ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

བོད་བསྒྱུད་ནང་བསྟན་གྱི་ཕན་ནུས་དང་ཁྱད་ཡོན།

རྩོམ་པ་པོ:གངས་རིའི་གལིང་བུ།ཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1617ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/12/16 22:25:32ཚོགས་ཡར་སྤྲོད:ངེད།

བོད་བསྒྱུད་ནང་བསྟན་གྱི་ཕན་ནུས་དང་ཁྱད་ཡོན།

གོ་ལ་ཧྲིལ་བོ་འདིའི་སྒང་གི་འགྲོ་བ་མི་ཡོད་དོ་ཅོག་གི་ཀུན་སྤྱོད་རྩུབ་པོ་དང་འདུ་ཤེས་ངན་པ་ཚང་མའི་གཞི་རྩ་ནི་སྒེར་སེམས་དང་འདོད་རྔམ་ལ་ཐུག་ཡོད་པ་དང་། འགྲོ་བ་མིའི་སྒེར་སེམས་དང་འདོད་ཧམ་ལ་ཆོག་མ་ཤེས་བ་དང་ཚོད་མེད་པ་ལ་བརྟེན་ནས་ང་ཚོ་འགྲོ་བ་མི་རིགས་ཀྱི་སྤྱི་ཚོགས་ལ་གོད་ཆག་དང་ཉམས་རྒུད་སྣ་ཚོགས་ཤིག་བྱུང་དང་བྱུང་བཞིན་པ་རེད། འགྲོ་བ་མིའི་སྒེར་སེམས་དང་འདོད་ཧམ་འཁོན་འཛིན་གྱིས་ཀུན་ནས་བསླང་སྟེ་རྡུལ་ཕྲན་མཚོན་ཆ་ལ་སོགས་པའི་གོ་མཚོན་འདྲ་མིན་བཟོས་ཏེ་རྒྱལ་ཁབ་དང་མི་རིགས་བར་གཉའ་གནོན་དང་བཙན་འཛུལ་བྱེད་པ་དང། དམག་འཁྲུག་སོགས་ཀྱིས་རྒྱལ་ཁབ་གཅིག་གིས་གཅིག་ལ་མནར་གཅོད་དང་དམར་གསོད་ཀྱིས་ཁྲག་གི་འཁོར་ལོ་བསྐོར་བའི་གནས་ཚུལ་ནི་ཉིན་རེ་ནས་ཉིན་རེ་ཇེ་མང་དང་ཇེ་ཆེར་འགྲོ་བཞིན་པ་རེད། འདི་འདྲའི་ཡ་ང་བའི་གོད་ཆག་དང་རྙོག་འཛིང་གིས་སྤྱི་ཚོགས་བདེ་འཇགས་མིན་པ་དང་ ཁྱིམ་གཞི་མི་མཐུན་པར་བཟོ་བའི་ བསམ་སྤྱོད་ངན་པ་དང་ལུགས་སྲོལ་ངན་པ་དར་ཁྱབ་རྒྱ་ཆེར་འགྲོ་བའི་སྐབས་འདིར། ནང་བསྟན་ཆོས་ལུགས་ཀྱི་ཀུན་སྤྱོད་བཟང་བོ་དང་ལུགས་སྲོལ་ལེགས་པོ་རྣམས་ཁྱབ་སྤེལ་དང་རྒྱུན་འཛིན་བྱེད་ཐུབ་ཚེ་ཕན་ཐོགས་བླ་མེད་ཡོང་པར་ངེས། རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་དང་མི་དམངས་གང་ཡིན་ན་ཡང་འཁྲིགས་འཛིང་དང་གསོད་རེས་ཀྱིས་དམག་འཁྲིགས་བརྒྱབ་སྟེ་གཅིག་གིས་གཅིག་ལ་དབང་བསྒྱུར་བྱེད་པ་དང་མངའ་འོག་ཏུ་བསྡུས་པས་དེ་དག་ལ་ལྷིང་འཇགས་ཀྱི་བདེ་སྐྱིད་དང་རང་དབང་གི་ལོངས་སྤྱོད་ཞིག་ཐོབ་མི་སྲིད། འགྲོ་བ་མི་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་ཕུན་ཚུན་འཕྲད་པ་དང་། ལྟོས་བ། འབྲེལ་བ། བརྟེན་པ་སོགས་ཀྱི་སྒོ་ནས་གྲུབ་པ་ཡིན་གྱི་ཁེར་ཚུགས་དང་རང་སྐྱ་བར་གྲུབ་པ་ཞིག་གཏན་ནས་མེད་པ་རེད། དེ་བས་འགྲོ་བ་མི་མཚོན་པའི་སྲོག་ལྡན་ཐམས་ཅད་འདྲ་མཉམ་དང་འཆམ་མཐུན། སྙིང་རྗེ་དང་ཞི་བདེ། མཛའ་བརྩེ་དང་མཐུན་སྒྲིལ་གྱི་ངང་དུ་འཚོལ་དགོས་པའི་དངོས་ཡོད་ཀྱི་གདམས་པ་ཟབ་མོ་ཞིག་མཉམ་མེད་སྟོན་པ་མཆོག་གིས་ཡང་ཡང་གསུངས་ཡོད་པ་རེད། དུས་རབས་ཀྱི་འཕེལ་འགྱུར་དང་མཐུན་པའི་ནང་བསྟན་ཆོས་ལུགས་ཀྱི་གདམས་པ་ཟབ་མོ་འདི་ད་ལྟའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་གང་ལའང་དགོས་མཁོ་ཤུན་ཏུ་ཆེ་བས་དར་སྤེལ་དང་རྒྱུན་འཛིན་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་ཞིག་རེད། ནང་བསྟན་ཆོས་ལུགས་ནི་མིའི་བསམ་སྤྱོད་བཟང་བོ་དང་མིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་དང་ལྟ་ཚུལ་ཡང་དག་པའི་ཕྱོགས་སུ་འཁྲིད་ཏེ་སྐྱེ་འགྲོ་ཐམས་ཅད་ལ་འཕྲལ་ཕུགས་ཀྱི་བདེ་སྐྱིད་ཐོབ་པའི་ཐབས་སྟོན་པའི་གཞུང་ལུགས་ཤིག་རེད། གོད་ཆག་དང་རྙོག་འཛིང་འདི་དག་ཐམས་ཅད་མིས་བཟོས་བ་ཡིན་ལ་མི་ནི་སྤྱི་ཚོགས་འདིའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས་མིའི་གཡོ་སྒྱུ་ཁྲམ་གསུམ་དང་། བླུན་འཁྱོག་སྤྱང་གསུམ། སྣོག་རྫུན་འཕྲུལ་གསུམ་གྱི་བསམ་སྤྱོད་ལ་ལེགས་བཅོས་དང་། མིའི་རང་གཤིས་ལ་ཡོད་པའི་གཞུང་དྲང་དང་། བློ་དཀར། སྙིང་རྗེ། བག་ཡོད། ཞི་དུལ་གྱི་ཀུན་སྤྱོད་བཟང་བོ་རྣམས་མིའི་རང་གཤིས་ལ་མཐུན་སྦྱོར་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ནང་བསྟན་ཆོས་ལུགས་འདི་འཛིང་རྙོག་ཅན་གྱི་སྤྱི་ཚོགས་འདིའི་ནང་དུ་མེད་དུ་མི་རུང་བ་ཞིག་རེད། ལྷིང་འཇགས་ཀྱི་འཚོ་བ་དང་། རང་དབང་གི་ལོངས་སྤྱོད་ནི་འགྲོ་བ་མིའི་སྤྱི་ཚོགས་ཤིག་ལ་མཚོན་ན་དགའ་སྟོན་དང་འདོད་ཡུལ་གྱི་མཆོག་ཏུ་གྱུར་བ་དང་བླ་ན་མེད ་པ་ཞིག་རེད། དེ་ཡང་མིའི་བསམ་བློའི་ཀུན་སྤྱོད་བཟང་བོ་ལ་བརྟེན་ནས་བསྐྲུན་དགོས་པ་ཞིག་ཡིན་པ་ལས་ཕྱིའི་དངོས་པའི་དཔལ་ཡོན་འཐུས་ཚང་དང་ཡར་རྒྱས་གོང་འཕེལ་ཚད་མཐོར་སླེབས་ཀྱང་། དེ་གཅིག་བུའི་ཐོག་ནས་མིའི་འདོད་པ་ཆ་ཚང་བ་ཞིག་སྐོང་མི་ཐུབ་ལ་བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་དེ་ལས་ཀྱང་བསྐྲུན་མི་ནུས། ད་དུང་མིའི་སྒེར་སེམས་དང་འདོད་ཧམ། འགྲན་སེམས་དང་འཁོན་འཛིན་གྱི་སེམས་ཤུགས་ཆེ་རུ་ཕྱིན་ཏེ་ཟང་ཟིང་དང་རྙོག་འཛིང་དུ་འགྱུར་རྒྱུ་གདོན་མི་ཟ། དེའི་ཕྱིར། སྤྱི་ཚོགས་ཀྱི་མདུན་ལམ་དང་ཁ་ཕྱོགས་གཡོ་སྒྱུ་ཁྲམ་གསུམ་དང་། བླུན་འཁྱོག་སྤྱང་གསུམ། སྣོན་རྫུན་འཕྲལ་གསུལ་གྱི་ལམ་ལས་བརྒལ་ཏེ་བཟང་བོ་དང་བདེན་པ། འཆམ་མཐུན། མཛའ་བརྩེ། ཡ་རབས། ཚུལ་ལྡན། སྙིང་རྗེ། ཞི་དུལ་གྱི་ངང་ནས་བདེ་འཇགས་དང་རང་དབང་འདྲ་མཉམ་གྱི་ཕྱོགས་སུ་འཁྲིད་ཐུབ་པའི་གཞུང་ལུགས་ཤིག་ནང་བསྟན་ཆོས་ལུགས་འདི་ལས་མཆོག་ཏུ་གྱུར་བ་དང་བླ་ན་མེད་པ་ཞིག་མི་འདུག་བསམ། དེའི་ཕྱིར། འཚེ་བ་མེད་པ་དང་སྙིང་རྗེ་བདེན་པ་སོགས་བསྟན་དོན་གྱི་སྙིང་བོ་བཟུང་བའི་ནང་བསྟན་ཆོས་ལུགས་ནི་གོ་ལ་ཧྲིལ་བོ་འདིའི་དྲོད་ཁོལ་དང་འོད་མདངས་ཡིན་ལ་མཛེས་སྡུག་དང་གཟི་བརྗིད་ཀྱང་ཡིན། ནང་བསྟན་ཆོས་ལུགས་ནི་འཛམ་གླིང་གི་ལྷིང་འཇགས་དང་བདེ་སྐྱིད་ཀྱི་མིང་གཞི་ཡིན་ལ། འདྲ་མཉམ་དང་འཆམ་མཐུན། ཡ་རབས། སྤྱོད་བཟང་། མཛའ་བརྩེ། བདེན་པའི་ལམ་སྟོན་གྱི་དེད་དཔོན་ཡང་ཡིན། ནང་བསྟན་ཆོས་ལུགས་ནི་སྐྱེ་འགྲོ་ཐམས་ཅད་ཀྱི་དགའ་སྐྱོ་དང་། ཆགས་སྡང་། སྐྱིད་སྡུག དཀའ་ཚེགས། འུ་ཐུག སྡུག་བསྔལ་སོགས་ལ་དོ་སྣང་དང་སེམས་ཁུར་གདོང་ལེན་བྱེད་པའི་ཆོས་ལུགས་ཤིག་ཡིན། དེའི་ཕྱིར། ང་ཚོའི་རིག་གཞུང་འདི་གསོ་སྐྱོང་དང་དར་སྤེལ་རྒྱུན་འཛིན་གཅེས་སྤྲས་བྱེད་རྒྱུ་གལ་ཆེན་རེད།

·རྩོམ་ཡིག་གོང་མ:རྒྱུགས་བསྟུན་སློབ་གསོའི་ཕྱོགས་ལྷུང་།
·རྩོམ་ཡིག་འོག་མ:མཛའ་གཞས་ཡིད་ཀྱི་མདའ་མོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
·བླ་རུང་ནས་གྲྭ་གཞོན་བསྐྲད་པ་མ་རེད་བརྒྱུད་ཚོང་བསྐྲད་པ་རེད། 2011/5/30 23:27:04
·ཨ་མཚར་མཚར་དགུ་བཀླགས་པའི་མྱོང་ཚོར། 2011/5/8 20:47:21
·རྒྱལ་བསྟན་འཇིག་རྟེན་འདི་ནས་ཡལ་གྱིས་དོཊ་པའི་སྨྲེ་སྔཊ།༢ 2011/5/4 13:01:20
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:37:58 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:59:51 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:25:38 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS