ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

སྐད་འཕྲིན་གྱི་དགེ་སྐྱོན་ཟུར་ཙམ་གླེང་བ།

རྩོམ་པ་པོ:བློ་བཟང་དམ་ཆོས།ཡོང་ཁུངས:སེང་དྲ།གཟིགས་གྲངས:1782ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/12/8 11:37:49ཚོགས་ཡར་སྤྲོད:admin
སྐད་འཕྲིན་གྱི་དགེ་སྐྱོན་ཟུར་ཙམ་གླེང་བ།

ཨ་འབུམ་བློ་བཟང་དམ་ཆོས།

དེང་སྐབས་རང་རེ་རྣམས་ཀྱི་མཐོ་བ་ཁྲི་ཐོག་གི་བླ་མ་དང་།   དམའ་བ་རོང་འབྲོག་གི་ཞིང་འབྲོག་རྒན་པོ་རྒན་མོ་ཚུན་ཆད་ནས་སྐད་འཕྲིན་སྤྱོད་བཞིན་པ་དང་།   ལ་ལས་སྐད་འཕྲིན་སྟེང་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་།   ལ་ལས་སྐད་ངག་དབྱངས་ལ་འགུག   ལ་ལས་རིག་པའི་བགྲོ་གླེང་ཕྱོགས་མཐར་བསྐོར།   ལ་ལས་དགའ་རོགས་རྩེ་མོ་ཉིན་མཚན་མཐུད།    ལ་ལས་ཡུལ་ཕྱོགས་ལྟད་མོ་མིག་ལ་འགྲེམས།   ལ་ལས་ཕྱག་ལས་མཛད་བཟང་དུས་ལྟར་སྒྲོག་པ་ལ་སོགས་དྲང་ལྡོག་གཉིས་དང་།   སྤྱི་སྒེར་གཉིས།   བཟང་ངན་གཉིས་སོགས་ལ་བེད་སྤྱོད་གཏོང་བཞིན་པ་འདི་ནི་བརྡ་འཕྲིན་དུས་རབས་ཀྱི་ཁྱད་ཆོས་ཤིག་རེད།   གཞན་ཡང་སྐད་འཕྲིན་སྤྱོད་མཁན་མང་བོ་ཞིག་སྐད་འཕྲིན་དྲ་ལམ་ན་འདི་ལྟར་འཁྱམས་ཡོད་དེ།  ལམ་འགྲོ་བ་དག་སྐད་འཕྲིན་ལ་ཧད་ནས་རླངས་འཁོར་བརྡབས་སྐྱོན་སོགས་ཀྱིས་རང་གི་གཅེས་སུ་འོས་པའི་ཚེ་སྲོག་ཤོར་བཞིན་ཡོད་ལ། གྲྭ་བ་དང་སློབ་མ་དག་སྐད་འཕྲིན་ལ་གཡེང་ནས་རིན་ཐང་གཞལ་དུ་མེད་པའི་སློབ་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་གཏོང་གིན་ཡོད། ལས་བྱེད་པ་དག་སྐད་འཕྲིན་ལ་ཞུགས་ཏེ་སྤྱི་སྒེར་གྱི་ལས་དོན་འཐུས་ཤོར་དུ་འགྲོ་བཞིན་ཡོད།
མདོར་ན་སྐད་འཕྲིན་གྱིས་ཚེ་སྲོག་དང་། ལས་ཀ དུས་ཚོད་དང་། མཛའ་བརྩེ་སོགས་ཡོད་ཚད་ནས་ཡོད་ཚད་བཙན་གྱིས་འཕྲོག་བཞིན་ཡོད།   ད་དུང་སྐད་འཕྲིན་འདི་བདེ་འཇགས་ཀྱི་ཐད་ནས་ཧ་ཅང་གིས་ཉེན་ཚབས་ཆེ་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་།  བོད་ཁུལ་སྐད་འཕྲིན་བརྡ་འཕྲིན་སྤྱིའི་ཀུང་སི་ཟི་ལིང་དུ་བཙུགས་ཡོད་པ་དང་།  ཁྱེད་ཀྱིས་སྐད་འཕྲིན་ཐོ་འགོད་བྱས་མ་ཐག་རང་འགུལ་གྱིས་བརྡ་འཕྲིན་ཀུང་སིར་ཁྱེད་ཀྱི་སྒམ་མཛོད་ཅིག་བཟོས་ཏེ་ཉུང་མཐའ་ལོ་ལྔའི་བར་དུ་གསོག་འཇོག་བྱས་ཏེ་འཇོག་པ་རེད།   རང་རེ་རྣམས་ཀྱིས་ཁ་བརྡ་ཅི་བྱས་དང་པར་ཅི་ཞིག་བརྒྱུད་བསྐུར།  གནས་ཚུལ་གང་ཞིག་བརྒྱུད་བསྐུར་བྱས་པ་ཐམས་ཅད་ལོ་ཟླ་ཚེས་གྲངས་དང་བཅས་གསལ་པོར་ཉར་ཚགས་བྱེད་པ་འདུག   དེ་བས་རྣམ་ཀུན་སྐད་འཕྲིན་འདི་སྤྱོད་དུས་ཆབ་སྲིད་དང་ཁྲིམས་འགལ།  གཞན་ཡང་དུས་མིན་པ་དང་གནས་མ་ཡིན་པ།  ཡུལ་དང་མ་མཐུན་པའི་གཏམ་སོགས་སྨྲ་བ་དང་།  དགག་བྱ་ཅན་གྱི་གནས་ཚུལ་སོགས་བརྒྱུད་བསྐུར་དང་བརྒྱུད་བསྒྲགས་ལ་རིག་པ་གྲུང་པོར་གྱིས།   གཞན་ཡང་ནམ་རྒྱུན་ཁྱེད་རང་ཕ་མ་དང་། བཟའ་ཟླ།  གྲོགས་པོ་སོགས་ཅི་རིགས་དང་ལྷན་དུ་ཡོད་ཀྱང་ཁྱེད་ཀྱི་རྣམ་ཤེས་སྐད་འཕྲིན་གྱི་ཕྱོགས་སུ་འཁོར་ཆེས་ན་མི་དང་མིའི་བར་གྱི་ཁ་བརྡ་དང་ཚོར་བ།  བརྩེ་སེམས་སོགས་ལ་ཚད་ངེས་ཅན་ཞིག་ནས་མི་མཛེས་པ་དང་མ་གུས་པ།  ཐ་ན་གནོད་པ་ཡང་ཞར་སྐྱོན་དུ་ཡོང་གི་འདུག
དེས་ན་སྐད་འཕྲིན་སྤྱོད་མཁན་གྱི་གྲོགས་པོ་རྣམ་པས་སྐད་འཕྲིན་འདི་བཟང་ལམ་དུ་བེད་སྤྱོད་བྱེད་པ་ལས་རང་གཞན་གྱི་དུས་ཚོད་ཟད་བྱེད་དང་གཞན་ལ་གནོད་པའི་རྐྱེན་དུ་མི་འགྲོ་བའི་རེ་སྐུལ་ཟུར་ཙམ་བྱས་པ་ཡིན།
༢༠༡༣  ༡༡   ༢༥
·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༣༩
·རྩོམ་ཡིག་འོག་མ:ཝ་ནག་ལུང་པ།༡ ༢ ༣
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཁེར་རྐྱང་གི་ཕྱི་ནང་། 2013/6/30 11:22:41
·རོགས་ཆུང་ལོ 2013/6/27 11:31:38
·ཁྱེད་རང 2013/4/6 12:11:48
·ཆུང་འདྲིས་ཀྱི་གྲོགས་པོ་དྲན། 2013/2/14 22:50:23
·སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམ་ཆོས་དགོང་ཚོགས། 2013/2/12 12:02:14
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:03:20 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:56:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:13:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS