ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

འདི་ཡང་རིག་གསར་གྱི་འགུལ་སྐྱོད་རིགས་ཤིག་ཡིན་ནམ།

རྩོམ་པ་པོ:སྨན་བླ་སྐྱབས།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:2366ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/3/21 11:16:28ཚོགས་ཡར་སྤྲོད:admin
འདི་ཡང"རིག་གསར"གྱི"འགུལ་སྐྱོད"རིགས་ཤིག་ཡིན་ནམ།

སྨན་བླ་སྐྱབས།

ཉེ་ཆར། དྲ་ལམ་ཁག་ཏུ་བདག་ལ་གཟས་པའི་ཁ་ཡན་གཏམ་འཁྱར་ཁ་ཤས་སྒྲོག་གིན་ཡོད་ཚུལ་དང་དེ་ལ་ཁ་གསལ་གཏམ་ལན་ཡོད་རེ་ཞུ་མཁན་འགའ་རེ་ཡང་བྱུང་སོང་། ཡིན་ན་ཡང་། ཁ་ཡན་ཇི་སྙེད་ལ་གསལ་ལན་གདབ་པའམ་དྲ་འབུ་རྣམས་དང་རྩོད་ཤགས་འགྱེད་པ་ནི་ངལ་ལས་དོན་མེད་ཅིག་རེད་པས་དང་། ད་ལྟའི་དབར་དུ་རང་ཉིད་ཁ་ཡན་དཀར་ནག་ཅི་རིགས་ཁྲོད་ནས་སྐྱེས་ཤིང་རྒས་པར་བསམས་ཚེ། སྙན་གྲགས་དང་འགྲོགས་པའི་ཆོ་ལོ་དེ་ཚོ་ཕུད། ཕྲག་དོག་དང་འགྲོགས་པའི་ཞྭ་ལྷམ་མང་པོའང་གྱོན་མྱོང་ཡོད་པ༼ སོ་པ། དོལ་རྒྱལ། ལྟ་ལོག ཆོས་གཏོར། བོར་སོང་། བྲོས་སོང་། བཟུང་སོང་།ལྟ་བུ ༽རྒྱུན་ལྡན་དུ་རློམ་པས་དང་། ཁ་སང་དེ་རིང་གི་བོད་པའི་དྲ་ལམ་ནི"སྨྱོན་པའི་ལག་གི་རལ་གྲི"ལྟ་བུར་གྱུར་འདུག་པ་ལ་ཡང་བསམ་ཤེས་ཐུབ་ཁུལ་གྱིས་བཏང་སྙོམས་སུ་བཞག་མོད་ཀྱང་། བསྡད་ཀྱིན་བསྡད་ཀྱིན་དོན་དག་ཇེ་ཆེར་ཕྱིན་པ་སྟེ། འཚོ་བའམ་བྱ་བའི་ཁོར་ཡུག་དག་ཏུ་ངའི་དོན་དུ་ཁ་རྩོད་བྱུང་དང་འབྱུང་གིན་པ་དང་། དྲ་མཆན་གྱིས་བཟོས་པའི་དབྱེན་དཀྲུག་མངོན་འགྱུར་འབྱུང་བའི་བཟོ་ཞིག་ཀྱང་འདུག་པར་མ་ཟད། ཁ་ཡན་སྒྲོག་མཁན་གྱི་བྱེད་ཐབས་ཀྱང་ཇེ་མང་དུ་འགྲོ་གི་ཡོད་ཚོད་རེད། བོད་ནང་གི༼ དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ ༽ནས ༼ སེང་རྡོར་དྲ་བ ༽ དང་། ༼ ཟིན་འཕྲིན ༽ ནས ༼ སྐད་འཕྲིན ༽ ལ་སོགས་སུ་ཡིག་རིགས་དང་པར་རིས་སྣ་ཚོགས་བཟོས་ཏེ་འགྲེམ་བཞིན་ཡོད་པའི་བརྗོད་སྙིང་ནི། ང་དང་བོད་ནང་གི་མི་སྐོར་ཞིག་ཡེ་ཤུ་ཆོས་སྤེལ་པའི་ཁོངས་སུ་འཛུལ་འདུག་ཅེས་བསྙོན་འཛུགས་པར་བྱེད་དོ།། དེ་ཡང་བོད་ཡིག་དྲ་ངོས་དག་ཏུ་བོང་རྫི་སོགས་དྲ་མིང་ཅན་ཞིག་ཡོད་པ་གང་དེས། ང་ཚོའི་ལས་ཁུངས་ནས་དུས་རབས་སྔོན་པའི་ལོ་རབས་དགུ་བཅུ་པར་སྟོན་པ་ཡེ་ཤུའི་རྣམ་ཐར་གྱི་གློག་བརྙན་ཞིག་བོད་སྐད་དུ་སྒྱུར་སྐྲུན་བྱས་ཡོད་པར་རྐྱེན་བྱས་ཏེ། ང་སོགས་༼ སོགས་སྒྲའི་ནང་དུ་སྐད་སྦྱོར་པ་གཞན་དག་ཀྱང་འདུའམ ༽ནི་ཡེ་ཤུ་ཆོས་སྤེལ་པར་ཞུགས་ཡོད་ཚུལ་དང་། སྐད་སྦྱར་པའི་འཁྲབ་ཚིག་རྣམས་ཀྱང་ང་ཚོ་སྒེར་གྱིས་བཤད་པ་ལྟ་བུར་ལོག་སྒྲུབ་ཀྱིས་འུད་སྒྲོག་དང་། དེ་ལ་རམ་འདེགས་ཞུ་མཁན་དྲ་བ་དང་དྲ་འབུ་རྣམས་༼ ཡིག་ནོར་ཆ་མཚུངས་དག་བསྡུར་ནས་མཆན་བུ་མང་ཤོས་འབྲི་མཁན་གྱིས་སྦྱར་པར་འདོད་མཁན་ཡང་འདུག ༽ འུར་འདྲོགས་ལངས་དང་སློང་བའི་སྣང་ཚུལ་ལ་ལྟད་མོ་ལོས་ཡོད་དེ། ལྟད་མོའི་རྒྱབ་ཀྱི་ལྟད་མོ་གཞན་ཞིག་ཀྱང་ངེས་པར་མཐོང་དགོས་ཀྱི་ཡོད། སྤྱིར་བོང་རྫིས་བོད་ནང་གི་མི་སྣ་རང་གྲོལ་ནས་སྨན་བླ་སྐྱབས་ཀྱི་དབར་དུ"རིག་གསར"གྱི་བསྐྱེད་འབྲས་འབའ་ཞིག་གོ་ཞེས་སྒྲོག་ཅི་ཐུབ་བྱས་པས་མ་ཚིམས་པར"རིག་གསར"གྱི་སྦྱོར་བ་དངོས་ཤིག་ལག་ཏུ་བསྟར་བ་ནི། ད་རེས"རིག་གསར་པ"ནས"ཡེ་ཤུ་པ"ཡི་ཞྭ་མོ་གཡོགས་ཅི་ཐུབ་ཀྱིས་ད་ལྟ་དྲ་ལམ་ན་མངོན་དུ་བྱེད་ཀྱིན་པའི"ཐེར་འདོན"གྱི་སྣང་ཚུལ་འདི་རེད་བཞག བོང་རྫིས"བོད་ནང"དང"ཟི་ལིང"སོགས་ན་ཡེ་ཤུ་ཆོས་ལ་ཞུགས་མཁན"མངོན་དང་མི་མངོན་པའི་ལམ་ནས་མི་མང་པོ་འདུག"ཟེར་བ་དང་། ཁོའམ་སུས་སྐད་འཕྲིན་དུ་ཆེད་དམིགས་བཟོས་པའི་ཡིག་རིས་སྦྲགས་མ་ཅན་བརྒྱུད་བསྐུར་བྱེད་ཅིང་དེའི་སྒང་ལ"ཤེས་གསལ་ལྟར་ན། བོད་ནང་གི་ཡི་ཤུའི་ཆོས་སྤེལ་བ་གཙོ་བོ་ལན་ཀྲུག་རྒྱ་རིགས་སློབ་ཆེན་གྱི་བོད་རིགས་དགེ་རྒན་ཆེན་མོ་རྡོ་རྗེ་དོན་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྙན་བཟང་དགེ་འདུན། དགེ་རྒན་ཆེན་མོ་གཞོན་པ་ཀུན་བཟང་། སྒྱུ་རྩལ་བ་ཞི་བདེ་ཉི་མ། སྒྱུ་རྩལ་བ་སྨན་བླ་སྐྱབས། སྙན་ངག་པ་སེང་རྡོར་སོགས་རེད། གཅན་འོད་འབར་གྱིས།"ཅེས་བཟོ་མཁན་གྱི་མིང་ཡང་ལུང་པ་ངོས་གཟུང་རུང་གི་ཀླན་ཀ་ཅན་འདི་ལྟ་བུ་དང་། ཡང་སེང་རྡོར་དྲ་བར་བོང་རྫིའི་རྩོམ་མཆན་དུ"་་་ ་་་ གོ་ཐོས་ལ་རྨོག་རུ་མཚོ་སྐྱེས་དོན་གྲུབ་ཚེ་རིང་ཡེ་ཤེས་པ་ཞིག་རེད།"ཅེས་སུ་ཞིག་སུ་ཡིས"ཐེར་འདོན"བྱས་ཚེ"ཞྭ་གོན"དུ་འགྱུར་བ"རིག་གསར"གྱི་བྱེད་སྟངས་དངོས་འདི་ལྟ་བུ་དང་། ཡང"་་་ ་་་སྨན་བླ་སྐྱབས་ལ་སྒོར་མོ་མ་གཏོགས་དགོས་ནི་མ་རེད། ་་་ ་་་ བོད་སྐད་རླུང་འཕྲིན་ཁང་གི་ཨ་ཅེ་ནོར་བུ་མཚོས་བདེན་དཔང་བྱས་ཐུབ"ཅེས་ལས་གྲོགས་བར་ལའང་རྩོད་རྙོག་འདེབས་འདོད་པ་སོགས་དབྱེན་དང་ཕྲ་མའི་ལས་ཁོ་ན་སྤྱད་དེ"ཤེས་ཡོན་པའི་སྡེ"དམིགས་བཀར་གྱིས"ལངས་རྒྱུ་མེད་པ་བཟོ་རྒྱུ"ནི་རིག་གསར"གྱི"འགུལ་སྐྱོད"དང་མི་འདྲའམ།
"འགུལ་སྐྱོད"འདིའི་མུ་བསྐྱང་ན་ད་དུང་མ་ཉེས་ཁ་གཡོགས་ཀྱི"ཞྭ་གོན"མང་པོ་མང་པོ་འབྱུང་དགོས་ཀྱི་རེད་ཨང་། བོད་ཡིག་གི་དྲ་བ་ཚོ། ནམ་ཞིག་སྐད་ཆ་བཤད་མཁན་དང་སྒྲོག་རོགས་གནང་མཁན་ཚང་མས་ཁུངས་ཡོད་ཀྱི་དཔང་དང་ཀུན་སློང་དངོས་དེ་སྟོན་དགོས་མེད་དམ། ཁ་ཉེས་ཁ་གཡོགས་ཐེབས་མཁན་གྱིས་ཐོག་མར་ཁྱོད་ཚོ་མི་འདེད་པར་སུ་འདེད། ཨ་རྒྱ་གཉིས་ཀྱི་བར་ན་གེགས་མེད་འདུར་བའི་བོང་རྫི་ནི་དེད་ཀྱང་ཁོ་ཨ་རིའི་བོད་པ་ཡིན་མི་ཟེར་རམ།
"ས་ཆའི་ཚོད་ཀྱི་རི་དྭགས"ཀྱི་དཔེ་ལྟར། བོང་རྫི་དང་བོང་རྫི་དག་གིས་བགྲང་བའི་བོད་ནང་གི་མི་འདི་དག་ནི་ཕྲག་དོག་བྱེད་རི་བ་ཤ་སྟག་རེད་མོད། ཕྲག་དོག་དང་སྦྱོར་ངན་ལ་ས་མཚམས་ཡོད་དགོས། དགག་སྒྲུབ་དང་དམའ་འབེབ་ལའང་དབྱེ་མཚམས་ཕྱེ་དགོས།

མི་དགའ་ཕྲག་དོག་ཅན་ལ་དག་འབུད་བྱས་ཀྱང་ཅི་ཕན།།
གློ་ཉེ་འགྲོགས་འདྲིས་ཅན་ལ་མང་པོ་བཤད་ཀྱང་ཅི་དགོས།།
མི་ལོ་ལྔ་བཅུའི་སྟོད་ཆར་སྲོག་ལ་ཐུག་ཀྱང་མ་བཙོངས།།
ཕྱི་ཆར་གསེར་གྱི་སྒལ་རུས་ཤོག་གུ་འགའ་ལ་མི་བརྗེའོ།།
·རྩོམ་ཡིག་གོང་མ:སྒྲོལ་མ་རྣམས་དང་འབྲེལ་བའི་སྙན་ངག་གི་ལེ་ཚན།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༣༦
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:54:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:44:53 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 1:22:41 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།33.20MS