ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

བདེན་གཏམ་ཆོས་ཉིད་རང་སྒྲ་ཞེས་བྱ་བ། །

རྩོམ་པ་པོ:དཔལ་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1935ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/7/22 10:21:32ཚོགས་ཡར་སྤྲོད:admin
༄༅༅། །བདེན་གཏམ་ཆོས་ཉིད་རང་སྒྲ་ཞེས་བྱ་བ། །

ན་མོ་བུདྡྷ་ཛྙ་ན་ཤྰི་ལ་མ་ཏི་ཡེ། །
༼༡༽
ཐུགས་རྗེ་ཅན་གྱི་ཡོན་ཏན་ཤེས་པས་མི་ཕྱེད་དད་པའི་ནང་པ་དངོས། །
དགེ་སྡིག་བཅུ་ཡི་རྣམ་གྲངས་བཤད་ནས་ཆོས་ཁྲིམས་དར་གྱི་མདུད་པ་བསྡམས། །
གསེར་རྟ་ཆོས་ཀྱི་ཞིང་ཁམས་ཇི་བཞིན་ཞི་བདེ་འཛམ་གླིང་གཞན་ལ་སྤེལ། །
བསྟན་སྲིད་ཆོས་ཀྱི་ཀུན་མཁྱེན་བླ་མ་ཆོས་རྗེ་དམ་པའི་རྒྱལ་ཚབ་རྒྱལ། །

༼༢༽
ཁ་བ་གངས་ཅན་བསྟན་པའི་སྲོག་ཤིང་ལུགས་གཉིས་སྨྲ་བའི་ཀུན་མཁྱེན་རྗེ། །
གངས་རིའི་ལྗོངས་སུ་བྱོན་མ་མྱོང་བའི་གནའ་དེང་མཁས་པའི་བླ་མ་མཆོག །
ཞལ་ནས་གསུང་པ་ཕྱག་ལེན་མཛད་པའི་ངོ་ལྐོག་མཚུངས་པའི་ཆོས་ཀྱི་རྗེ། །
ཕྱི་རོལ་ཆོས་ལ་གཡམ་རྒྱུགས་མི་དགོས་རང་ཚུགས་ཟིན་པའི་དཔའ་བོ་རྒྱལ། །

༼༣༽
སྐྱེ་བ་སྔ་ཕྱིའི་བརྟགས་ཐབས་མཛད་ནས་ཞིང་འབྲོག་བདེན་གཏམ་གླིང་ཀུན་བསྒྲགས། །
ལས་འབྲས་བསླུ་མེད་ཆོས་འཁོར་བསྐོར་ནས་རྒྱལ་བསྟན་དར་ཐེར་གཞིར་བཞེངས་བསླངས། །
རྒན་གཞོན་ཕོ་མོ་ཁྱད་པར་མ་བལྟས་དྲང་བདེན་རིག་པའི་ལམ་བཟང་བརྩམས། །
རྫུན་ཚིག་བསྒྲིགས་པའི་ལོང་གཏམ་དབེན་པའི་ཚན་རིག་མཁྱེན་པའི་བླ་མ་རྒྱལ། །

༼༤༽
བོད་ཡུལ་མུན་པའི་གླིང་ནག་བསལ་བའི་ཐབས་ཤེས་རིག་པའི་འོད་སྟོང་བདག །
ཞིང་འབྲོག་འཚོ་བའི་ཆ་རྐྱེན་སྒྲུབ་པའི་མི་དམངས་འདྲེན་པའི་དེད་དཔོན་ཉིད། །
ཕྱི་ནང་མཁས་མཛངས་ཀུན་གྱི་གཙུག་རྒྱན་སྨྲ་བའི་ཉི་མ་རྒྱལ་བ་མཆོག །
སྙིགས་མའི་དུས་ཀྱིས་རྒྱལ་བ་གཉིས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་རྒྱལ། །

༼༥༽
ཉམས་ཐག་བོད་ལ་དངོས་ཡོད་ཕན་པའི་འཕགས་མཆོག་སྤྱན་རིས་གཟིགས་དངོས། །
གངས་ཅན་སྐྱེ་དགུ་གཉིད་ལས་སློང་བའི་རྫུ་འཕྲུལ་རྗེ་བཙུན་འཇམ་དཔལ་དབྱངས། །
མ་རབས་སྣ་དགུའི་སྲོལ་རྒྱུན་གཅོད་པའི་གསང་བདག་དཔའ་བོའི་བརྟུལ་ཞུགས་ཅན། །
རིགས་གསུམ་ཀུན་འདུས་བཀའ་དྲིན་ཟླ་མེད་ཆོས་རྒྱལ་ཚུལ་ཁྲིམས་བློ་གྲོས་རྒྱལ། །

༼༦༽
ནང་ཆོས་རིག་གཞུང་ཚུལ་བཞིན་སྤྱོད་པའི་ཁྲིམས་ལྡན་ཤྰཀྱའི་དགེ་སློང་དངོས། །
གཞན་དོན་ཁོ་ནར་ཉིན་མཚན་འབད་པས་བྱང་ཆུབ་སེམས་དཔའི་བློ་གྲོས་ཅན། །
ཡང་གསང་རྫོགས་ཆེན་གནས་ལུགས་རྟོགས་པའི་བྱ་བྲལ་རྣལ་འབྱོར་རྡོ་རྗེ་འཆང་། །
ལུགས་གཉིས་དཔལ་ཡོན་གཏེར་མཛོད་གཏམས་པའི་ཀུན་མཁྱེན་རྒྱལ་བ་སངས་རྒྱས་དངོས། །

༼༧༽
ཕྱི་རོལ་པ་ཡང་དུང་བས་འདུལ་མཛད་ཐབས་མཁས་རིགས་པའི་རྒྱལ་པོ་དངོས།
ནང་དོན་རིག་པའི་འཆད་རྩོད་རྩོམ་པར་འགྲན་པའི་ཟླ་མེད་མཁན་ཆེན་རྗེ། །
བཟོ་དང་གསོ་བའི་བཟོ་གྲྭ་གསར་བཙུགས་བོད་ཡུལ་འདྲེན་པའི་དེད་དཔོན་ཉིད། །
ཆོས་སྲིད་བསྟན་པའི་བདག་པོ་རིན་ཆེན་འཇིགས་མེད་འཁོར་ལོའི་སྒྱུར་རྒྱལ་དངོས། །

(8)
འབྲོག་པའི་ཕྱུགས་ལས་ཐོན་ཁུངས་ཡར་རྒྱས་ཚེ་སྲོག་སྐྱབས་མཛད་མ་མ་དངོས། །
ཞིང་བའི་ཚོང་ལས་དར་རྒྱས་སྤེལ་མཁས་ཆོས་བཞིན་གནང་བའི་ཡབ་མེས་དངོས། །
བོད་ཡུལ་སྡིག་པའི་ལས་ངན་བསལ་ནས་འདི་བདེ་ཕྱི་སྐྱིད་མཛད་པའི་མགོན། །
ཡང་དག་ཆོས་རྗེ་སྐྱབས་གནས་དམ་པ་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་རྒྱལ། །

(9)
སྟོན་པ་མཆོག་གིས་བདུད་ཀྱི་མཚོན་ཆ་བྱམས་པའི་མེ་ཏོག་བསྒྱུར་བར་ལྟར། །
ནད་མཚོན་མུ་གེ་སྣ་འདྲེན་བྱེད་ཆས་མི་བསད་མཚོན་ཆ་དུག་རྫས་བསྲེགས། །
འཚེ་མེད་ཞི་བའི་ཐབས་ལམ་སྟོན་པའི་བྱམས་ཆེན་སྙིང་རྗེའི་རྒྱལ་བ་ཉིད། །
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ངེས་དོན་བླ་མེད་སྟོན་པར་རྒྱལ། །

(10)
བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་རྗེ་མཚུངས་མེད་འགྲོ་བའི་མགོན་པོ་ཉིད། །
བོད་བརྒྱུད་བསྟན་པའི་སྲོག་ཤིང་འཛིན་པའི་ངེས་དོན་ཡིད་བཞིན་ནོར་བུ་མཆོག །
ལྷ་མི་འགྲོ་བ་ཡོངས་ཀྱི་གཙུག་བརྒྱན་ཆོས་ལུགས་རིས་མེད་བསྟན་པའི་བདག །
གསང་གསུམ་འགྱུར་མེད་རྟག་ཏུ་བརྟན་ཅིང་བཤད་སྒྲུབ་ཕྲིན་ལས་ཀུན་ཁྱབ་ཤོག །

༡༡
བདུད་དམག་བྱེ་བའི་དཔུང་ཚོགས་འཇོམས་པའི་བྱམས་བརྩེའི་མངའ་བདག་བཅོམ་ལྡན་འདས། །
སླར་ཡང་ཞིང་འདིར་འདུལ་བར་བྱོན་པའི་སངས་རྒྱས་ཡེ་ཤེས་དགོངས་པ་གཅིག །
ཇི་ལྟ་ཇི་སྙེད་ཤེས་བྱ་གཟིགས་པའི་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ། །
དེང་སང་འདི་ན་དངོས་སུ་བཞུགས་པར་ཨེ་མ་ངེད་ཅག་སྐལ་བཟང་། །
ཞེས་པ་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཡར་ཚེས་སྐབས་སུ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་ལ་བསྟོད་གསོལ་གཉུག་མའི་རང་སྒྲ་ཉིད་མཆོད་སྤྲིན་དུ་ཁ་བརྡ་དྲ་བར་ཕུལ་བས་མོད་ལ་རྟ་རྒྱུགས་ས་དོང་རྐོ་ཟེར་བ་ལྟར་བོད་མི་རིགས་འདིའི་ཁོག་པའི་སྙིང་བསྲེག་ཅིང་དཔྲལ་བའི་མྱིག་འབྱིན་པའི་ཚ་སྨྱུག་དང་བོན་ཕྲུག་འགས་སྒྲོ་བཀུར་འདེབས་པ་ལ་གནས་ལུ གས་བདེན་པ་ར་སྤྲོད་ཀྱི་བདེན་གཏམ་ཆོས་ཉིད་རང་སྒྲ་སྣང་བར་ལྟར་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་སྔ་རྒོལ་རྟོག་པའི་མནོལ་གྲིབ་བསལ་ཕྱིར་བྱས་པར་དགེའོ། །
·རྩོམ་ཡིག་གོང་མ:ཕྱོགས་མི་འདྲ་བའི་ལྟ་ཚུལ་ཡང་འདིར་དཔྱད་གཞིར་བཀོད་ཡོད།
·རྩོམ་ཡིག་འོག་མ:ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དཔལ་བཟང་པོའི་བསྟོད་གསོལ་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ། ། 2015/2/6 12:39:00
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དྲང་གཏམ་རྨ་ཐོག་གཙགས་འདེབས། 2014/4/5 23:03:42
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:31:34 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:25:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:14:38 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS