ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་མཇལ་བའི་དྲན་རྟེན་

རྩོམ་པ་པོ:དཔལ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1972ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/5/23 23:22:48ཚོགས་ཡར་སྤྲོད:admin
མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་མཇལ་བའི་དྲན་རྟེན་བདེ་ཆེན་འཇའ་གུར་བཀྲ་བའི་སྐུ་ཐང་། །

ཨེ་མ་ཧོ། །
ངེས་དོན་ཆོས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུའི། །
ཐུགས་སྲས་མཁས་གྲུབ་གཙུག་རྒྱན་མཚན་ལྡན་གྱི་བླ་མས། །
དབང་ཁྲིད་བཀའ་ལུང་མན་ངག་བརྗེན་གཅེར་དུ་གནང་བས། །
སྐལ་བཟང་དགའ་བདེ་འབུམ་གྱིས་རབ་བརྟས་འདི་སྐྱིད་པ། །
བཅུ་གསུམ་འཁྱུད་འཁོར་བསྐལ་བའི་ལོ་གྲངས་སུ་སྒྲུབ་པའི། །
བཅུ་གཉིས་མཛད་བཟང་ཐོག་མའི་འཁྲུངས་སྐར་གྱི་ཉིན་མོ། །
བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མཆོག་ལ་ཕྱིན་ལྟར། །
ས་བཅུའི་རིག་འཛིན་མཇལ་བའི་སྐལ་བཟང་ང་སྐྱིད་པ། །
སྙིགས་ལྔའི་རྨོངས་མུན་བསལ་བའི་མཁྱེན་རབ་ཀྱི་ལྷ་མཆོག །
དགོངས་བཞིན་འཇིག་རྟེན་འདྲེན་པའི་བཤད་སྒྲུབ་ཀྱི་ཕྲིན་ལས། །
བསྟན་འཛིན་རྒྱ་མཚོའི་མངའ་བདག་རྒྱལ་བསྟན་གྱི་གཙུག་རྒྱན། །
མཆོག་གསུམ་ཀུན་འདུས་མཇལ་བའི་ཞི་ལྷག་འདི་སྐྱིད་པ། །
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་བྲལ་གྱི་སྙིང་པོ། །
བདེ་མཆོག་དོན་གྱི་ཡེ་ཤེས་ཕྱག་རྒྱ་རུ་འཆར་བས། །
གཉུག་སེམས་ཡེ་རྫོགས་རྟོགས་པའི་བདེན་རྟགས་ཀྱི་འབྲས་བུ། །
ལྷུན་གྲུབ་རིག་འཛིན་བརྒྱུད་པའི་ཆེ་ཆོས་སུ་བཞུགས་སོ། །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ས་གྷ་ཟླ་བའི་སྟོན་པའི་འཁྲུངས་སྐར་ལ་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་མཇལ་བའི་དྲན་སྣང་གང་ཤར་དུ་ཤྲྰི་ཨེ་མ་ཧོས་དབྱིན་ལན་རྒྱལ་སའི་དུས་ཚིགས་གཏན་འབེབས་ཀྱི་གཙུག་ལག་སློ་གཉེར་ཁང་ནས་བྲིས་པ་དགེའོ། །
·རྩོམ་ཡིག་གོང་མ:ཕུར་སྨོན་བཞུགས་སོ།
·རྩོམ་ཡིག་འོག་མ:ཐུན་དྲུག་བླ་མའི་རྣལ་འབྱོར་བཞུགས་སོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:16:31 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:14:47 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:58:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS