ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

འཁྱོགས་གཟུགས་དང་རུལ་སུངས་ཀྱི་རྩ་དོན། ༡

  རྩོམ་པ་པོ:ལྡོང་སྨིན་དྲུགཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1255ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/12/15 12:04:08ཚོགས་ཡར་སྤྲོད:ངེད།
                             འཁྱོགས་གཟུགས་དང་རུལ་སུངས་ཀྱི་རྩ་དོན།                                                                    དགེ་རྒན་གྱི་སྡེ་ལ་བཏོན་པའི་གཏམ།
  ལྡོང་སྨིན་དྲུག
 
གླེང་གཞི སྙིང་དབུས་ནས་འཕྱུར་བའི་སེམས་ཀྱི་སྐད་ཆ།
 
བཤད་འདོད་པ་ཐམས་ཅད་སྨྲ་བའི་ལྕེ་ལ་རང་དབང་གི་གར་སྟབས་བསྒྱུར་ཏུ་བཅུག་ནས་བརྗོད་བཞིན་ཡོད་ལ།
འབྲི་འདོད་པ་ཡོད་ཚད་རྒྱུ་འབྲས་ཀྱི་སྨྱུ་གུས་ཤོག་དཀར་གྱི་ཐང་ཆེན་ངོས་སུ་སྤྱུགས་བཞིན་ཡོད། ལྷག་པར་དུ ༼སྨྱུག་ཐོགས་པ་ཞིག་གི་རླབས་ཆེ་བའི་འགན་འཁུར་ནི་སྤྱི་ཚོགས་ལ་ངོ་བསྟོད་ཀྱི་བརྩམས་ཆོས་བཞེངས་སྐྲུན་བྱ་རྒྱུ་གཙོ་བོར་མིན་པར་གལ་ཆེ་བ་ནི་སྤྱི་ཚོགས་ལ་གདེང་འཇོག་ཡོད་པའི་བརྩམས་ཆོས་བསྐྲུན་དགོས༽(དེངས་རབས་གཞོན་སྐྱེས་རིགས་པ་སྨྲ་བ་ཁྱུང་ཕྲུག་ལགས་ཀྱི་ཚིག)ཞེས་པ་བཞིན།ད་ནི་ཁོ་བོས་ཀྱང་རྒྱུ་འབྲས་ཀྱི་སྨྱུ་གུ་འདི་བཙན་ཚུགས་ཀྱིས་བསྐོར་ཏེ་གངས་རིའི་ཕྱི་ནང་ན།   ཀྱག་ཀྱོག་གི་རི་ལུང་ན། ཡངས་པའི་ཐང་ཆེན་ན། རྫུབ་དྲགས་པའི་གྲོང་ཁྱེར་ན།   ལྐོག་གྱུར་དང་གཡོ་སྒྱུ།  རྗེས་ལུས་དང་མུན་ནག རུལ་སུངས་དང་མགོ་སྐོར། ཡོད་ཚད་ཀྱི་ཡོད་ཚད་སྔོག་འདོན་དང་བརྩོན་ལེན་བྱེད་ པར་སྟ་གོན་རྩོམ་བཞིན་མཆིས་ལགས།  
འདི་ནི་དུས་རབས་ཉེར་གཅིག་གི་སྒལ་ཚིགས་བར་ན་འགྲེང་བའི་ན་གཞོན་ཞིག་གི་བསམ་བློའི་སྤོབས་པ་ཡིན།
འདི་ནི་དཔྱོད་ཤེས་དང་བདེན་ལུགས་ལ་མགོ་བོ་སྒུར་བའི་ན་གཞོན་ཞིག་གི་བསམ་བློའི་རྩིས་ཐང་ཡིན།
འདི་ནི་བྱིས་པ་ཁྲི་སྟོང་གི་ལས་བསྐལ་ལ་མནོ་བསམ་གཏོང་བཞིན་པའི་དགེ་རྒན་ཞིག་གི་བདེན་གཏམའང་ཡིན།
འདི་ནི་ཤེས་རིག་ལ་དགའ་ཞིང་དད་པའི་མི་རིགས་ཤིག་གི་ཤེས་རིག་འཚོལ་རྟོག་གི་སྙིང་སྟོབས་ལ་བརྩི་མཐོང་
བྱེད་པའི་ན་གཞོན་ཞིག་གི་འབོད་སྒྲ་ཡིན།
དགེ་རྒན དུངས་ཞེན་དང་བྱམས་བརྩེ་མེད་པའི་སྡེ།
 
༼གཙང་མཁས་གཞན་ལ་ཕན་པར་འདོད༽(《ས་པཎ་མཁས་འཇུག》ལས)ཞེས་   གསུངས་པ་བཞིན་དགེ་རྒན་གྱིས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ངན་པ་དག་སྤངས་ནས་ཀུན་སྤྱོད་གཙང་མ་
ཞིག་དགོས་པ་དང༌། རིག་གནས་ཀྱི་མཐོང་ཐོས་ཟབ་ཅིང་སློབ་མར་བསླབ་བྱའི་ཡོན་ཏན་དེ་ལེགས་པར་ཤེས་པ་ དང༌། སྨྲ་བར་མཁས་པ། གཞན་ཕན་གྱི་ལྷག་བསམ་དེ་གཙོ་བོ་བཟུང་ནས་རང་གི་ཤེས་ཡོན་དེ་སློབ་མའི་རང་ རྒྱུད་དུ་བཞག་ནས༼བ་གླང་མི་ཁྱུ་མི་མཉམ་མཉམ༽(རྗེ་པོ་ཏོ་བས་གསུངས)དུ་འཇུག་རྒྱུ་ནི་དགེ་རྒན་གྱི་ཆེས་མཐོ་བའི་འོས་འགན་ཉག་ཅིག་ཡིན་ནོ།།
༢༠༠༧ལོར། ལོ་དགུའི་འགན་བབས་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་ནང་དུ་ཞུགས་མྱོང་བའི་ སློབ་མ་ཞིག་གིས་ང་ལ་འདི་ལྟར་བཤད་བྱུང༌།“དགེ་རྒན་ལགས།ངས་ད་ལྟ་རིག་གནས་སྦྱོང་འདོད་ཀྱི་འདུན་པ་ཤུགས་དྲག་ཆེ་ནའང༌། གཅིག་ནས་ལོ་ན་ཆེ་བ་དང༌། གཉིས་ནས་ཁྱིམ་ནང་མནའ་མ་བསུས་ཡོད་པས་ཐབས་ དང་ཤེས་རབས་མི་འདུག”ཟེར།སྐབས་དེར་ངས་ཁོང་ལ“ཁྱོད་སློབ་ཆུང་ནང་དུ་འགྲོ་མ་མྱོང་ངམ”ཞེས་དྲིས་ཚེ། ཁོའི་གདོང་ལ་སྐྱོ་སྣང་དང་འགྱོད་གདུང༌།ཡིད་ཆད་ཀྱི་ཉམས་ཤིག་མངོན་ནས“སློབ་ཆུང་ནང་དུ་སོང་ནའང༌། དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ཚོར་ཡི་གེ་མི་སློབས་པར། ནམ་རྒྱུན་ཤོ་རྒྱག་རྒྱན་འཇོག་ལ་འཁྲེང་ནས་མ་ཁོམ་ པར་འདུགམཚམས་རེར་སློབ་མ་ཚོར་ལས་བྱ་རེར་སྤྲད་རྗེས་གཞུང་ལས་ཁང་དུ་གང་ཞིག་ལ་གྲོས་སྡུར་བྱེད་པ་ ལྟར་རྩེད་མཚར་དང་དགོད་སྒྲའི་ཀློང་ནས་ཉི་མ་འཁྱོལ་ཐབས་བྱེད་ངེས་ཡིན”ཟེར། སྐབས་དེར། ངའི་སེམས་ལ་ཅི་ཞིག་གིས་བསྣུན་པ་ལྟར་གྱུར་ཏེ་སྐད་ཆའང་མི་ཐོན་པར་གྱུར་རོ།།(རྒྱུ་མཚན་ནི་ཁོ་བོ་ཡང་དེ་དག་གི་གྲས་སུ་མི་གཏོགས་པའི་ངེས་པ་བྲལ་ལོ)
དགེ་རྒན་ལགས། ཁྱེད་ཀྱིས་སེམས་ལ་ཅི་ཞིག་དྲན་གྱིན་ཡོད་དམ། མི་རིགས་ཤིག་ལ་ཆེས་མེད་དུ་མི་རུང་བ་ ནི་དགེ་རྒན་ཡིན་ལ། དགེ་རྒན་གཅིག་གི་ཡོན་ཏན་གྱིས་མི་རིགས་ཤིག་གི་མདུན་ལམ་ལ་གསེར་མདོག་གི་ འོད་སྣང་འཕྲོས་སུ་འཇུག་བཞིན་ཡོད་པས།༼དམིགས་གསལ་ཅན་གྱི་ཤེས་ལྡན་པ་སྐྱེད་སྲིང་དང་སྐུལ་སློང་བྱེད་ཐུབ་ན། དེ་ནི་དགེ་རྒན་གྱི་ཆེས་ཁྱད་དུ་འཕགས་པའི་ནུས་པ་ཡིན༽མོད།(ཨེ་དབྱིན་སི་ཐན་གྱིས)  འོན་ཀྱང༼ཡག་པ་ལས་བཙོག་པ་མང་པ་དང༌།བཟང་བ་ལས་ངན་པ་མང་བ(སྙན་ངག་པ་ཁྲི་སེམས་དཔའི་ཚིག)དུས་རབས་འདིའི་ནང་དུ། བདེན་ལུགས་རྒྱབ་ཏུ་བསྐྱུར་བའི་དགེ་རྒན་གང་མང་ཞིག་གིས་བྱིས་པ་ཚོར་རིག་ གནས་ཡོན་ཏན་མི་སློབ་པར། ནམ་རྒྱུན་ཤོ་རྒྱག་རྒྱན་འཇོག་གི་སྒྲོག་ཙེ་མཐའ་ན་ཉི་མ་འཁྱོལ་ཐབས་བྱེད་ བཞིན་འདུག (འདིར་གཙོ་བོར་ཞིང་གྲོང་གི་དགེ་རྒན་རྣམས་ལ་བརྗོད་པ་ཡིན། ཞིང་གྲོང་གི་དགེ་རྒན་ རྣམས་བག་ཕེབས་དང་ལྷོད་གཡེང་ལ་འཁྲེང་བས་གྲོང་ཁྱེར་གྱི་དགེ་རྒན་ལེ་ལོ་ཅན་སྐོར་ཞིག་གི་སེམས་པ་རིམ་བཞིན་ཞིང་གྲོང་ལ་ཕྱོགས་སོང༌།འདི་ནི་རྫུས་མའི་བསླད་པའི་སྐད་ཆ་ཞིག་མ་ཡིན་པར་ཁ་སང་དེ་རིང་གི་འཚོ་
བའི་དོན་དངོས་ཀྱིས་ར་སྤྲོད་བྱས་པའི་བདེན་ལུགས་ཤིག་མ་ཡིན་ནམ།ངའི་དགེ་གྲོགས་སྐོར་ཞིག་ཀྱང་ཞིང་གྲོང་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། ཁོ་ཚོས་རྒྱུན་དུ་ང་ལ༼ཞིང་གྲོང་གི་དགེ་རྒན་རྣམས་ལ་འགན་འཁྲི་ ཟེར་བ་ཞིག་མི་འདུག༽ཟེར། སྐད་ཆ་འདིས་ཅི་ཞིག་བརྗོད་བཞིན་ཡོད། སྐད་ཆ་འདིས་གནས་ལུགས་ཅི་ཞིག་ འཆད་བཞིན་ཡོད། ངོ་མ་ཡིད་སྐྱོ་ཞིང་ཞེ་མེར་བའི་སྐད་ཆ་འདི་དག་ནམ་རྒྱུན་ཁོ་བོའི་ཐོས་འཛིན་གྱི་བུ་གར་ བརྒྱུད་པའི་དུས་ཚོད་སྐད་ཅིག་མ་རེར་ཡ་ཆུང་གངས་དཀར་གྱི་ངོས་ལ་ཁབ་ཀྱིས་བསྣུན་པ་ལྟར་གྱུར་ཏེ་དབུགས་ཐོན་པར་དཀའ་བ་ཐེངས་གཅིག་མིན་ནོ།། ལྟོས་དང༌། ལོ་རེར་སློབ་ཆུང་གི་འཚོ་བ་རྫོགས་ཚིག་བཀོད་དེ་དམའ་ འབྲིང་གི་སྒོ་ཐེམ་འགྲིམས་བཞིན་པའི་སློབ་ཕྲུག་རྣམས་ཀྱི་རིག་གནས་ཆུ་ཚད་ལ་ཅིག་ལྟོས་དང༌། ཚང་མས་ཤེས་ གསལ་རེད།  གནད་དོན་འདི་དག་གི་འབྱུང་གཞི་ནི་གཞན་མིན་པར་གཙོ་བོར་དགེ་རྒན་ལ་རག་ལས་ཤིང༌།   དགེ་རྒན་རྣམས་ལ་དུངས་ཞེན་དང་བྱམས་བརྩེ་མེད་རྐྱེན་སློབ་མ་རྣམས་ཀྱི་ཐོག་ལའང་དུངས་ཞེན་དང་བྱམས་བརྩེ་མེད་སོང་བ་རེད། དེ་བས་ནམ་རྒྱུན་ཇ་ཁང་ཆང་ཁང་ནས་ལ་རྒྱ་གླེང་རྒྱུ་གོམས་པའི་ང་ཚོས་ལ་རྒྱ་བརྗོད་ ནས་རེ་བཞག་ཅི་ཞིག་འགྲུབ་སོང༌། ཁུ་ཚུར་སྔོན་ལ་བསྒྲེང་ནས་གནད་དོན་ཅི་ཞིག་ཐག་གཅོད་བྱེད་ཐུབ་སོང༌།   ༼ལ་རྒྱ༽ཞེས་པ་ནི་ཁ་ནས་བརྗོད་རྒྱུ་ཞིག་མིན་པར་༼རུས་པའི་གཏིང་ལ་ཟུག་དགོས་པ་དང་རྩྭའི་སྦུབས་ལམ་ ནས་བར་མེད་དུ་རྒྱུ་དགོས་པ་ཞིག་ཡིན་པར་འདོད།(ན་གཞོན་དཔྱད་བརྗོད་པ་མེ་ལྕེའི་ཚིག)  ང་ཚོར་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། རང་ཉིད་ཀྱི་སྣོད་ཀྱི་ནང་དུ་ཡོད་པའི་རིག་གནས་ཤེས་བྱ་དེར་ བྱམས་བརྩེ་དང་དུངས་ཞེན་གྱིས་ངང་ནས་བུམ་པ་གང་བྱོའི་ཚུལ་དུ་སློབ་མ་རྣམས་ལ་ཤེས་སུ་བཅུག་སྟེ་སློབ་མ་རྣམས་ཀྱི་མ་འོངས་པའི་བགྲོད་ལམ་ཇེ་གསལ་ཇེ་ཡངས་སུ་གཏོང་ཐུབ་ཚེ།     དེ་ནི་དགེ་རྒན་གྱི་ཆེས་མཐོ་བའི་འགན་འཁྲི་འགྲུབ་པའི་རྟགས་མཚན་ཞིག་ཏུ་འཁུམས་སོ།། དེ་ལྟར་མ་ཡིན་ པར་དགེ་རྒན་རྣམས་ཀྱིས་མགོ་གཡོག་མགོ་སྐོར་དང་རུལ་སུངས་ཀྱི་ལམ་ལུགས་འོག་ནས། སློབ་མ་རྣམས་ལ་ གཡོ་སྒྱུ་དང་ཚུལ་འཆོས་ཀྱི་རྣམ་ཐར་བསྐྱངས་ནས་ལོ་མང་འགོར་ཚེ། ང་ཚོའི་མ་འོངས་པའི་གཞོན་ནུའི་དུས་ སྐབས་ནི་མུན་ནག་དང་ཀླ་ཀློའི་དུས་སྐབས་སུ་མི་འགྱུར་བའི་ངེས་པ་ག་ལ་མེད་དོ།།  
 
ངས་ཁྱེད་ལ་ཞུ་བའི་སྐད་ཆ་དྭངས་མོ།
 
ཤ་དང་རུས་པ་གཅིག་པའི་གངས་རིའི་ལྗོངས་ཀྱི་དགེ་རྒན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་འཁོར་དུ་ཡོད་པའི་
མིག་ཟུང་བཙུམ་མ་ཐུབ་པའི་སློབ་ཕྲུག་དག་བརྩེ་སེམས་དང་དུངས་ཞེན་ཡོད་པའི་སྒོ་ནས་གཞོན་ནུ་རྣམས་ཀྱི་མ་འོངས་པའི་མདུན་ལམ་ལ་འོད་སྣང་དང་རེ་བས་ཁེངས་ཕྱིར། རིག་གནས་གསར་བའི་མ་ལག་ཤིག་སྦྱིན་རྒྱུ་ནི་ ན་གཞོན་ཞིག་གི་སྙིང་དབུས་ནས་འཕྱུར་བའི་དུས་རབས་ཉེར་གཅིག་གི་འབོད་སྒྲ་གསར་བ་ཡིན་ནོ།།
 
དགེ་རྒནརིག་གནས་ཀྱི་ནང་སྙིང་སྟོང་བའི་སྡེ།
 
 
དཔེ་ཆ་མི་ཀློག་པའི་མི་དེ་ནི་སྙིང་སྟོབས་ཀྱི་སྟེང་ནས་ཆ་མི་ཚང་བའི་མི་ཞིག་ཡིན་ཞེས་པ་ལྟར༼ཡོན་ཏན་མེད་
པའི་ཁ་ཉིད་ནི།།ས་ཡི་བུ་ག་དག་དང་མཚུང(ས་པཎ་གྱི་གསུངས)པ་རེད།     ལྷག་པར་དུ་དགེ་རྒན་གྱི་ལས་ཀ་གཉེར་མཁན་ཞིག་ཡིན་ན། རང་ཉིད་གསོ་སྦྱོང་བྱ་རྒྱུ་ནི་གལ་ཆེན་ནང་གི་ འགངས་ཆེན་རེད།  ཁྱེད་རང་ཉིད་ལ་ཆུ་ཐོམ་བུ་གང་ལས་མེད་ན་སློབ་མ་ཚོའི་ཟོ་བའི་ནང་དུ་ཅི་ཞིག་ལྡུག     ཁྱེད་ལ་ཀུན་སྤྱོད་ལེགས་པོ་ཞིག་མེད་ན་སློབ་མ་ཚོར་ཅི་ལྟར་ལམ་ལ་འཇུག ང་ཚོའི་དེངས་རབས་གཞོན་སྐྱེས་ འདི་དག་དཔེ་ཆ་མི་དགའ་བར་མ་ཟད།བསམ་བློ་གཏོང་བར་ཚེགས་པ་བྱེད་པ་རེད།དུས་རྒྱུན་ཇ་ཁང་ཆང་ཁང་འགྲིམས་པ་དང་ཤོ་རྒྱག་རྒྱན་འཇོག་གིས་ཉིན་མཚན་ཕུད་བཞིན་འདུག འདི་དང་འདི་འདྲ་བའི་སློབ་གསོ་བ་ དག་གིས་སློབ་མ་ཚོར་ཅི་ཞིག་གིས་ལམ་སྟོན་གྱིན་ཡོད་དམ། འདི་ཚོས་སློབ་ཁང་ནང་ན་ཅི་ཞིག་འཆད་བཞིན་ ཡོད་དམ། ང་ངོ་མ་རློམ་མི་ཕོད། ང་ཚོས་དཔེ་ཆ་མ་ཀློག་པས་དུས་རབས་ཀྱི་གོམ་མཚམས་གང་ལ་ལོན་ཡོད་པ་ མ་ཤེས་ལ།    ང་ཚོས་ལོ་རྒྱུས་མ་ཤེས་པས་རླབས་ཆེན་གྱི་སྐྱེས་བུ་མང་པོ༼ལྷ༽རུ་བཀུར་བ་རེད། ཁྱོད་ཀྱི་དགེ་རྒན་གྱི་ཆེད་ལས་འདི་གདམས་པ་ནས་ཁྱོད་ལ་ཡིད་ཆེས་བློས་གཏོང་ཕོད་པའི་དཔའ་སྤོབས་ཤིག་ ངེས་པར་ཡོད་དགོས།དེ་ལྟར་བྱས་ན་ང་ཚོས་ཀྱང་རྒྱལ་ཁ་ལོན་ཐུབ་ནི་རེད།(གོང་གི་ཚིག་འདི་ནི་དྲ་ངོས་ནས་རྫས་ལུང་ཚེ་དར་ཟེར་བའི་ཟིན་བྲིས་ལས་བཤུས)
༼དགེ་རྒན་ཡོན་ཏན་ཅན་ལ་སློབ་མ་ཡོན་ཏན་ཅན་འབྱུང༽(མཁས་པས་གསུངས་རྒྱུན)ཞེས་པ་ལྟར།   སློབ་མ་ཞིག་གི་རིག་གནས་ཆུ་ཚད་གོང་འཕེལ་འགྲོ་མིན་གྱི་ཚད་གཞི་ཉག་གཅིག་ནི་དགེ་རྒན་ལ་རིག་གནས་
ཆུ་ཚད་ལྡན་པའི་རྨང་གཞིའི་སྟེང་སློབ་ཚན་ཁྲིད་སྟངས་སོགས་ལ་རག་ལས་ཡོད་པ་རེད།    སྤྱིར་བཏང་གི་   དམའ་རིམ་དང་མཐོ་འབྲིང་གི་དགེ་རྒན་དག་ནི་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ནས་འཚར་ལོངས་བྱུང་བའི་སློབ་ ཆེན་པ་ཏག་ཏག་ཡིན་པས། སློབ་ཆེན་པ་ནི་བཤད་ཕོད་པ་དང༌། སྒྲུབ་ཕོད་པ། རིག་གནས་ཀྱི་ཆུ་ཚད་ངེས་ཅན་ ཡོད་པའི་རྨང་གཞིའི་སྟེང་བསམ་བློ་གསར་བ་དང༌། ལྟ་བ་གསར་བ། འཚོལ་དཔྱོད་ཀྱི་བློ་རྣོ་བ།རྟོག་གཞིག་གི་ འདུ་ཤེས་ཟབ་པ་བཅས་ཀྱི་ཁྱད་ཆོས་ཡོངས་སུ་ལྡན་ན་ད་གཟོད་སློབ་ཆེན་པ་ཞེས་པའི་གཟི་བརྗིད་ཅན་གྱི་ མཚན་སྙན་སྤྲད་ངེས་ཡིན།དེ་ལྟར་མིན་པར་སློབ་ཆེན་པ་ཡིན་ཡང་རིག་གནས་ཀྱི་ནང་སྙིང་སྟོང་བ་ཡིན་ན་སྤྱི་ ཚོགས་ཀྱིས་དང་ལེན་བྱེད་པར་དཀའ་ལ། ལྷག་པར་དུ་རིག་གནས་ཀྱི་ཟེའུ་འབྲུ་ལེན་མཁན་གྱི་ལས་དང་བོ་བ་ ཚོའི་དེ་བས་ཀྱང་དང་ལེན་བྱེད་པར་དཀའ། དཔྱད་རྩོམ་ཞིག་འབྲི་རྒྱུ་ལྟ་ཅི། བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་མ་ ནོར་བའི་ཉིན་ཐོ་ཞིག་ཀྱང་འབྲི་དཀའ་ཚོད་གདའ་བའི་དེང་རབས་སློབ་ཆེན་པ་མང་པོ་ཞིག་གིས་སློབ་མ་ཚོར་ སློབ་ཁྲིད་བརྒྱུད་རིམ་ཚང་བ་ཞིག་ཁྲིད་རྒྱུ་དཀའ་བའི་གནས་སུ་འདུག་ལ།སློབ་མ་ཞིག་གིས་དོགས་སློང་གི་བརྒྱུད་རིམ་ཁྲོད་ནས་འདྲི་ཚིག་ཅིག་འཕེན་ཚེ༼མི་ཤེས༽ཞེས་པའི་ཐ་སྙད་ལྗགས་དང་སོ་བར་ནས་གང་བྱུང་དུ་བརྡོལ།  འགའ་ཤས་ཀྱི་མི་ཤེས་ཟེར་རྒྱུ་ངོ་ཚ་བསམ་ནས་འགྲེལ་བ་ཡང་འགྲེལ་གང་བྱུང་དུ་སྨྲ། དེའི་ཚེ་སློབ་མ་ཚོས་ཀྱང་ གདོང་ལ་སྐྱོ་སྣང་དང་ཡིད་ཆད་ཀྱི་ཉམས་ཤིག་མངོན་འདུག་པ་ལས་ཅི།
ཉེ་ལམ་མཐོ་རིམ་སློབ་གྲྭ་ག་གེ་མོ་ཞིག་ལ་བོད་ཡིག་དགེ་རྒན་མཁོ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་
༢༠༠༨ལོར་སློབ་གྲྭ་ཆེན་མོ་ག་གེ་མོ་ཞིག་ནས་མཐར་ཕྱིན་པའི་སློབ་མ་འགའ་ལ་ཡིག་རྒྱུགས་སྤྲད་པས།   སློབ་མ་རྣམས་ཀྱི་སྐར་འབྲས་ནི་མཐོ་བ་ཅན་ནི་དྲུག་ཅུ་དང༌།    ཆེས་དམའ་བ་ཅན་ནི་ཉི་ཤུ་རེད།      མཐའ་མར་བོད་ཡིག་དགེ་རྒན་འདང་གིན་མེད་པའི་རྐྱེན་དེར་དམིགས་ནས་སྐར་གྲངས་མཐོ་བ་ཅན་དེར་ལེན་དགོས་བྱུང་སོང་ཟེར། ང་ཚོས་རང་ཉིད་ཀྱི་ལག་ཟུང་སྙིང་གི་དཀྱིལ་ལ་སྦྱར་ནས་བསམ་གཞིག་ཤིག་ཐོངས་དང༌།   ཆེད་ལས་བོད་ཡིག་ཡིན་པའི་བོད་ཀྱི་སློབ་ཆེན་པ་འདི་དག་གིས་ལོ་ངོ་བཞི་ལྔ་ལ་རིག་གནས་མ་སྦྱངས་པས་དེ་ རིང་གི་ཡ་ང་བའི་མཇུག་འབྲས་འདི་བྱུང་བ་རེད། ཡོན་ཏན་གྱིས་སྟོངས་པའི་སློབ་ཆེན་པ་འདི་དག་གིས་སློབ་ ཕྲུག་ཁྲི་སྟོང་གི་སྣོད་ཀྱི་ནང་དུ་ཤེས་བྱ་གསར་བ་ཅི་ཞིག་སྦྱིན་ཐུབ་བམ། སྐབས་འདིར་བདག་གིས་རྒྱ་ནག་གི་ བསམ་བློ་བ་སྐུ་ཞབས་ལུའུ་ཞུན་གྱིས་བསྒྲགས་པའི་ཁ་གཡང་སྟེ༼བྱིས་པ་སྐྱོབ་རོགས༽ཞེས་པའི་འབོད་སྐུལ་དེར་དྲན་བྱུང་བ་དང་ངག་ནས་རང་དབང་མེད་པར༼དགེ་རྒན་སྐྱོབ་རོགས༽ཞེས་པའི་འབོད་བརྡ་ཤིག་ཀྱང་ཤོར་ སོང་ངོ་།།
 
ངས་ཁྱེད་ལ་ཕུལ་བའི་རེ་བ་དྲོན་མོ།
 
དེ་བས་དེངས་རབས་ཀྱི་དགེ་རྒན་རྣམས་ཀྱིས་དུས་རྒྱུན་དུ་སྟོང་གཏམ་དང་ཉོག་བཤད་མང་པའི་འདུ་འཛིས་
ཁྲོམ་ར་འགྲིམས་རྒྱུ་ཇེ་ཉུང་དུ་བཏང་ནས། དུས་ཚོད་མང་པོ་ཞིག་བཀོལ་སྤྱོད་བྱས་ཏེ་དཔེ་ཆ་མང་པོ་ཞིག་ བཀླགས་ཏེ་རང་ཉིད་ཀྱི་ཆེད་ལས་ཀྱི་ནུས་རྩལ་ཇེ་མཐོར་གཏོང་དགོས་ལ། ཇེ་མཐོར་བཏང་རྗེས་སྙིང་རྗེ་བའི་ སློབ་ཕྲུག་འདི་ཚོར་ཤེས་བྱའི་སྦྲང་རྩི་གསར་བ་ཞིག་སྦྱིན་པར་གྲ་སྒྲིག་བྱེད་དགོས།    དགེ་རྒན་ལགས།  དེ་ལྟར་མ་ཡིན་པར། འདི་ལྟར་མི་རབས་ནས་མི་རབས་དབར་བརྒྱུད་ཚེ། གངས་ལྗོངས་ཀྱི་གཞོན་ནུ་རྣམས་ཀྱི་ ཤེས་རིག་གི་ཆུ་ཚད་ཇེ་ཞན་དུ་གྱུར་ཏེ༌།དུས་ནམ་ཞིག་ལ་ཐུ་བྷོད་ཞེས་འཛམ་གླིང་སུམ་གཉིས་དཀྱིལ་འཁོར་བཟུང་བའི་མི་རིགས་ཤིག་ས་སྒང་ཟླུམ་པོ་འདིའི་སྟེང་དུ་བྱེ་མའི་འཆིང་བུ་བཞིན་མེད་པར་འགྱུར་ འགྲོ་ངེས་རེད་དོ།།         མུ་འགོད།
·རྩོམ་ཡིག་གོང་མ:གཞས་ཚིག ཡར་ཀླུང་གི་ནས་འབྲུ།
·རྩོམ་ཡིག་འོག་མ:འཁྱོག་གཟུགས་དང་རུལ་སུངས་ཀྱི་རྩ་དོན། ༢
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
·བླ་རུང་ནས་གྲྭ་གཞོན་བསྐྲད་པ་མ་རེད་བརྒྱུད་ཚོང་བསྐྲད་པ་རེད། 2011/5/30 23:27:04
·ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར། 2011/5/8 20:47:21
·རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོཊ་པའི་སྨྲེ་སྔཊ།༢ 2011/5/4 13:01:20
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 14:24:25 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:31:28 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:01:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS