ཆོས་ཞེས་བྱ་བ་སེམས་རྒྱུད་འཆོས་ཐབས་ཡིན།
བོད་མིའི་རིག་གནས་དྲ་བའི་བརྙན་ལམ་དུ། ནང་ཆོས་ཀྱི་དགོས་མཁོ་དང་། བོད་མིའི་སྤྱི་ཚོགས་ཀྱི་བར་སྟོང་ཞེས་པའི་འཆད་ཁྲིད་ནང་། དེ་སྔོན་ང་ཚོ་བོད་ཀྱི་ཆོས་བྱེད་ལུགས་དང་། ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སོགས་ཀྱི་ཐད་ལ་མ་འདངས་ས་དང་འཐུས་ཤོར་མང་པོ་བྱུང་ཡོད་ཅིང་། དེས་རྐྱེན་པས་བོད་ཀྱི་དམངས་ཁྲོད་ཀྱི་ཆོས་བྱེད་ལུགས་བྱེད་སྟངས་ཐད་རྨོངས་དད་ཀྱི་ཆའང་མང་པོ་ཞིག་འདྲེས་བསྡད་ཡོད་པ་དེ་དག་རིམ་བཞིན་ཡོ་བསྲང་བྱེད་དེ། མ་འོངས་པར་མཐོ་དམན་བར་གསུམ་ཚང་མས་ཆོས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་ཁག་སློབ་སྦྱོང་ཡག་པོ་བྱས་ཏེ། མང་ཚོགས་ཁྲོད་ཆོས་ཀྱི་གོ་རྟོགས་ཇེ་མཐོར་སྤེལ་ཐབས་བྱ་དགོས་ཚུལ་སོགས་རང་རིགས་དང་བསྟན་པ་ལ་ལྷག་བསམ་ཤ་ཚའི་ཀུན་ནས་བསླངས་པའི་གཏམ་བརྗོད་མང་པོ་་ཞིག་གསུངས་འདུག་པས། ལྷན་རྒྱས་ནས་གསན་གཟིགས་གནང་སྟེ་རང་ངོས་ནས་བསམ་གཞིགས་ཞིབ་ཕྲ་གནང་སྟེ་བླང་དོར་མ་ནོར་བར་མཛད་རྒྱུར་དགའ་བསུ་ཞུ།
དེང་སང་གི་དུས་ཚོད་འདི་ལྟ་བུར་མཁས་གྲུབ་འགའ་ཞིག་རི་ཁུག་ཏུ་འགྱིང་བསྡད་པས་ཕན་ཐོགས་མེད། གདམས་ངག་གླེང་མོའི་ཚུལ་དུ་བྱས་ཏེ། བསྟན་པ་མང་ཚོགས་ཀྱིས་འཛིན་དགོས།
— བླ་མ་བདག་ཉིད་ཆེན་པོས།
ཕུ་ལ་མཆོད་རྟེན་བཞེངས་པ་ལས། མདའ་ལ་སྡེ་གཉིས་འདུམ་པ་དགའ།
— བོད་ཀྱི་གཏམ་དཔེ།