ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཅོ་ནེ་བའི་ཡ་ང་བའི་ནང་འཁྲུག

རྩོམ་པ་པོ:ཅོ་ཧ་རིའི་བུ།ཡོང་ཁུངས:གླིང་སྲས་གཟིགས་གྲངས:2720ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/11/1 10:47:24ཚོགས་ཡར་སྤྲོད:admin

ཅོ་ནེ་བའི་ཡ་ང་བའི་ནང་འཁྲུག

ཅོ་ཧ་རིའི་བུ།

དེ་ཡང་སྦྱོར་དངོས་མཇུག་གསུམ་གྱི་ཆ་མ་ཚང་བའི་ཡ་ང་བའི་ཅོ་ནེ་བས་ནང་དམེ་བྱེད་བཞིན་པའི་གླེན་རྟགས་འདིའིི་ཐད་ལ་ལྟ་ཚུལ་ཐོར་བུ་ཞིག་གླེང་ན་བསམ་བྱུང་།  སྤྱིར་སངས་རྒྱས་ལ་ཀ་ཁ་ཞེས་པ་ལྟར་འདི་ལྟ་བུའི་མི་གསོད་དོན་རྐྱེན་ཞིག་གི་ནང་དུ་གཏམ་གླེང་བྱེད་པའི་ཡོན་ཚད་དང་དབང་ཆ་སོགས་ཅི་ཡང་མེད་མོད། འོན་ཀྱང་ང་ཡང་ཁོ་ཚོ་དང་ཤ་ཁྲག་རུས་གསུམ་གཅིག་ལས་མཆེད་པའི་བོད་མི་སྤུན་ཟླ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་བསམ་ཚུལ་དེ་དག་འདིར་མི་ལབ་ཀ་མེད་བྱུང་།  རེད་ཡ་མི་ལོ་བཅུ་ཕྲག་ལྷག་གི་ཡར་སྔོན་གྱི་༡༩༩༥ལོའི་ཟླ༨པའི་༢༤ཉིན་གྱི་ཕྱི་དྲོ་ཞིག་ལ་འཇིགས་སུ་རུང་བའི་ཁྲག་དྲི་བྲོ་བའི་རྩྭ་ས་རྩོད་གླེང་ཞེས་རང་གཞན་གཉིས་ཀ་སུ་ལའང་མི་དབང་བའི་འཁྲུག་རྩོད་དེའི་འགོ་རྩོམ་པ་རེད།  དུས་དེ་ནས་བཟུང་སློབ་མ་དང་རྒྱལ་ཁབ་ཀྱི་གླ་ཕོགས་ཟ་མཁན་མ་ཡིན་པའི་ཕོ་གསར་ལོ་བཅོ་བརྒྱད་ཡན་དང་རྒན་པོ་ལོ་དྲུག་བཅུའི་མན་ཚང་མ་མི་གསོད་ཁྲག་སྦྱོར་བྱེད་པའི་ལས་འགུལ་འདིར་ཞུགས་ནས་ད་བར་དུ་མི་ཉི་ཤུ་ལྷག་གི་ཚེ་སྲོག་ཤོར་སོང་།      མི་གསད་དྭ་ཕྲུག་ཡུགས་ས་རྗེས་སུ་བསྐྱུར།།   ཤེས་ན་འཕྲོག་བཅོམ་བྱས་ནས་མཉམ་དུ་བགོས།། མ་ཤེས་རྐུས་ནས་སྒོར་མོ་རུམ་དུ་བསྡུས།།  མཇུག་མཐར་མི་མེད་རྒྱུ་མེད་ཁྱིམ་སྟོང་གྱུར།།  དེར་མ་ཟད་ད་དུང་ཡང་ཁྲག་དྲི་བྲོ་བའི་དོན་རྐྱེན་དེའི་མཇུག་མ་རྫོགས་ཕྱིར།འདི་ལྟར་བསམ་མེད་ཀྱི་མི་བུ་ཁ་ཤས་ལ་བརྗོད་འདོད་པ་དང་སེམས་གཏམ་ཡོད་ཚད་སྨྱུག་རྩེ་རུ་སྤྲིངས། ཀྱེ་ཕ་ཡུལ་ཅོ་ནེ་བའི་སྤུན་ཟླ་རྣམ་པ་ལགས།  འདས་ཟིན་པའི་མི་ལོ་བརྒྱ་ཕྲག་སྔོན་གྱི་དེ་རིང་།  འུ་ཚང་གིས་སྡུག་ཇི་ལྟར་མྱོང་གིན་ཡོད་པ་ཐོས་ཨེ་མྱོང་།  གལ་ཏེ་ཐོས་མ་མྱོང་ན་འདས་ཟིན་པའི་ལོ་རྒྱུས་རིང་མོར་ཕྱིར་དྲན་རེ་བྱོས་དང་།  ཁྱེད་ཚོས་ནང་དམེ་བྱེད་བཞིན་པའི་རང་རིགས་ཀྱི་གནས་བབས་འདི་རིག་ཚེ་ཅོ་ནེ་བའི་མཁས་དབང་རིམ་བྱུང་དང་སྔོན་གཤེགས་དཔའ་བ་ོརྣམས་ཀྱི་མི་ཚེ་ཞིག་གི་ལས་དོན་ལ་རིན་ཐང་མེད་སོང་བ་རེད་དམ།  ཡང་ན་ཁོ་ཚོའི་རུས་བརྒྱུད་ལས་མཆེད་པའི་ཅོ་ནེ་བ་ནི་ཅི་འདྲའི་ཡིད་སྐྱོ་ཞིང་བསམ་མེད་ཀྱི་དམེ་བོ་ཞིག་ཏུ་གྱུར་སོང་བ་རེད།  གལ་སྲིད་འདི་དག་ཡོད་ཚད་ལན་པ་མིན་ན་ང་ཚོས་འདི་ལྟར་སྤྱང་ཚོགས་ཀྱི་ངུ་ཟུག་རྒོད་པའི་འཇིགས་རུང་གི་གཡུལ་ས་ཞིག་ནས་ལས་དབང་ལ་མགོ་བོ་བསྒུར་ཏེ་རྨོངས་པའི་གཉིད་ལས་མ་སད་ན།ནམ་འཆི་ལ་ངེས་པ་མེད་པའི་ཉམ་ཆུང་གི་ཚེ་སྲོག་འདི་སུ་ཞིག་གི་གྲི་ཁ་ན་གནས་པ་ལྟར་ཅི་འདྲའི་སྙིང་རྗེ་བ་ཞིག་མ་རེད་དམ། ཀྱེ་ཅོ་ནེ་བའི་སྤུན་ཟླ་ཡ། མགོ་བོ་ཡར་དགྱེ་སྟེ་འཛམ་གླིང་གི་འཕོ་འགྱུར་དང་རང་མི་རིགས་ཀྱི་གནས་བབས་ལ་ལྟོས་དང་། གལ་སྲིད་ཁྱེད་ཚོའི་ཁོག་ན་སྙིང་ཞིག་ཡོད་ན།སྙིང་དེ་ལ་འཕག་འཚག་བྱེད་པའི་ནུས་པ་ཞིག་ལྡན་ན། ཁྱེད་ཚོས་བསྒྲུབ་བཞིན་པའི་སྐྱུག་བྲོ་བའི་མི་གསོད་འཕྲོག་བཅོམ་བྱེད་པའི་སྤྱོད་ངན་དེ་མཚམས་བཞག་ན་རེད།  འོན་ཀྱང་ཁྱོད་ཚོས་ནང་དམེ་ཡི་ཕ་ས་ནས་དམར་འཛིང་གི་ཚེ་སྲོག་ཤོར་བ་ནི་ལས་དབང་ཞིག་ལ་བརྩི་བའམ་དེ་ནི་ང་ཚོའི་འཚོ་བ་རོལ་སྟངས་ཤིག་ཡིན་བསམ་པ་ནི་ཅི་འདྲའི་ཡིད་མི་ཚིམས་ཤིང་རྙིང་ཧྲུལ་དུ་གྱུར་བའི་བསམ་སྦྱོར་ངན་པ་ཞིག་མ་རེད་དམ།  གལ་ཏེ་ཁྱོད་ཚོར་དེ་ལྟ་བུའི་རང་ས་ནས་རང་མི་གསོད་པའི་དཔའ་ངར་ཞིག་ཡོད་ན།  དགྲ་བོ་གཤེད་མས་ཁྱོད་ཚོའི་ཆེད་དུ་གཡུལ་ཆས་གྲ་སྒྲིག་བྱས་ནས་བསྒུགས་ཡོད་པ་མ་ཤེས་སམ། ཞིབ་ཏུ་སོམས་དང་སྤུན་ཟླ་ལགས། འདི་ལྟར་ནང་དམེའི་ཁྲོད་ནས་རང་རིགས་ཀྱི་ཚེ་སྲོག་བར་མེད་དུ་རླགས་པ་ནི་ང་ཚོའི་ཚེ་སྲོག་ལ་རིན་ཐང་མེད་སོང་བ་མ་ཡིན་ནམ། ཀྱེ་ཀྱེ་ཡུལ་གངས་རིའི་ལྗོངས་ཀྱི་བརྩེ་ལྡན་སྤུན་གྲོགས་རྣམ་པ་ལགས། ཁོ་ཚོའི་ཚེ་སྲོག་གི་མྱུ་གུ་འབུས་སའི་ཕ་ཡུལ་ཅོ་ལྗོངས་ཕྱུག་མོ་སྟེ།  མེས་པོ་གོང་མ་དག་གིས་རིག་པའི་གད་རྒྱངས་བསྒྲགས་སའམ་དུག་གསུམ་གྱི་དགྲ་བོ་དཔོན་འཇུག་བྱེད་སའི་ཤེས་རིག་གི་གླིང་སྟེགས་ཤིག་དང་འདྲ་མོད་ཀྱང་གློ་བུར་དུ་ཁོ་ཚོའི་མི་རབས་འདིར་བསླེབས་དུས་ས་རྩོད་ཆུ་རྩོད་ཁྲོད་དུ་ཕུ་ནུ་ཁྲག་གིས་བརྫུས་སའི་འཐབ་འཛིང་གི་གཡུལ་ས་ཞིག་ཏུ་འགྱུར་ཟིན་པ་ནི་སུ་ཞིག་གི་བཀོད་སྒྲིག་རེད།  རང་མི་རང་གིས་གསོད་དགོས་པའི་རྒྱུ་མཚན་ཅི། ཁོ་ཚོས་ཅིའི་ཕྱིར་སྐྱུག་བྲོ་བའི་བྱ་བཞག་འདི་ལྟ་བུ་ཞིག་སྒྲུབ་དགོས་པ་རེད།  ད་ནི་ཁོ་ཚོ་སད་རན་རེད། གལ་ཏེ་རྨོངས་པའི་གཉིད་ལས་མ་སད་པར་མུ་མཐུད་དུ་འདི་ལྟར་མདུན་དུ་སྐྱོད་ཚེ་འཛམ་གླིང་ན་སྐད་གྲགས་ཆེ་བའི་རྒྱལ་མཆོག་དམ་པ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མངགས་པའི་མི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་བོད་མི་རིགས་ཀྱི་མཐར་མཚམས་སྲུང་བའི་དཔའ་ངར་ལྡན་པའི་ཅོ་ནེ་བའི་ལྷ་དམག་དེ་དག་གི་གཟི་བརྗིད་དང་བྱས་རྗེས་ནི་མི་རབས་ཁོ་ཚོའི་རིང་ལ་ཇི་འདྲའི་ཉམ་ཆུང་ཞིང་ནང་ཕན་ཚུན་བར་ལ་དམར་གསོད་དང་འཕྲོག་བཅོམ་བྱེད་པའམ་སུ་ཞིག་གི་བཀོད་འདོན་ལ་རྣ་བ་གླན་པའི་རང་ཉིད་ཀྱི་ཐོབ་ཐང་ཙམ་ཡང་གླེང་མི་ཤེས་པའི་འོན་ལོང་ལྐུག་པའི་ཚོགས་དང་གཉིས་སུ་མ་མཆིས་པས་ཁོ་ཚོས་མི་རབས་རྗེས་མ་དག་ལ་ར་སྤྲོད་ཇི་ལྟར་བྱ། ཀྱེ་ཅོ་ནེ་བའི་སྤུན་ཟླ་ལགས། ཁྱོད་ཚོ་འདི་ལྟར་མདུན་དུ་སྐྱོད་ཚེ། ཆོལ་གསུམ་སྤུན་ཟླའི་གྲལ་དུ་ཇི་ལྟར་འགྲོ།འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་གདོང་ལ་ཇི་ལྟར་བལྟ། གལ་སྲིད་འགྲོ་བ་མིིའི་རིགས་ཀྱིས་ཁྱོད་ཚོ་ནི་མགོ་ན་རྭ་མེད་ཀྱང་མཇུག་ན་རྔ་མ་མེད་པའི་ཆེས་འཇུགས་སུ་རུང་བའི་མི་གསོད་འཕྲོག་བཅོམ་བྱེད་མཁན་གྱི་སྲིན་པོ་ཤ་དག་རེད་ཅེས་ལབ་ན་ཁྱོད་ཚོར་ཚོར་སྣང་ག་འདྲ་འདུག མི་ངོ་མ་ཞིག་ཡིན་བཞིན་དུ་འཇིགས་རུང་གི་སྲིན་པོ་ཞེས་ངན་སྨྲས་བྱས་ན་ཁོང་ཁྲོ་ལངས་པ་ཞིག་རེད་དམ། ཡང་ན་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཀྱིས་མི་གསོད་འཕྲོག་བཅོམ་བྱེད་བཞིན་པའི་སྤྱོད་ངན་དེ་བསམ་ན་ངོ་ཚ་དགོས་པ་ཞིག་རེད། ཁྱོད་ཚོས་མིག་ཟུང་ཕྱི་རུ་གཏད་དེ་བསམ་བློ་ནང་དུ་བསྐོར་དང་། ཁྱོད་ཚོས་རྩོད་བཞིན་པའི་རྩྭ་ས་དེ་ནི་དོན་ངོ་མས་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཞིག་རེད་དམ། འདི་ལྟར་ཚེ་སྲོག་ཤོར་རྗེས་རྩྭ་ས་སྟོང་བ་དེ་ཡིས་ཅི་བྱ།  ལྷག་པར་དུ་ཁྱོད་ཚོའི་བུ་རབས་ཚ་རྒྱུད་དག་ལ་ཞི་བདེའི་འཚོ་བ་ཞིག་རོལ་ཏུ་མི་འཇུག་པར་ཨ་ཕར་དགྲ་ཤ་ལེན་དགོས་པའི་ཉེ་ཁ་ཆེ་བའི་ལས་འགན་ལྕི་མོ་འདི་སྤྲད་དོན་ཅི།  གལ་སྲིད་ཁྱོད་ཚོས་རྩོད་བཞིན་པའི་རྩྭ་ས་དེ་ལ་ནུས་མཐུ་ཁྱད་པར་བ་ལྡན་པའི་བདག་པོ་གསར་བ་ཞིག་ཡོད་པ་ཡིན་ན།  ཁྱོད་ཚོས་དེ་ལ་ཅི་བྱེད་རྩིས་ཡོད།  གལ་སྲིད་གློ་བུར་དུ་འཇིག་རྟེན་ཁམས་འདི་འཇིག་སོང་ན།  ཁྱོད་ཚོས་ད་དུང་ཅི་ཞིག་རྩོད་རྩིས་ཡོད། གང་ལྟར་ཅོ་ནེ་ཞེས་པའི་ས་ཆ་འདིར་དགའ་ལྡན་གསེར་ཁྲི་རུ་བཞུགས་མྱོང་བའི་སྐྱེ་ཆེན་དམ་པ་གང་མང་ཞིག་སྐུ་འཁྲུངས་ཤིང་མང་ཚོགས་རྣམས་ཆོས་དད་ཆེ་ཞིང་རྒྱུ་འབྲས་རྩི་མཁན་ཤ་དག་ཡིན་པར་མ་ཟད།  ཆོས་རྒྱལ་སྲོང་བཙན་སྒམ་པོས་གནང་བའི་མི་ཆོས་གཙང་མ་བཅུ་དྲུག་སོགས་གནའ་བོད་སྲོལ་བཟང་དག་རྒྱུན་འཛིན་བྱས་ནས་ད་དུང་ཡང་མ་ཉམ་པར་གནས་ཡོད་པའི་ས་ཆ་ཡར་རབས་ཤིག་ཡིན་པར་མ་ཟད་བོད་མདོ་དབུས་ཁམས་གསུམ་གྱི་རྫོང་མཁར་སོ་སོར་མཚོན་ནའང་ད་སྔར་འདི་ལྟ་བུའི་ཤེས་ལྡན་མི་སྣ་མང་བོ་ཞིག་ས་ཕྱོགས་གཅིག་ནས་འཁྲུངས་མ་མྱོང་བའི་ཚོད་རེད།  འོན་ཀྱང་དེང་སྐབས་ཅོ་ནེ་བའི་མགོན་དུ་བཞུགས་པའི་དགེ་བའི་བཤེས་གཉེན་རྣམ་པ་གང་དུ་ཕེབས་སོང་།  འོན་ཀྱང་དེང་སྐབས་ཅོ་ནེ་བའི་རྒྱུན་འཛིན་དུ་གྱུར་བའི་བསམ་བློ་བ་དག་གང་དུ་མཆིས་སོང་།  འོན་ཀྱང་དེང་སྐབས་ཅོ་ནེ་བའི་ན་གཞོན་ཤེས་ཡོན་པ་རྣམས་གང་དུ་གནས་ཡོད།  འོན་ཀྱང་དེང་སྐབས་ཅོ་ནེ་བའི་མི་རིགས་ལ་ཞབས་འདག་ཞུ་མཁན་གྱི་གླ་ཕོགས་ཆད་མེད་དུ་ལེན་པའི་ལས་བྱེད་པ་དག་གང་དུ་བུད་སོང་།  ཅོ་ནེ་བ་ལ་འདི་ལྟར་འགོ་མཇུག་བར་གསུམ་ན་བདག་པོ་མེད་པའི་རྒྱུ་མཚན་ཅི།  འདི་ནི་རྒྱལ་ཁབ་ཅིག་ལ་མཚོན་ན་དེ་འདྲའི་ཐག་མི་ཆོད་པའི་དོན་ཆེན་ཞིག་རེད་དམ།  ཁོ་ཚོས་མི་སྲོག་མི་ཡིས་ཚབ་དགོས་པའམ་ཚེ་སྲོག་འཇོམས་པའི་ཉེས་དམིགས་དང་འཕྲོག་བཅོམ་བྱེད་པའི་མཇུག་འབྲས་སོགས་ཤེས་ཀྱིན་མེད་པ་འདྲ།  དེ་བས་ཅོ་ནེ་བའི་བླ་གྲྭ་བཤེས་གཉེན་དག་གིས་ལས་འབྲས་ཕྱོགས་ནས་ཁ་གསལ་བོ་ཞིག་གསུངས་རྒྱུ་དང་དཔོན་པོའམ་ཤེས་ཡོན་པ་དག་གིས་ཁྲིམས་ལུགས་ཀྱི་ཕྱོགས་ནས་ར་སྤྲོད་ཡང་དག་ཅིག་བྱེད་དགོས་པ་སོགས་ནི་ཅོ་ནེ་བའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་འགན་ཁུར་ཡིན་པར་མ་ཟད་འདི་དག་ཡོད་ཚད་མི་དམངས་སྲིད་གཞུང་གིས་བདག་དམ་བྱས་ཡོད་ཕྱིར་སྲིད་གཞུང་ལ་ཡར་ཞུ་ལེགས་པོ་ཞིག་འབུལ་ན་རེད།  འདི་ནི་འཛམ་གླིང་འགྲོ་བ་མིའི་རིགས་ལ་ཁྱབ་བསྒྲགས་བྱས་ན་རེད།  འདི་ནི་རང་ཅག་བོད་མི་རིགས་ཀྱི་ཞབས་འདྲེན་རེད།  འདི་ནི་རླབས་ཆེ་བའི་རང་རྒྱལ་གྱི་ངོ་ཚ་རེད།ལྷག་པར་དུ་ཡུལ་ཅོ་ནེ་བའི་ངོ་ཚ་རེད།    མཇུག་ཏུ་སྨྲས་པ་ཡུལ་ཅོ་ནེ་བའི་བླ་མ།གྲྭ་བ།  ཤེས་ཡོན་པ་དང་བསམ་བློ་བ་དག་གཙོ་མཛད་པས་བོད་ཕྱི་ནང་ཀུན་ཏུ་བཞུགས་པའི་སེར་སྐྱ་ཕོ་མོ་ཡོངས་ཀྱིས་བསམ་ན་སེམས་མི་སྐྱིད་པའམ་གླེང་ན་ངོ་ཚ་དགོས་པའི་དོན་རྐྱེན་འདིའི་ཐད་ལ་བསམ་བློ་དང་ཁ་ཏ།  སློབ་གསོ། ལས་འབྲས།  ཁྲིམས་མཐུན།སྔོན་ཐོན།  རྗེས་ལུས། ཐ་ན་མི་ལེགས་པའི་བྱ་བ་འདི་དག་འདོར་དགོས་ཚུལ་ལ་སོགས་པའི་སེམས་གཏམ་རེ་ཁ་པར་དང་གླེང་མོལ། སྐད་འཕྲིན་དང་དྲྭ་ཚུགས་སོགས་གང་ཡིན་ས་ནས་ཕན་ཚུན་ལ་བརྒྱུད་བསྐུར་དང་གཏམ་གླེང་བྱེད་པར་མཁྱེན་མཁྱེན་མཁྱེན་ཞེས་ལག་ཟུང་ཐལ་མོ་སྦྱར་ནས་བོད་ཁ་བའི་ཡུལ་ལ་ངུ་སྐད་ཐེངས་གཅིག་གིས་རེ་འདུན་ཡང་ནས་ཡང་དུ་ཞུས་པ་ལགས།
·རྩོམ་ཡིག་གོང་མ:བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་མདོར་བསྡུས་
·རྩོམ་ཡིག་འོག་མ:རྩེ་གཞུང་རྩྭ་ཐང་གི་འགྱུར་འགྲོས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གེ་སར་གྱི་མཚན་དོན་དང་མཚན་ཐོགས་ཚུལ་ཅུང་ཙམ་གླེང་བ། 2012/9/25 22:42:43
·རྟོགས་བརྗོད་གསེར་གྱི་མེ་ཏོག 2010/7/31 1:18:57
·《གཏམ་རྒྱུད་གསེར་གྱི་ཐང་མ་》བཀླགས་པའི་མྱོང་ཚོར། 2009/10/27 11:20:59
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:38:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:46:07 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:14:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.95MS