རྐྱེན:
གནམ་ངོ་དྭངས་ཤིང་གསལ་ལ་ཉི་འོད་ལམ་ལམ་འཕྲོས་ཏེ་རྫོགས་ལྡན་རྫོགས་ལྡན་ཟེར་བའི་བསྐལ་བ་འདིའི་ནང་དུ་མུན་པ་དང་གྲིབ་གཟུགས། བྱེ་རྡུལ་དང་ན་བུན་གྱིས་གཡོགས་པའི་བསྐལ་བའི་ཕུགས་ཀྱི་ཁ་སྐྱ་བོ་དང་ལག་སེར་ཀ་བྱས་པའི་རི་གྲོང་མང་བོ་ཞིག་གཟུགས་མེད་ཀྱིས་བསྐུངས་འདུག
དེའི་ཁྲོད་དུ་སྤྱི་ཚོགས་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས། བཅའ་ཁྲིམས་སྒྲིག་སྲོལ་དང་འཐབ་འཛིང་དམར་གསོད་སོགས་བསམ་བློ་ངན་པ་དང་རིག་གནས་ངན་པས་བསྐྲུན་པའི་ཕྱི་མཛེས་ནང་སྟོང་གི་བཟོ་བཀོད་མང་བོ་ཡོད་པ་གོར་མ་ཆག    ངས་དེ་རིང་བཟོ་བཀོད་དེ་དག་གི་གྲས་སུ་ལྷོ་ནུབ་མི་རིགས་སློབ་ཆེན་ཡང་མཛུབ་མོ་བཀུག་ནས་བགྲང་འདོད།   ང་རང་སློབ་གྲྭ་འདིར་མ་ཡོང་གོང་ནས་རྣ་བ་རིང་བ་མིན་ཡང་རྒྱ་ཡིག་སློབ་ན་ལྷོ་ནུབ་དང་བོད་ཡིག་སློབ་ན་ནུབ་བྱང་ལ་སོང་ཞེས་པའི་གཏམ་དཔེ་ལྟ་བུའི་དཀྲོག་གཏམ་ཞིག་གང་སར་ས་འཕུར་གནམ་འཕུར་བྱེད་པ་ཐོས། རང་ཉིད་དངོས་སུ་སློབ་ར་འདིའི་དགའ་ཚལ་དུ་འབྱོར་རྗེས་ད་གཟོད་ཁྱད་མཚར་བའི་རྨི་ལམ་ཞིག་མངོན་སུམ་དུ་གྱུར་བ་ནང་བཞིན་གོང་གི་རྨི་ལམ་དང་མཚུངས་པའི་དཀྲོག་གཏམ་དེས་ཀྱང་ངོ་བོ་བསྒྱུར་ནས་དངོས་ཐོག་ཏུ་བདེན་པ་བཙལ་བྱུང་། སྤྱིར་ན་སློབ་གྲྭ་ཞིག་གི་འོས་འགན་ནི་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་ལས་མ་འདས་པར་འདོད་ལ།དེ་ཡང་ཀུན་སྤྱོད་གཙང་ཞིང་ཡོན་ཏན་ལྡན་ལ་ཁྲིད་སྟོན་གྱི་ནུས་པ་དང་ལྡན་པས་རིག་སློབ་གཞན་གྱི་ཡིད་དུ་འཐད་པའི་དགེ་རྒན་དང་། དམིགས་གཞི་གསལ་ཞིང་སློབ་འདུན་ཆེ་ལ་གཤིས་བཟང་གིས་རྣམ་པར་མཛེས་པའི་སློབ་མ།   སྒྱུ་རྩལ་དང་ཤེས་བྱ། གཏན་ཚིགས་དང་བསམ་བློ་ཡིས་དྲག་ཏུ་ལྕི་བའི་ཡུལ་དུས་ལས་འགོངས་པའི་དཔེ་ཆ་སྣ་ཚོགས་དང་། དེ་དང་ལྷན་དུ་སློབ་སྦྱོང་ལ་མཁོ་བའི་མཁོ་ཆས་དང་རྨང་གཞིའི་སྒྲིག་ཆས་སྣ་ཚོགས། དབེན་འཇགས་ཁུ་སིམ་གྱི་ཁོར་ཡུག་གཙང་མ་ཞིག་དང་རྣམ་གཞག་ཆ་ཚང་གི་སྒྲིག་ལམ་ཚད་ལྡན་ཞིག་བཟོས་ཏེ་ཡོངས་སུ་ནུས་ཚད་མཐོན་པོའི་གཟེངས་ཐོན་སློབ་མ་བསྐྱེད་བསྲིང་གི་ཆ་རྐྱེན་དུ་འགྲོ་བར་བྱེད་པ་ལས་དེ་དང་མི་འཚམ་པའི་སྒྲིག་ལམ་དང་བྱ་བ། ལས་འགུལ་སོགས་གང་ཡིན་ཀྱང་ལྕོགས་ཚོད་ཀྱིས་མེད་པར་གཏོང་དགོས་སྙམ།  ཡིན་ཡང་དེ་དག་ལས་ཀྱང་དགེ་རྒན་མཆོག་དང་དཔེ་དེབ་རབ་ཡོད་པ་ནི་སློབ་གྲྭ་ཞིག་གི་བཟང་ངན་དབྱེ་འབྱེད་ཀྱི་བདེན་པའི་ལྷའི་མིག་ཡིན་པ་ལས་ཕྱི་ཚུལ་གྱི་ ཁང་བའི་བཟོ་བཀོད་ཁོ་ན་ག་ལ་ཡིན་ཏེ། ཡ་ཏེན(雅典)ཉེ་འདབས་ཀྱི་ནགས་གསེབ་དུ་བཙུགས་པའི་པོ་ལ་ཐུའི་སློབ་གླིང་ཡང་ཕྱིའི་སྒྲིག་གཞི་སློབ་ཆེན་འདི་ལ་འགྲན་དུ་བཟོད་པ་མ་ཡིན་ཀྱང་སློབ་མ་འཛམ་གླིང་ལ་གྲགས་ཆེ་བའི་ཡ་ལི་སི་ཏོ་ཏུ་ལྟ་བུ་བསྐྱངས་པ་ལས་ཀྱང་ཤེས་པར་ནུས་པ་མ་ཡིན་ནམ།    བོད་ཡིག་དགེ་རྒན་གྱི་ཆ་ནས་སློབ་གྲྭ་འདིར་ལྟོ་ལྡིར་ཞབས་ཞུམ་གྱི་བུམ་པ་ལྟ་བུའི་དགེ་བའི་བཤེས་གཉེན་དང་སློབ་དཔོན་ཆེན་མོ་འགའ་ཡོད་ཡོད་ཀྱང་རྒྱུན་དུ་སློབ་མ་ཚོར་སློབ་ཁྲིད་བྱེད་པར་མི་ཁོམ་པ་ཙམ། གཞན་དག་ལ་ཡོན་ཏན་གོང་གི་སློབ་དཔོན་ཆེན་མོ་དེ་དག་དང་འདྲ་བ་ཞིག་མེད་ངེས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལམ་རིམ་བློ་སྦྱོང་ལྟ་བུའི་ཤུགས་རྐྱེན་བཟང་བོའི་འོག་ནས་རང་ལ་ཡོད་པའི་ཤེས་བྱ་དག་སློབ་མ་རྣམས་ལ་བུམ་པ་གང་བྱོ་བྱེད་ཐུབ་ཚོད་བྱེད།    དེ་ནི་དགེ་རྒན་གྱི་གནས་ཚུལ་རགས་པ་ཙམ་ཡིན། ང་ནི་སྤྱིར་བཏང་གིས་མི་ལས་ངན་ནང་གི་ལས་ཅན་ཞིག་ཡིན་པས་ཉེ་ལམ་སྟབས་ཀ་འགྲིག་ཏེ་གྲོགས་པོའི་ལག་ན་༼སློབ་ཆེན་འདོན་ན། དོན་དམ་གྱིས་ཅི་ཞིག་འདོན༽ཞེས་པའི་དཔེ་ཆ་གྲགས་ཆེ་བ་ཞིག་ཐོགས་ཡོད་པ་མཐོང་ནས་མཚར་འཛིན་གྱིས་རེ་ཞིག་བཀླགས་པར་རྩོམ་པ་པོས་སློབ་ཆེན་འདོན་ན་ཐོག་མར་སློབ་དཔོན་ཆེན་མོ་འདོན་དགོས་པ་དང་དེ་ཡང་སློབ་དཔོན་ཆེན་མོའི་འཆད་ཁྲིད་ལ་ཉན་པ་ལ་ཟེར་ཞེས་པ་དང་སློབ་གྲྭའི་རྩ་བ་དང་སྙིང་ལྟ་བུ་ནི་དཔེ་མཛོད་ཁང་ཡིན་ཚུལ་སོགས་བཤད་འདུག  དེ་ནི་སློབ་ཆེན་པ་དག་ལ་མཚོན་ན་ཁ་ཚ་དགོས་གཏུགས་ཀྱི་བློ་འབྱེད་ལས་འགུལ་ཞིག་དང་ཡང་ན་ཕྱོགས་སྟོན་འཁོར་ལོ་ཞིག་རེད། འདི་དག་མཐོང་དུས་སློབ་གྲྭ་འདིར་མུན་འཐོམས་ཀྱིས་བསྡད་ནས་ལོ་ངོ་གསུམ་སོང་བའི་ངས་ཕྱིར་དྲན་རེ་མི་བྱེད་ཐུ་མེད་བྱུང་། ཐོག་མར་ང་རང་སློབ་གྲྭ་འདིར་ཐོན་དུས་དཔེ་མཛོད་ཁང་གི་ཉམས་དགའ་བའི་བཟོ་བཀོད་ཀྱིས་ང་ལ་སྤྲོ་སྣང་དང་སྐྲག་སྣང་ཞིག་གིས་སེམས་འགུལ་དུ་བཅུག་བྱུང་། གྲོང་སྡེའི་སློབ་གྲྭ་འགྲིམས་ནས་འོང་བའི་ང་ལ་མིག་རྒྱ་གསར་བ་གཞན་ཞིག་གསར་དུ་ཕྱེས་ཤིང་དཔེ་མཛོད་ཁང་འདི་འདྲ་ཆེན་པོ་ཞིག་གི་ནང་དུ་གཡེང་རྐྱལ་བྱས་ན་གྲུབ་འབྲས་ཆེན་པོ་ཞིག་གི་ཆུ་བོའི་ཕར་འགྲམ་དུ་སོན་ཐུབ་པར་ཐེ་ཚོམ་ཅི་ཡོད་སྙམ་ནས་མ་ཞུགས་སྔོན་སྦྱོང་གིས་དེ་མ་ཐག་གྲྭ་སྒྲིག་དང་སྟ་གོན་བྱས། ཉིས་ཐོག་གི་ཆབ་སྲིད་དང་ཁྲིམ་ལུགས། མཚན་ཉིད་རིག་པ་སོགས་ཀྱི་འཇུག་ངོགས་ཆེན་པོ་དག་ཡུན་གྱིས་བརྟེན་ཏེ་སུམ་ཐོག་གི་རྒྱལ་ཕྱི་རྒྱལ་ནང་གི་རྩོམ་རིག་གི་རྦ་ཀློང་དྲག་པོ་དག་དལ་གྱིས་བརྒལ་མཐར་སུམ་ཐོག་གི་མི་མི་འགྲོ་སའི་བརྩེགས་རིམ(三楼的夹层)་གྱི་གྲུ་ག་ཞིག་ནས་རྡུལ་གྱིས་ཡུན་རིང་དུ་མནན་པའི་བོད་ཡིག་གི་དཔེ་ཆ་ཐར་ཐོར་གྱི་ཝུ་བ་ཙམ་མཐོང་རྒྱུ་བྱུང་སོང་། ཨ་ཤུ། ཆུ་ཀློང་ལ་རྣམ་པར་རྩེན་འདོད་ཀྱི་ཉ་ཕྲུག་ཅིག་གི་དྲོད་ལམ་ལམ་གྱི་སེམས་ངོ་ལ་ཆུ་འཁྱག་ཟོ་བ་གང་། ཚ་ལམ་ལམ་གྱི་དབྱར་གཞུང་དེར་ང་ལ་རྔུལ་ཆུ་དང་བསྡོངས་ནས་འཁྱག་འདར་དྲག་པོ་ཞིག་རྒྱག་དགོས་བྱུང་ལ། ད་གཟོད་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དབྱར་ཁ་ནི་ཅི་འདྲའི་འཁྱག་པ་ཤེས། མ་རིག་པར་སྒང་ལ་བུད་དེ་མ་ཤེས་པར་གཞན་ལ་དྲིས་དུས་བོད་ཡིག་གི་དཔེ་ཆ་དག་ནི༼གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང༽ཞེས་པའི་གད་ཕུག་ཅིག་ཏུ་བསྐུངས་ཡོད་ཚུལ་ཐོས། ཕོ་བྲང་ནི་དངོས་གནས་ཕོ་བྲང་ཏེ་ནམ་རྒྱུན་རྒྱ་སྒོ་དམ་པོར་གཏན་ཏེ་ལྕགས་ཟྭ་གཅོག་དཀའ་བ་ཞིག་ལྗིད་ཏིག་གེར་བརྒྱབ་འདུག  མ་རྩ་བརྡིབས་སོང་བའི་ཀུང་ཟི་ཞིག་དང་ཅི་འདྲའི་མཚུངས་ཨང་། ཕོ་བྲང་འདིར་འགྲོ་བ་ནི་ཤིན་ཏུ་དཀའ་ཚོད་དེ་སློབ་གྲྭ་གཞན་གྱི་སློབ་མ་ལྟ་ཞོག  ཐ་ན་རང་སློབ་གྲྭའི་སློབ་མ་དག་ཀྱང་ཞུ་བ་ལྟ་བུ་ཞིག་བྱས་ནས་འགྲོ་དགོས་པར་འདུག  ཁག་ཅི་ཡོད་དེ་ཕོ་བྲང་དུ་བཞུགས་པའི་བཀའ་འགྱུར་གསེར་བྲིས་མ་དང་བསྟན་འགྱུར་དངུལ་བྲིས་མ། གཏེར་ཡིག་གཡུ་བྲིས་མ་སོགས་བོར་སོང་ན་ཅི་བྱེད། གྱོང་གུད་མ་ཡིན་ནམ། སློབ་བུ་དག་རྐུན་ཕྲུག་ཡིན་ཀྱང་སྲིད། གལ་ཏེ་ནང་དུ་ཐེངས་གཅིག་ལ་འགྲོ་རྒྱུ་བྱུང་ན་དེ་ནི་ཁྱེད་ཚོའི་སྐྱེ་བ་མང་བོར་བསགས་པའི་ཚོགས་བསགས་ཡིན་པ་མ་བརྗེད་ཅིག   སུམ་ཐོག་གི་བརྩེགས་རིམ་ན་མ་གཞི་ནས་དབུགས་ཆད་ལ་ཁད་ཡོད་པའི་བོད་ཡིག་གི་དཔེ་ཆ་དེ་དག་ཀྱང་སློབ་སྐབས་དུ་མའི་སྔོན་ནས་ལག་པ་རབ་ཏུ་མྱུར་ཞིང་ལས་ལ་འཇོན་པའི་མི་དེ་དག་གིས་དགའ་ཀྲོག་གེར་ཕོ་བྲང་གང་དེའི་གཏེར་དུ་སྦས་བྱུང་།
  ང་ཚོ་ནི་མུ་ཏོ་བ་ཞིག་ཡིན་པའི་དབང་དུ་བཏང་ཚེ་ལག་ན་དངུལ་སློང་བྱེད་ཀྱི་སེར་ཀས་ཁེངས་བའི་དཀར་ཡོལ་ཞིག་ཡོད་པ་དེ་ཡང་གཞན་གྱིས་གནག་སེམས་ཀྱིས་བཅག་ཏེ་འཆི་བའི་ལམ་དུ་ཆས་པའི་སྐབས་ལ་འཁེལ་ཡོད་པ་དང་ཨ་ན་མ་ན་རེད།       སྤྱིར་ན་སློབ་བུ་འགའི་བོད་ཡིག་གི་ཚེ་སྲོག་གཅོད་པ་ནི་དོན་ཆུང་དུ་ཟད་ཀྱང་སློབ་གྲྭ་ཞིག་གི་འགན་མི་འཁུར་བའི་བྱ་སྤྱོད་དང་མི་རིགས་ཤིག་གི་རྗེས་སྐྱོང་བའི་ཀ་བ།     སློབ་མ་འདི་འདྲའི་མང་བོ་ཞིག་འདི་ལྟར་ལྔ་ལམ་དུ་གཏོང་བ་ནི་མི་རིགས་ཤིག་དུར་སྦས་བྱེད་པའི་འཇུ་སྐལ་བཟང་གི་སྡིག་བོའུ་ཁྲ་རིང་དེའི་ཁ་ན་ནག་ཉེས་ཀྱིས་འཐིབས་པའི་དུ་ཞགས་དེ་ལས་ཀྱང་ཚབས་ཆེ་བར་འདོད། ཉ་མོ་བྱེ་ཚན་དུ་ལྷུང་བའི་སྐོམ་གདུང་གིས་མནར་ཏེ་ང་རང་སློབ་གྲྭའི་ཡ་གྱལ་གྱི་སློབ་ར་རྙིང་བར་གཙང་ཆུ་འཚོལ་དུ་མི་འགྲོ་ག་མེད་བྱུང་། དངོས་གནས་རིག་ལྡན་རྒྱ་མཚོའི་གནའ་གྲོང་ལྟ་བུའི་དབེན་སིམ་ཉམས་མཛེས་ཀྱི་དཔེ་མཛོད་ཁང་ཞིག་ཡོད་པ་དེའི་སུམ་ཐོག་ན་སྤུས་ཀ་དང་གྲངས་འབོར་གང་གི་ཆ་ནས་ཀྱང་སློབ་ར་གསར་བ་ལས་ལྷག་པའི་བོད་ཡིག་དཔེ་ཆ་མང་བོ་ཉར་ཚགས་བྱས་འདུག     ཡིན་ཡང་ང་རང་ལ་མཚོན་ན་སྔར་བཞིན་ངོམ་སོ་བྱེད་སྤྱད་ཙམ་དུ་སོང་བའི་རྒྱུ་ནོར་ལས་མ་འདས་ཏེ། དཔེ་ཆ་དག་ལ་བལྟ་བ་ལས་གཡར་མི་ཆོག་ཅེས་པ་ནི་བོད་ཡིག་གི་དཔེ་ཁང་འདིའི་གསང་སྔགས་རྡོ་རྗེའི་དམ་ཚིག་ལྟ་བུའི་སྒྲིག་སྲོལ་དམ་དམ་པོ་རེད། དེ་ནི་ཡོ་གླིང་གི་དུས་རབས་བར་མའི་ཆོས་ཚོགས་ཀྱི་སྒྲིག་ལམ་བཞིན་ཤིན་ཏུ་བཙན་པ་ཞིག་རེད་ལ་གཏོར་བརླག་གཏོང་མཁན་ཡོད་ན་པུའུ་ལུའུ་ནོའུ་ལྟར་ཀ་བ་ལ་བཀྱིགས་ནས་གསོན་བསྲེག་བྱེད་ཀྱང་སྲིད།    གང་ལྟར་དེ་ནི་སློབ་ར་གསར་བ་ནས་ཐོན་པའི་ང་ལ་མཚོན་ན་སྤྲང་བོ་ཞིག་ལ་ཀ་རའི་རོ་ལས་མངར་བའི་གོ་རེ་འདིར་ལྕེ་ལྡག་ཙམ་བྱེད་པ་ལས་ཟས་མི་ཆོག་ཅེས་པ་དང་འདྲ། དལ་དལ་གྱིས་སྒོ་ཕྱེས་ཏེ་བྲེལ་བྲེལ་གྱིས་སྒོ་རྒྱག་པའི་དཔེ་མཛོད་ཁང་འདི་རུ་ང་དང་ང་ལྟ་བུས་དུས་ཚོད་ག་ཙམ་ལ་དཔེ་ཀློག་བྱེད་ནུས། གཅིག་ནས་སློབ་ཁྲིད་ལ་དུས་ལྟར་དུ་འགྲོ་དགོས་ཤིང་གཉིས་ནས་རླངས་འཁོར་ལ་བསྡད་དེ་ཡར་རྒྱུགས་མར་རྒྱུགས་བྱེད་དགོས་པས་རྟ་རྒྱུགས་ཞོར་ལ་མེ་ཏོག་བལྟས་པས་ཡིད་མི་ཚིམ། ད་དབར་དུ་སུམ་རྟགས་སོགས་དཔེ་ཀློག་བྱེད་པའི་ཐབས་དང་ཆ་རྐྱེན་ལ་འབད་འབད་དེ་དཔེ་ཀློག་དངོས་སུ་བྱེད་པའི་དུས་ལ་ཐོན་ཙ་ན་དཔེ་ཆ་མེད་པ་ནི་ང་ཚོའི་ལྷོག་ལྷོག་གདུ་བའི་ཁྲག་རྩ་དེ་སྐམ་པར་བྱེད་པ་མ་ཡིན་ནམ། གང་ལྟར་སློབ་གྲྭ་འདིའི་རྩྭ་ཐང་དུ་ཐོན་པའི་བོད་ཀྱི་སློབ་ཕྲུག་ཅང་ཤེས་འཐུར་མེད་དེ་དག་ནི་ཐུ་མེད་ཀྱི་བཀག་རྒྱ་ཆེན་པོ་འདི་དག་གིས་རྟ་ནག་སྒྲོག་འགྲོས་བྱེད་པ་ལས་འོས་མེད་པར་འདུག  ད་ལྟ་ཐབས་ལམ་ཉག་གཅིག་ཡོད་པ་ནི་ཟླ་རེར་ཞིང་གྲོང་སྐྱ་བོ་ནས་ཨ་མ་རྒན་མོས་ཁབ་གསོག་འབིག་གསོག་བྱས་ཏེ་བསྐུར་ཡོང་བའི་རང་གི་འཁོས་ཞན་པའི་འཚོ་བའི་མ་དངུལ་དག་བཀོལ་ནས་སློབ་ཕྱིའི་བོད་ཡིག་གི་དཔེ་ཁང་དག་ནས་དཔེ་ཆ་ཉོ་རྒྱུ་དེ་རེད། ཡིན་ཡང་བོད་ཡིག་གི་དཔེ་ཁང་སྤྱིར་ན་སློབ་གྲྭ་འདིའི་ཁོར་ཡུག་ཀུན་ཏུ་དཀོན་པ་མ་ཟད། དཔེ་ཁང་རེ་ཡོད་ཀྱང་དཔེ་དེབ་ནི་གྲངས་ཀ་ཤིན་ཏུ་ཉུང་བས་རང་གི་ཐུགས་འདུན་དང་འཚམ་པ་རེ་རྙེད་རྒྱུ་ནི་རུས་སྦལ་ལོང་ཞར་དང་གཉའ་ཤིང་གི་གཏམ་རྒྱུད་ལས་མ་འདས།     དེ་ཡང་སློབ་གྲྭ་འདིའི་བོད་ཡིག་དཔེ་ཆའི་རྣམ་ཐར་གྱིས་འཛམ་གླིང་གི་གྲགས་ཅན་མི་སྣ་དག་ཀྱང་ཁ་སྐྱེངས་བར་བྱེད་ངེས་ཏེ།  ཀོར་ཅིས་དཔེ་ཀློག་གིས་ཁྱོད་ཀྱི་འཚོ་བ་བག་ཡངས་(轻松)པར་བྱེད་ཟེར། དཔེ་དེབ་མེད་ན་དཔེ་ཀློག་གིས་འཚོ་བ་བག་ཡངས་སུ་ཇི་ལྟར་བྱེད།     ཐོར་སི་ཐེས་ཕུགས་བསམ་ཁྲོད་ཀྱི་དཔེ་དེབ་ནི་ཤེས་རབ་ཀྱི་ལྡེ་མིག་ཅིག་ཟེར། དཔེ་དེབ་མེད་ན་ཕུགས་བསམ་ཁྲོད་ཀྱི་དཔེ་དེབ་དང་ཤེས་རབ་ཀྱི་ལྡེ་མིག་གང་ནས་ཐོན། ཧི་ཨར་ཚིན་གྱིས་དཔེ་དེབ་ནི་མི་རབས་འདིས་མི་རབས་རྗེས་མར་གནང་བའི་བསམ་བློའི་ཐོག་གི་གདམས་པ་ཡིན་ཟེར་བ་ཡང་སྟོང་བཤད་ཙམ། དཔེ་དེབ་མེད་ན་ལེ་ཉིན་གྱི་དཔེ་དེབ་ནི་སྟོབས་ཤུགས་ཆེན་པོ་ཞིག་ཅེས་པ་དང་ཤིག་སི་ཕེ་འར་གྱི་དཔེ་དེབ་ནི་མིའི་རིགས་ཀྱི་ཤེས་རིག་གི་ཙུང་ཐུང་ངོ་ཞེས་པ་སོགས་ཀྱི་བཟོ་ཡང་གང་ནས་འགྲུབ།    གང་ལྟར་གྲགས་ཅན་མི་སྣ་དག་གིས་ཤེས་རིག་གི་སྒོ་མོ་དང་བརྡ་འཕྲིན་གྱི་ལྟེ་བ། གང་སར་ཤེས་རིག་དང་བརྡ་འཕྲིན་རྙེད་ཟེར་བའི་དཔེ་མཛོད་ཁང་དུ་ངས་བོད་ཡིག་གི་ཕྱོགས་ཀྱི་བརྡ་འཕྲིན་དང་ཤེས་རིག་ཅི་ཡང་རྙེད་རྒྱུ་མ་བྱུང་ལ། བོད་ཡིག་གི་ཤེས་བྱའི་སྒོ་མོ་ལ་ཡང་ཐོན་རྒྱུ་མ་བྱུང། ངའི་བོད་ཡིག་གི་རྨང་གཞི་དེ་གོང་དུ་འཕེལ་རྒྱུ་ལྟ་ཞོག བྲག་ལྡེབས་ནས་ཉིལ་བའི་བོང་བའི་རྦབ་ལྟར་ཇེ་ཞན་ནས་ཇེ་ཞན་དུ་གྱུར། དེ་དག་ཐམས་ཅད་ཀྱང་ང་གཅིག་པུའི་སྟེང་ན་སྐྱོན་ཡོད་པ་མ་ཡིན་གྱི། སློབ་གྲྭ་འདིར་བཞུགས་པའི་གསེར་གྱི་རི་བོ་ལྟ་བུའི་སློབ་དཔོན་དམ་པ་དག་དང་ལྷའི་ཕོ་བྲང་ལྟ་བུའི་དཔེ་མཛོད་ཁང་སོགས་ཕྱིའི་སློབ་སྦྱོང་གི་ཆ་རྐྱེན་དང་ཁོར་ཡུག་འདི་དག་ལའང་བྱོལ་དུ་མེད་པའི་དུད་དྲེག་གི་ནག་ཉེས་ཤིག་དང་ལྡོག་ཏུ་མེད་པའི་གཟུགས་མེད་ཀྱི་འགན་འཁྲི་ཞིག་ཡོད་པར་འདོད།
བདེན་དཔང་དང་བདེན་དཔང་གི་འབྱུང་ཁུངས:རྣམ་པ་ཚོ་སློབ་རར་ཤོག་དང་མིག་མཐོང་ལག་ཟིན་ཡིན།
གུས་འདུད
རྒྱ་ཆེའི་ཀློག་མཁན་ཡོངས
གཏུག་བཤེར་བ:སློབ་ར་གསར་བའི་དངོས་གཞིའི་སློབ་མ་ཧོར་ནག་པ་ཀླུ་སྨྱོན
                     ༢༠༡༢ཟླ་༤པའི་ཚེས༧


 
·རྩོམ་ཡིག་གོང་མ:སེང་རྡོར་གྱི་སྙན་ངག༼ཉག་ག་ཕ་གིར༽རགས་ཙམ་གླེང་།
·རྩོམ་ཡིག་འོག་མ:མ་བུ་བར་གྱི་ཁ་རྩོད། ༼༣༽
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢ 2013/10/5 19:55:37
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ། 2013/10/5 19:54:13
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 13:39:12 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:37:20 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:41:58 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS