ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

སྐྱུག་བྲོ་བའི་བོད་པའི་གདུང་རྒྱུད།

རྩོམ་པ་པོ:གླིང་བུ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2508ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/4/8 16:17:45ཚོགས་ཡར་སྤྲོད:admin
སྐྱུག་བྲོ་བའི་བོད་པའི་གདུང་རྒྱུད།

དྲེལ་གླིང་།
སྲིད་དང་འཁོར་བའི་ཆོས་ཚུལ་གང་ཡིན་ཀྱང། །ཡང་སྒོས་སྙིང་བོ་ཏིལ་ཙམ་མ་མཆིས་པས། གཞན་ཕན་བསམ་པ་དཀར་པོས་སྣེ་དྲངས་ཏེ།། མ་རྒན་སེམས་ཅན་སྐྱོང་ཞེས་བོད་ཚོས་སྐུལ། རྒྱུ་ཆེན་ཕྱུག་པོ་རྣམས་ཀྱི་ངོ་སོ་ལ།། རང་གི་བུ་ཕྲུག་ཚོང་རྫས་ལྟར་བཙོང་སྟེ། ། ཟ་རྒྱུ་རིག་ན་འཆི་རྒྱུ་མི་དྲན་པ། ཕ་མའི་བྱམས་སེམས་བོར་མཁན་བོད་ཚོ་ཡིན། དབང་ཆེན་དཔོན་པོ་དག་གི་མངའ་ཞབས་སུ། རྗེས་འབྲང་རྒྱུག་ཁྱི་བཞིན་དུ་འདུར་འདུར་ནས། །ཟ་རྒྱུ་རིག་ན་འཆི་རྒྱུ་མི་དྲན་པ། །ལྟག་པའི་སྒོ་ཆེན་འབྱེད་མཁན་བོད་ཚོ་ཡིན། ། མོ་ལོ་ཉི་ཤུར་བུད་པའི་མཛེས་མ་ཡང་། རང་ལོ་བརྒྱད་ཅུའི་རྒན་པོའི་རྗེས་འབྲང་ནས། ། ཟ་རྒྱུ་རིག་ན་འཆི་རྒྱུ་མི་དྲན་པ། ། ལང་ཚོ་སྒོར་ལ་བརྗེ་མཁན་བོད་ཚོ་ཡིན། བོད་ཀྱི་དོན་དུ་ཤེས་རིག་སྦྱང་སྦྱང་རྗེས། ། ཟླ་ཕོགས་གླ་ཕོགས་སོགས་ལ་རྔམ་རྔམ་ནས། ། ཟ་རྒྱུ་རིག་ན་འཆི་རྒྱུ་མི་དྲན་པ། ཐོབ་དང་གོ་སས་བཟི་མཁན་བོད་ཚོ་ཡིན། སྤུན་དང་གྲོགས་པོ་གཡོ་འཚོང་བོད་ཀྱིས་བྱེད། ཕ་དང་བླ་མར་མགོ་སྐོར་བོད་ཀྱིས་གཏོང་། །ཟ་རྒྱུ་རིག་ན་འཆི་རྒྱུ་མི་དྲན་པ། །བོད་ཚོས་རྒྱུ་འབྲས་བསྣོག་ནས་ཚད་འདིར་ལྷུང་། ། བོད་ཀྱི་ལྗོན་ཤིང་ཡོད་ཚད་ལྷ་ཤིང་ཡིན། །བོད་ཀྱི་ཐང་ཆུ་མཐའ་དག་ལྷ་ཆུ་ཡིན། ། བོད་ཀྱི་ས་རྡོ་ཐམས་ཅད་ལྷ་རྡོ་ཡིན། བོད་ལ་ལྷ་ཡི་མིན་པ་གཅིག་ཀྱང་མེད། བོད་གཡག་ལྷ་གཡག་ཞོལ་བོ་རྭ་རིང་ཡིན། །བོད་རྟ་ལྷ་རྟ་ཁམ་པ་རྔོག་རིང་ཡིན། ། བོད་ལུག་ལྷ་ལུག་གྭ་བ་ཐོད་དཀར་ཡིན། ། བོད་པའི་སྒོ་ཟོག་གང་ཡོད་ལྷ་ཟོག་ཡིན། །བོད་ཀྱི་ལྷ་བྱ་ཁུ་བྱུག་སྔོན་མོ་ལེན། །བོད་ཀྱིས་ལྷ་རི་མ་རྒྱལ་སྤོམ་ར་བསྟོད། །བོད་ཀྱིས་ལྷ་དང་བླ་མའི་མཆོད་མགུར་གྱེར།། བོད་ཀྱི་གླུ་བ་རྣམས་ཀྱང་ལྷ་བ་ཡིན། །བོད་ཀྱི་གར་པ་བརྒྱ་ཡིས་ལྷ་བྲོ་འཁྲབ། །བོད་ཀྱི་གཞས་མ་སྟོང་གིས་ལྷ་དབྱངས་འགུག །བོད་ལ་ལྷ་ཡི་བྲོ་འཆམ་ཟློས་གར་མང་། །བོད་འདིའི་སྒྱུ་རྩལ་ཀུན་ཀྱང་ལྷ་ཡིས་བསླབ། །བོད་ཀྱི་རི་བོའི་ཁོག་ན་ལྷ་ཆེན་བཞུགས། །བོད་པའི་གཏམ་རྒྱུད་ཁྲོད་ན་ལྷ་མོ་འཕུར། །བོད་མིའི་རྨི་ལམ་ནང་ན་ལྷ་ཕྲུག་རྩེད། །བོད་འདི་ལྷ་དང་འགྲོགས་ནས་སྐབས་འདིར་བརྒྱབ། ། བོད་ཀྱིས་གདོད་མའི་རྒྱལ་རབས་དར་ཚུལ་བཤད། །བོད་ཀྱིས་བཙན་པོའི་བང་སོ་མཐོ་ཚུལ་ལབ། །བོད་ཀྱིས་སྔོན་གྱི་མངའ་ཐང་རྒྱས་ཚུལ་འུར། །བོད་འདིར་རང་རློམ་ཆེ་བས་སྙིང་རེ་རྗེ། །བོད་མིས་རང་ཡུལ་རི་ཆུ་མཛེས་ཚུལ་གླེང་། ། བོད་མིས་རང་རིགས་མི་གཤིས་ཡག་ཚུལ་འཆད། །བོད་མིས་རང་གི་རིག་གནས་བཟང་ཚུལ་སྒྲོག །བོད་འདིས་རང་བསྟོད་བྱེད་པས་ཞེ་རེ་ཁྲེལ། །བོད་པས་བོད་ལ་སྙིང་རྗེ་ལྡན་ཚུལ་བརྗོད། །བོད་པས་བོད་ལ་བྱམས་སེམས་ཆེ་ཚུལ་སྨྲ། །བོད་པས་བོད་རིགས་སྤོབས་པ་མཐོ་ཚུལ་ཤོབ། །བོད་ཚོས་འུད་གཏམ་སྒྲོག་ལ་ཐང་རེ་ཆད། ། བོད་ཀྱིས་རང་གི་རྨ་ཡང་རྒྱན་དུ་འཛིན། །བོད་ཀྱིས་གཞན་གྱི་ཡོན་ཏན་སྐྱོན་དུ་བལྟ། །བོད་རང་ཕྱེན་ཅིག་བཏང་ཡང་དུང་གི་སྒྲ། །བོད་ཚོར་ཕྱོགས་འཛིན་མཁྲེགས་པས་ཡི་རེ་མུག །བོད་ཚོས་རང་ཡུལ་མཛེས་རབས་ཡག་རབས་མོལ། །བོད་ཚོས་རང་རིགས་བཟང་རབས་རྒྱན་རབས་མཆིད། །བོད་ཚོས་རང་ཉིད་ས་བསྟོད་རྡོ་བསྟོད་བྱེད། ། བོད་ཀྱིས་ཆེ་བསྟོད་བྱས་ནས་དུས་འདིར་སླེབས། །བོད་ཀྱིས་འདྲ་པར་སྐུ་ལ་ལྷ་བཤོས་སྟོར། །བོད་ཀྱིས་རི་བྲག་ཤིང་ལ་ལྷ་ཕྱག་འཚལ། །བོད་ཀྱིས་རང་བྱུང་ཁམས་ལ་ལྷ་བསང་གཏོང་། །བོད་རང་རྨོངས་དད་ཆེ་བ་གཞན་གྱིས་ཤེས། །བོད་ཚོས་གོ་གོ་ཡོང་ལ་གསོལ་བ་འདེབས། །བོད་ཚོས་མཐོང་མཐོང་ཀུན་ལ་མཆོད་པ་འབུལ། །བོད་ཚོ་འཕྲད་འཕྲད་ཆོས་པར་སེམས་ཀྱིས་དད། །བོད་མི་མགོ་སྐོར་སླ་བ་ཀུན་གྱི་རྟོགས། །བོད་མིས་ལྷ་ཀླུ་གཉན་གསུམ་གཙུག་གིས་བཀུར། །བོད་མིས་དམར་སེར་ཀུན་ལ་མགོ་ཡིས་གཏུག །བོད་མིས་གཞན་གྱི་རྐང་ཞབས་སྤྱི་བོས་མཆོད། །བོད་ལ་རང་བཀུར་མེད་པ་སུས་ཀྱང་བཤད། །བོད་པ་དབང་དང་གོ་སའི་གཡོག་ཏུ་རྒྱུག །བོད་པ་ལས་དང་ཕྱི་མའི་བྲན་དུ་འཁོལ། །བོད་ཀྱིས་ཡོད་ཚད་རང་གི་མགོན་དུ་རེ། །བོད་མིར་རང་རྩིས་ཆུང་བ་ངས་ཀྱང་རིག །བོད་ཀྱིས་གཏམ་ཞིག་སྨྲ་ཡང་རང་དོན་ཡིན། ། བོད་ཀྱིས་ལས་ཞིག་བསྒྲུབ་ཀྱང་རང་སྒེར་སྙེག །བོད་ལ་རང་ཉིད་མ་གཏོགས་བསམ་རྒྱུ་མེད། །བོད་འདིར་ལ་རྒྱ་མེད་པ་དེ་ལ་ཐུག །བོད་ཀྱི་བུད་མེད་རྣམས་ལ་བཤད་ཁ་རྒོད། །བོད་ཀྱི་སྟག་ཤར་རྣམས་ལ་གླེན་ཚུགས་དྲག །བོད་ཀྱི་མཁས་པ་རྣམས་ལ་ཕྲག་དོག་ཐུ། །བོད་ཚོ་ནང་མཐུན་མིན་ཞེས་ཐམས་ཅད་སྒྲོག །བོད་འདིའི་སློབ་མ་རྣམས་ལ་བརྩོན་འགྲུས་ཞན། །བོད་འདིའི་ལས་བྱེད་དག་ལ་ནུས་པ་ཆུང་། །བོད་འདིའི་དཔོན་པོ་ཕལ་ཆེར་ཟ་རྔམ་ཆེ། །བོད་འདིའི་ཀུན་སྤྱོད་བཙོག་པ་ཚང་མས་མཐོང་། ། བོད་ཀྱིས་ཕྱུགས་ཤིག་འཚོས་ཀྱང་སྒྱིད་ལུག་སྐྱེ། །བོད་ཀྱིས་ཞིང་ཞིག་བཏབ་ཀྱང་ལེ་ལོར་བརྗེས། །བོད་ཀྱིས་ཚོང་ཞིག་བརྒྱབ་ཀྱང་བག་ཏུ་འཁུམ། ། བོད་མི་ཐབས་སྡུག་རེད་ཅེས་ཡོངས་སུ་གྲགས། །བོད་ཚོ་གང་ལ་སོང་ཡང་གྱོང་གུད་འཁུར། །བོད་ཚོ་གང་ནས་བསྡད་ཀྱང་གོད་ཆག་ཐེབས། །བོད་ཚོས་ཅི་ཞིག་བསྒྲུབ་ཀྱང་ཕམ་ཁ་མྱོང་། །བོད་དག་ནུས་མེད་ཡིན་པ་ཕྱོགས་སུ་གླེང་། །བོད་ཀྱི་མང་ཚོགས་རྣམས་ཀྱིས་ཕ་སྐད་བརྗེད། །བོད་ཀྱི་ཤེས་ཡོན་ཅན་ཚོས་ཕ་ས་བོར། །བོད་ལ་གང་ནས་ཡིན་རུང་སྐལ་ཞིག་ཆད། །བོད་ཀྱིས་རང་ལ་གངས་རིའི་གདུང་རྒྱུད་ཟེར། ། བོད་ཚོས་རང་ཚོར་ཉི་མའི་བུ་རྒྱུད་འབོད། །བོད་མི་རྩིང་སྤྱོད་ལྡན་པ་སུ་ལ་སྦ། །བོད་རིགས་ཟོག་ཁྱུར་ལུས་པ་གང་ལ་གསང་། །བོད་ཚོས་ནམ་རྒྱུན་ཞི་བདེར་དགའ་ཚུལ་བགྲོ། །ཞི་བདེར་དགའ་ནས་ས་རྩོད་འཁྲུག་ལོང་བཟོ། ། བོད་ཚོས་དུས་རྒྱུན་དགེ་བར་དུངས་ཚུལ་གཏམ། །དགེ་བར་དུངས་ནས་ནང་དམེ་རྐུ་འཕྲོག་རྩོམ། །རྒྱུ་འབྲས་རྒྱུ་མ་གཅོག་མཁན་བོད་ཚོ་ཡིན། །དྲང་བདེན་ཚངས་ཐིག་དཀྱོག་མཁན་བོད་ཚོ་ཡིན། ། དགེ་སྡིག་མེ་ལོང་བསུབ་མཁན་ཡང་བོད་ཚོ་ཡིན། །བོད་ཚོས་ཁ་ཕོ་མ་བྱེད་དོན་དངོས་ལྟོས། །བོད་ཚོ་རྟག་ཏུ་གླུ་དང་གར་གྱིས་སྐྱིད། །བོད་རྣམས་རྒྱུན་དུ་གེ་སར་སྒྲུང་གིས་སྤྲོ། །ད་ནི་སྤྲོ་སྐྱིད་ལས་ཀ་རྒྱང་དོར་ནས། །འབད་བརྩོན་རི་བོ་ཁུར་དུ་ལེན་པར་རན། །བོད་རིགས་ག་དུས་ཡིན་རུང་བསྟོད་པར་དགའ། །བོད་མི་གང་ནས་ཡིན་ཀྱང་བསྔགས་པར་མོས། །ད་ནི་བསྔགས་བསྟོད་གཉིས་ཀྱང་མཚམས་བཞག་ནས། །རང་གི་སྐྱོན་ལའང་མཛུབ་མོ་འཛུགས་པར་རན། །བོད་འདིར་རང་སྐྱོན་ཡོད་ཀྱང་བསྒྱུར་མི་ཐུབ། །བོད་འདིར་རང་འཚང་མང་ཡང་བཅོམ་མི་ཐུབ། །བོད་འདིར་སྐྱུག་རེ་བྲོ་ལ་ཞེན་རེ་ལོག །བོད་འདིར་དགོད་རེ་བྲོ་ལ་ངུ་རེ་སྐྱེན། །
·རྩོམ་ཡིག་གོང་མ:བྱམས་པའི་སྐུ་གཟུགས་མ།
·རྩོམ་ཡིག་འོག་མ:སྒྲོལ་མ་འཁོར་བཅས་བཞུགས་སོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:33:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:07:25 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:48:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS