ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ནང་སེམས་ཀྱི་བདེ་སྐྱིད།

རྩོམ་པ་པོ:དཔལ་ལྡན་ལེགས་བཤད།ཡོང་ཁུངས:ངེད་གཟིགས་གྲངས:1870ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/6/10 11:04:29ཚོགས་ཡར་སྤྲོད:admin
༄༅། །ནང་སེམས་ཀྱི་བདེ་སྐྱིད། །

དཔལ་ལྡན་ལེགས་བཤད།

ཇི་སྲིད་འཚོ་བའི་བར་དུ་ལུས་ལ་སྡུག་བསྔལ་མེད་ཅིང་སེམས་ལ་མི་བདེ་བ་མེད་པར་གནས་ཐུབ་པ་ནི་སྐྱེ་བོ་མཆོག་དམན་ཀུན་ལ་གལ་ཆེ་བས་ཚེ་འདིའི་གཉེར་བྱ་དམ་པ་དེ་རང་ཡིན། དེའི་དོན་དུ་ཚང་མས་སྒོ་གསུམ་ཆིག་དྲིལ་གྱིས་རང་དོན་གཙོ་བོར་བཞག་སྟེ་འབད་འབུངས་བྱེད་བཞིན་ཡོད་པའང་སྨོས་མེད་རེད།
སེམས་ཀྱི་བདེ་སྐྱིད་དོན་དུ་གཉེར་ན་གཙོ་བོར་རང་རྒྱུད་བཏུལ་ནས་ལེགས་པའི་ལམ་དུ་བཀྲི་བའི་རིག་གནས་ཤིག་ལ་མ་བརྟེན་ཐབས་མེད་ཡིན།
རང་གིས་རང་བདེ་ལེགས་སུ་བྱེད་པ་རྣམས་ཀྱིས་ཐོག་མར་རང་རྒྱུད་ལ་བརྟགས་ཏེ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་སེམས་ཀྱི་ཉོན་མོངས་རྣམས་ངོས་ཟིན་པར་བྱེད་དགོས་པར་མ་ཟད། དེའི་གཉེན་པོར་གང་འགྲོའི་སྦྱིན་པ་གཏོང་བ་དང་ལུས་ངག་གི་་སྤྱོད་པ་ལ་གཟོབ་པ། བཟོད་པ་སྒོམ་པ་སོགས་ཀྱི་ཐབས་རྣམས་ལག་ལེན་བྱེད་དགོས།
རང་གི་སེམས་ལ་ཅི་དགར་རྩེན་པའི་ཉོན་མོངས་རྣམས་གལ་ཏེ་ངོས་མ་ཟིན་ན་སེམས་ཀྱི་མི་བདེ་བ་གང་ལས་འབྱུང་བ་མི་ཤེས། རྒྱུ་མཚན་དེས་ན་སེམས་ཀྱི་བདེ་བ་གཉེར་ན་ཉོན་མོངས་སྐྱེ་བའི་རྒྱུ་དང༌། ཉོན་མོངས་པས་རང་རྒྱུད་ལ་བསྐྱེད་པའི་ཉེས་དམིགས། ཉོན་མོངས་རྣམས་རིམ་གྱིས་སྤོང་བའི་ཐབས་དང་བཅས་པར་ཤེས་དགོས།
ཉོན་མོངས་ཞེས་པ་དེ་ཡང་ཞིབ་པར་རྩད་བཅད་ན། དེའི་རྩ་བ་བདག་འཛིན་ལ་ཐུག བདག་འཛིན་གྱི་དགྲ་བོ་ཆེན་པོ་དེ་སྤོང་དགོས་ན་གང་ཟག་རབ་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་དགོས་པ་ཡིན་མོད། དེ་མ་ནུས་པ་རྣམས་ཀྱིས་བདག་གཅེས་འཛིན་དང་གཞན་ཡལ་བར་འདོར་བའི་བསམ་སྤྱོད་ངན་པའི་རིགས་སྤོང་ཅི་ནུས་བྱེད་དགོས། དེ་ཡང་དང་ཐོག་བསམ་པའི་སྟེང་ནས་སྦྱོང་དགོས།  གལ་ཏེ་བདག་གཞན་ཀུན་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པར་མཉམ་པའམ་འདྲ་བའི་ཚུལ་ལ་གོ་བ་ཅུང་ཟད་ཆགས་ན་བདག་གཞན་མཉམ་པའི་བསམ་པ་བཟང་པོ་དེས་རང་སེམས་དབང་དུ་བསྒྱུར་བས་ན་དེ་ཕྱིན་བདག་གཞན་རིས་སུ་གཅད་པར་མི་འགྱུར། རིས་སུ་མ་ཆད་ན་ཕན་ཚུན་ཡིད་འོང་གི་བསམ་པའང་ངང་ངམ་ཤུགས་ཀྱིས་སྐྱེ། དེ་འདྲ་བྱུང་ཚེ་བདག་གཞན་བར་གྱི་ཁྲོ་འཁྲུག་ཇི་སྙེད་པ་མེད་པར་འགྱུར་བའམ། ཡང་ན་ཇེ་ཉུང་དུ་འགྱུར་བ་ཆོས་ཉིད་ཡིན་པས་རང་གི་སེམས་ལའང་སྔར་དང་མི་འདྲ་བའི་བདེ་བ་ཞིག་འཐོབ་རྒྱུ་ཡོད། དེ་ལས་འཕྲལ་ཡུན་ཀུན་ལ་སེམས་ཅན་ཐམས་ཅད་ཀྱི་བར་དུ་ཞི་བདེའི་དཔལ་ཆེན་པོ་དེ་གནས་པའི་སྨོན་སེམས་ཀྱང་སྐྱེའོ། །
གོང་དུ་སྨོས་པའི་དོན་རྣམས་སྔོན་གྱི་དམ་པའི་གསུང་ལྟར་སླར་ཡང་ཅུང་ཟད་བརྗོད་ན། རང་གཞན་ཚང་མས་རང་ཕན་གྱི་བདེ་བ་གཉེར་བ་ན། ནང་སེམས་ལ་ལོག་ལྟས་དྲངས་པའི་ལྟ་བ་ངན་པ་རྣམས་སྤངས་ནས་ཀུན་སློང་བྱང་ཆུབ་སེམས་དང་ལྡན་པར་བྱེད་དགོས། དངོས་སུ་མཐུན་བདེའི་གནས་སྐབས་བཟང་པོ་དེ་བསྐྲུན་པའི་དུས་སུ་འཁོར་གསུམ་དམིགས་མེད་དམ་བློ་རྩེ་གཅིག་ཏུ་དམིགས་བྱའི་དགེ་བ་ལ་སྒྲིམ་དགོས། མཐར་དགེ་བའི་ལས་རྣམས་ཟིན་པ་ན་སེམས་ཅན་ཀུན་གྱིས་བྱང་ཆུབ་ཆེན་པོ་ཐོབ་པའི་བསྔོ་བའི་རྒྱས་
གདབ་དགོས་པ་སྟེ། དེ་ལ་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། མཇུག་བསྔོ་བ་དམ་པ་སྟེ་དམ་པ་གསུམ་ཞེས་བརྗོད།
དེ་བས་དམ་པ་གསུམ་གྱི་རྩིས་ཟིན་པའི་སྒོ་ནས་ནང་སེམས་ཀྱི་བདེ་བ་དམ་པ་བསྒྲུབ་པ་ལ་ཐོག་མར་བཤེས་གཉེན་བཟང་པོ་ཞིག་བཙལ་ནས་བསམ་སྦྱོར་གཉིས་ཀ་ལེགས་པས་བསྟེན་ཏེ། བོད་རང་ལ་ཡོད་པའི་ནོར་བུ་ཐུན་མོང་མ་ཡིན་པའི་རིག་གནས་ནང་དོན་རིག་པ་ལ་རང་རང་སོ་སོས་བློ་ཚོད་དང་མཐུན་པར་སེམས་རྣལ་དུ་ཕབ་ནས་ཐོས་བསམ་བྱ་བ་སྔོན་དུ་གཏོང་དགོས། དེ་ལས་གཞན་པའི་དོན་མེད་པའམ་དོན་ལོག་པ། སྡུག་བསྔལ་སྒྲུབ་ཅིང་བརྩེ་བ་སྤོང་བའི་རིག་གནས་ཁག་ལ་ཉན་སེམས་དང་ལག་ལེན་བྱེད་དུ་མི་རུང་ངོ༌། །
མཇུག་ཏུ་སྤྱིར་བོད་དུ་སྐྱེས་པའི་གཞོན་ནུ་ཀུན་དང༌། ཁྱད་པར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་འཁོད་པའི་གཞོན་ནུ་ཕོ་མོ་ཡོངས་ལ་ནང་དོན་རིག་པ་དེ་བསླབ་བྱའི་གནད་དུ་ཤེས་ཤིང་རང་ཉིད་ལོག་པའི་བསམ་སྤྱོད་ཀྱི་དབང་དུ་མི་འགྲོ་བའི་ཞུ་བ་ལན་བརྒྱར་ཕུལ་བ་ལགས།།  །།
·རྩོམ་ཡིག་གོང་མ:སྤྱོད་འཇུག་ལས་བསམ་གཏན་གྱི་ལེའུ།༨
·རྩོམ་ཡིག་འོག་མ:སྤྱོད་འཇུག་ལས་ཤེས་རབ་ཀྱི་ལེའུ།༩
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གྲགས་ཅན་གསུང་ཚིག༥༡ 2015/11/24 20:57:38
·རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མ། 2013/4/20 18:03:16
·གྲགས་ཅན་གསུང་ཚིག༣༣ 2011/12/20 17:31:41
·གྲགས་ཅན་གསུང་ཚིག༣༢ 2011/12/11 10:59:34
·གྲགས་ཅན་གསུང་ཚིག༣༡ 2011/11/14 10:41:02
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:56:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:20:47 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 12:28:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS