ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཁམས་པ་མཁྲེགས་པོ་ཞིག་གི་རང་གཤིས་གདའ།

རྩོམ་པ་པོ:རླངས་ཚངས་བུ།ཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1667ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/12/16 21:29:27ཚོགས་ཡར་སྤྲོད:ངེད།

ཁམས་པ་མཁྲེགས་པོ་ཞིག་གི་རང་གཤིས་གདའ།

ཁམས་པའི་བོད་སྐད་བརྙན་འཕྲིན་འདིར་ཁམས་པ་མཁྲེགས་པོ་ཞིག་གི་རང་གཤིས་གདའ།
ཟླ་སྔོན་མ་ནས་ཁམས་པའི་བརྙན་འཕྲིན་ཞེས་པའི་བོད་སྐད་ཀྱི་ལེ་ཚན་གསར་བ་ཞིག་བོད་རིགས་སྤུན་ཟླ་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་དེས། བོད་པའི་འཚོ་བ་ལ་རོ་བཅུད་གསར་བ་ཞིག་སྤྲད་པ་དང་གཉིས་སུ་མི་འདུག ལྷག་པར་དུ་ཁོ་བོས་ད་ལྟ་བོད་ས་གང་སར་བག་ཆགས་ཟབ་ཅིང་ལས་ཁྱབ་ཆེ་ལ་རུས་པ་སྙིང་བཅུག་པའི་མཚོ་སྔོན་བོད་སྐད་བརྙན་འཕྲིན་དང་། ང་དགའ་སྤྲེལ་ལད་ལ་བྱང་བའི་བོད་ལྗོངས་བརྙན་འཕྲིན་ཁང་གཉིས་ཀྱིས་ཀྱང་བརྙན་འཕྲིན་ཟློས་གར་སོགས་ཀྱི་གཤམ་དུ་བོད་ཡིག་དག་མ་རེ་ཤར་ཚེ་བོད་རིགས་གཞོན་སྐྱེས་དག་གི་བོད་ཡིག་གི་ཆུ་ཚད་ལ་ཕན་ངེས་ཅན་ཞིག་ཐོག་ངེས་རེད་བསམ་པ་ནི་སེམས་ནས་རྒྱུན་དུ་བསྣོག་པའི་ལས་དོན་ཞིག་ཏུ་གྱུར་ཡོད།
བརྙན་འཕྲིན་ཁང་དེ་གཉིས་ཀྱིས་བརྙན་འཕྲིན་ཟློས་གར་དག་དང་ལྷག་པར་མགུལ་རིས་བརྙན་འཕྲིན་དག་གི་གཤམ་གྱི་རྒྱ་ཡིག་དག་བོད་ཡིག་ཏུ་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་བཞིན་ཡོད་ན་ཡང་། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དུ་ཤེས་འཇོན་གཉིས་ལྡན་གྱི་མི་བུ་མང་དག་ཅིག་ཡོད་པ་དག་གིས་དེའི་སྐོར་ལ་བསམ་བློ་བཏང་དང་གཏོང་བཞིན་ཡོད་ངེས་ན་ཡང་། དཀའ་ངལ་མང་པོ་ཞིག་གི་གདོང་གཏུགས་བར་ན་ཐར་མ་ཐུབ་པར་ལུས་ཡོད་ངེས་སྙམ་ནས་བསམ་འཆར་ཞུ་མ་ཕོད་པར་ལུས། བོད་ལྗོངས་བརྙན་འཕྲིན་ཁང་ལ་ནི་སྐད་ཆ་ཚིག་རེ་བཤད་དུས་ཀྱང་གསེར་མ་ཡིན་པའི་གསེར་གྱི་ཕོར་བར་འདང་རྒྱག་ཅིང་། མཐུག་པོ་མིན་ཡང་མཐུག་པོར་འདོད་པའི་རྒྱབ་ལྗོངས་ཤིག་ལ་བསམ་བློ་གཏོང་རྒྱུ་གོམས་ཡོད་པས་བསམ་ཚུལ་འབུལ་འདོད་ཀྱང་འབུལ་ས་མེད་པ་སྔ་ས་ནས་ཤེས་ཡོད།
ད་ལྟ་ཚོད་གཏོང་བྱེད་བཞིན་པའི་ཁམས་པའི་བརྙན་འཕྲིན་འདིར་མཚོན་ནས་བཤད་ན་མགོ་བརྩམས་མ་ཐག་པའི་ལས་གཞི་འདིར་ཨ་གསར་བྱེད་བཞིན་པའི་ཚོར་སྣང་ཙམ་ཡོད་ན་ཡང་། བརྙན་འཕྲིན་ཟློས་གར་འགའ་ཞིག་གི་གཤམ་དུ་སྐད་ཆ་རེ་རེ་བཞིན་གྱི་ནང་དོན་བོད་ཡིག་གིས་ཤར་བཞིན་པ་ནི་བརྙན་འཕྲིན་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་རེད་མོད། འོན་ཀྱང་། ཕལ་སྐད་ལ་ཞེན་པ་ཆེ་དྲག་པ་དེས་བོད་པ་ཚང་གི་ཤེས་ཡོན་པ་དག་གིས་སེམས་ཁྲལ་བྱེད་ཡུལ་གཙོ་གྲས་སྤྱི་སྐད་ལ་གཞོགས་འདེགས་ཅི་ཡང་བྱེད་ཐུབ་ཀྱི་མེད་པའི་སྣང་བ་ཞིག་ངང་གིས་སྟེར་གྱི་འདུག་ལ། དབུས་པ་དང་ཨ་མདོ་བ་དག་གིས་སྐད་ཆ་མི་གོ་ཁར་ཡི་གེར་བལྟས་ཀྱང་གོ་དཀའ་བའི་ཚོད་དུ་འདུག་པས། བོད་པའི་ཡི་གེ་འདི་བོད་ས་སྟོད་སྨད་གང་དུ་འཁྱེར་ཡང་མི་གོ་མཁན་མེད་པའི་སྤྱི་ཁྱབ་རང་བཞིན་གྱི་བཀོལ་སྤྱོད་དེར་བརྡབ་གསིག་ཆེན་པོ་གཏོང་བཞིན་པའི་ཚོར་སྣང་ཡང་སྤྲད་སོང་།
ནམ་རྒྱུན་རང་ཉིད་དང་ཉེ་ས་འདིར་ཡོད་པའི་བརྙན་འཕྲིན་དང་ཚགས་པར་སོགས་ལ་བལྟ་འདོད་ཀྱི་ཡི་ག་མེད་ཅིང་། དེ་དག་ལ་གཡེང་ནས་མགོ་རྨོངས་སུ་འཇུག་པའི་དུས་ཚོད་ཀྱང་ཆེར་མེད་ན་ཡང་། གཟའ་སྤེན་པའི་ནུབ་མོར་ནང་མིའི་ལྷན་དུ་ཟས་ལ་རོལ་རོལ་ཞོར་དུ་ཁམས་པའི་བརྙན་འཕྲིན་ལ་བལྟས་པ་ཡིན།
ངས་བརྙན་འཕྲིན་ཟློས་གར་ལ་ལྟ་བཞིན་འཁྲིས་སུ་ཡོད་པའི་ཚ་བོ་ལ་བོད་ཡིག་དག་གི་ནང་དོན་གོ་ཡི་འདུག་གམ་ཞེས་དྲིས་པ་ན། ཚ་བོས་མང་པོ་ཞིག་གོ་ཐུབ་ཀྱི་མི་འདུག་ཅེས་ཟེར། ངས་ཞིབ་ཏུ་དཔྱད་པ་བྱས་པ་ན་ཁོས་ནང་དོན་མི་གོ་བའི་ཁག་ནི། ཁྱོད་ངོ་ནོར་རེད། དུས་ཡུན་རིང་པོ་བརྗེ་འགྲོ་ན་ཡང་མི་ཤེས། ཆུ་བླུག་སར་སོང་། ཁྱོས་ཅི་རེད་ལེ་རེད། ཁྱོད་ཕྱི་ལ་འགྲོ་རོགས་ཨེ་ཉན། ཁྱོད་ཁོ་དང་འདུག་ཚར་ཨེ་ཡིན། ཁྱོད་ང་དང་འགྲོ། ང་སར་ཤོག ཡར་ལངས། ཁྱོད་རང་ང་ཨེ་གོ ཁྱོད་མགྱོགས་པ་ཚུར་ཤོག་ཟེར་བ་སོགས་རེད། ངས་བསམ་པར་ཕལ་སྐད་ཀྱིས་བཤད་རྒྱུ་འདི་ཡང་གལ་ཆེན་པོ་ཞིག་ཡིན་ན་ཡང་། འདི་དག་ཡིག་ཐོག་ཏུ་འབེབ་སྐབས་ཡིག་སྐད་དངོས་འགོད་ཐུབ་ན་བོད་པའི་སྐད་ཡིག་ལ་རམ་འདེགས་ཅི་འདྲིའི་ལེགས་པོ་ཞིག་ཞུ་ཐུབ་ཨང་སྙམ་སོང་ཡང་། ཁོ་བོས་རྒྱུན་རིང་འགྲོགས་མྱོང་བའི་ཁམས་པའི་གྲོགས་པོ་མང་པོ་ཞིག་གི་གཤིས་ཀའི་ངོས་ཐད་ནས་བཤད་ན་རང་ལྟ་མཆོག་འཛིན་གྱི་ལྟ་བ་གཅིག་མཐུན་དུ་ཡོད་སྟབས་མང་པོ་ཞིག་ནི་བཤད་ག་ལ་ཕོད།
གཤམ་དུ་རེ་བ་རེ་ཞུ་འདོད་པ་ནི།
མགུལ་རིས་བརྙན་འཕྲིན་གྱི་གཤམ་དུ་ཡི་གེ་མི་ཤར་བ་འདི་རིམ་བཞིན་ཡར་རྒྱས་གཏོང་ཐུབ་ན་འདོད།
དེང་བོད་ས་སྟོད་སྨད་གང་དུ་ཡང་བོད་རིགས་བྱིས་པ་མང་དག་ཅིག་གི་རྒྱ་ཡིག་གི་ཆུ་ཚད་བོད་ཡིག་གི་ཆུ་ཚད་ལས་ལེགས་པ་ནི་བརྙན་འཕྲིན་དང་གློག་བརྙན་དག་གི་ཤུགས་རྐྱེན་ལ་ཡང་འབྲེལ་བ་ཡོད་པར་འདོད་པ་བཞིན། ཆོལ་གསུམ་ས་ཁུལ་སོ་སོ་ན་རེ་རེ་ཡོད་པའི་བརྙན་འཕྲིན་ཁང་འདི་དག་གིས་འབད་པ་ལྷོད་མེད་ལ་བརྟེན་ནས་མཐར་བོད་རིགས་བྱིས་པ་ཚོ་བོད་ཡིག་ལ་དགའ་བའི་དུང་སྣང་ཙམ་ལ་རམ་འདེགས་བྱེད་ཐུབ་ན་ཡང་ཅི་འདྲིའི་ལེགས་པོ་ཞིག་རེད་ཨང་།
ད་ལྟ་ནི་ཁམས་པའི་བརྙན་འཕྲིན་ཁང་ནི་གོག་ནས་འགྲོ་བའི་བྱིས་པ་བཞིན་མ་འོངས་པ་ཡིད་ཆེས་དང་རེ་བའི་ཁེངས་པ་ཞིག་ཡིན་པས་ཡོད་ཚད་ཀྱིས་ཡིད་ཚིམ་པའི་སྣང་བ་སྟེར་དཀའ་ཡང་། མེད་པ་ནས་ཡོད་པར་གྱུར་བའི་བརྙན་འཕྲིན་ཁང་འདིས། བརྙན་འཕྲིན་ཁང་གཞན་གཉིས་ལས་སྙིགས་དོར་བཅུད་ལེན་གྱི་ཉམས་མྱོང་རིམ་བསགས་ཀྱིས་མ་འོངས་པ་ན་ཁོའི་གོང་ན་མེད་པའི་བརྙན་འཕྲིན་ཁང་ཞིག་ཏུ་འགྱུར་ཐུབ་ཚེ་ང་ཚོའི་བརྙན་འཕྲིན་སློབ་གསོའི་ཁོར་ཡུག་དེ་ཇེ་ལེགས་ནས་ཇེ་ལེགས་དང་བཅས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ནུས་པར་བསམ་ལ། དེ་དུས་ནི་བརྙན་འཕྲིན་ཁང་ཚང་གི་བསམ་འདུན་དང་དེ་ལ་རེ་ལྟོས་འཆའ་བཞིན་པའི་ལྟད་མོ་བ་དག་གི་རེ་བ་ཡང་ངང་གིས་འགྲུབ་སོང་བ་མ་ཡིན་ནམ།
ཁ་ནས་ཕལ་སྐད་བཤད་ན་ཁྱད་ཆོས་མངའ་ཡང་ཡི་གེར་འགོད་སྐབས་བོད་པའི་སྐད་ཡིག་གི་བརྡ་སྤྲོད་བྱིངས་ཀྱི་བཀོལ་སྤྱོད་ལ་ཅིས་ཀྱང་མཐུན་དགོས་པ།
ཕལ་སྐད་མང་པོ་ཞིག་ཡི་གེར་འགོད་ཐུབ་ཀྱང་འགོད་མི་ཐུབ་པའི་རིགས་སུ་བོད་ཡིག་ཁྲོད་མཐོང་དུ་མེད་པ་འགའ་རེ་འདུག་པ་འདི་བཟོ་བཅོས་བྱེད་དགོས་པ།
མགུལ་རིས་བརྙན་འཕྲིན་གྱི་བར་གསེང་གི་གླུ་དབྱངས་ངེས་པར་བོད་སྐད་ཡིན་དགོས་པ་ལས། རྒྱ་སྐད་ཀྱིས་གཏོང་བཞིན་པ་དང་འགྲེལ་བཤད་དག་བོད་སྐད་ཀྱིས་བསྐྱོན་བཞིན་པ་འདིར་བརྙན་འཕྲིན་ཁང་འདིར་རྒྱ་མིན་བོད་མིན་གྱི་བཟོ་ཞིག་ཤར་འདུག
དཔྱད་གཞི་མཐའ་དག་རྒྱའི་བརྙན་འཕྲིན་ལས་ལེན་པ་ལས་ཕྱི་རྒྱལ་གྱི་བརྙན་འཕྲིན་དག་ལས་ཀྱང་ལེན་ཐུབ་ཚེ་ཁྱད་ཆོས་གཞན་ཞིག་ཡོད་པར་འདོད།
མཐའ་དོན། བརྙན་འཕྲིན་ཁང་གི་འཛུགས་པའི་འཆར་གཞི་གཏོང་མཁན་གྱི་མི་བུ་སྒལ་ཚིགས་ཅན་དག་དང་ཡར་རྒྱས་ལ་བརྩོན་བཞིན་པའི་སྤུན་ཟླ་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་བརྙན་འཕྲིན་སློབ་གསོ་རྒྱལ་ལོ།
ནང་མི་ལྷན་འཛོམས་ཀྱི་དགོང་ཟས་ལ་རོལ་བཞིན་པའི་ཟུར་ཞིག་ནས་ཤར་མར་བྲིས།

·རྩོམ་ཡིག་གོང་མ:གངས་ཅན་པའི་ཁྲག་རྒྱུན་ཆེན་པོ་ལྔ།
·རྩོམ་ཡིག་འོག་མ:དུས་རབས་འདིའི་ཁུག་སོ་ནས་ཐོན་པའི་བསམ་གཞིཊ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
·བླ་རུང་ནས་གྲྭ་གཞོན་བསྐྲད་པ་མ་རེད་བརྒྱུད་ཚོང་བསྐྲད་པ་རེད། 2011/5/30 23:27:04
·ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར། 2011/5/8 20:47:21
·རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོཊ་པའི་སྨྲེ་སྔཊ།༢ 2011/5/4 13:01:20
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:38:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:03:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:02:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS