ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཐེག་ཆེན་གླིང་གི་དགེ་འདུན་ཐེག་དམན་འཇང་དགུན་དུ་ཕེབས་པ།

རྩོམ་པ་པོ:ཐང་མཁས།ཡོང་ཁུངས:ངེདམདྲ་བ།གཟིགས་གྲངས:7551ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/2/17 11:12:40ཚོགས་ཡར་སྤྲོད:admin
ཐེག་ཆེན་གླིང་གི་དགེ་འདུན་རྣམས་ཐེག་དམན་གྱི་འཇང་དགུན་ཆོས་སུ་ཕེབས་པ།

མཁན་པོ་དགེ་སྐོས་སོགས་ལས་སྣེ་རྣམས་ཀྱི་གྲྭ་ཚང་གི་མཚན་སྙན་ལེགས་སྲུང་དགོས་པའི་བཀའ་སློབ་སྙིང་ལ་བཅངས་ནས་འགྲུལ་འཁོར་ལྡིར་སྒྲ་དང་དང་བཅས་ལམ་དུ་ཆས།  ལམ་དུ་གཞིས་གྲོང་ཁག་དང་རྣམ་གྲོལ་གླིང་ནས་བསྐྱོད་སྐབས་ཀི་སྒྲ་ཆོ་སྒྲ་འདེབས་པ་དང་ལག་གཡུག་བྱེད་པ་སོགས་ཀྱིས་སྔོན་མ་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་མགོར་ངའི་ཕ་ཡུལ་གྱི་འབྲོག་པ་ཚོ་རླང་འཁོར་སྟེང་ཐོག་མར་འཛེག་རྒྱུ་རྙེད་དུས་ཀྱི་བྱེད་སྟངས་དེ་ཕྱིར་དྲན་ཐེངས་ཤིག་བྱས་སོང་བ་ལས་རྒྱུན་ལྡན་ངེད་ཅག་གི་བྱེད་སྟངས་དེ་ལ་དམིགས་བསལ་ཡ་མཚན་རྒྱུ་ཅི་ཞིག་ཡོད།  གདན་ས་ཆེན་མོ་དཔལ་ལྡན་འབྲས་དཀར་སྤུངས་པའི་དབུ་མཛད་ཀྱི་གཡུ་འབྲུག་སྔོན་མོ་ལྡིར་འདྲའི་གསུང་དབྱངས་ཀྱིས་དགེ་ལྡན་འཇང་དགུན་ཆོས་དབུ་འཛུགས་གནང་ནས་འཇམ་དཔལ་མཚན་བརྗོད་ཀྱི་ཚིགས་བཅད།ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགསཞེས་པའི་སྐབས་སུ་མཚམས་བཞག་ནས་འདི་འདྲ་མིན་ན་ཅི་འདྲ་ཡིན་སྙམ་པ་བྱུང་།  བློ་གླིང་དགེ་སྐོས་ཆེན་མོས་རིས་མེད་དགེ་འདུན་རྣམས་ཕྱི་སྤྱོད་ལམ་དང་།  ནང་ཀུན་སློང།  བར་མཐུན་འབྲེལ་སོགས་བསྟན་པའི་མིག་རྒྱན་དུ་གྱུར་བ་ཞིག་དགོས་པའི་བཀའ་སློབ་ཡིད་དུ་འཐད་པ་གནང་།  མཁར་རྔ་སེང་སེང་གྲག་པ་དང་ཕྱོགས་ཅུ་དུས་གསུམ་ནས་ཕེབས་པའི་རིགས་པ་སྨྲ་བ་རྣམས་ལུང་རིགས་ཀྱི་མདའ་ཁ་དྲག་ཏུ་འགྱེད་དེ་སྒེར་གྱི་རྩོད་ཟླ་དང་། འཛིན་གྲྭའི་དམ་བཅའ།  ཐོགས་ཆོད་དམ་བཅའ།  མཚན་ཕུད་དམ་བཅའ་སོགས་སུ་སྔ་རྒོལ་ཕྱི་རྒོལ་གཉིས་ཀས་རྗེ་བཙུན་དང་།  པཎ་ཆེན།  ཀུན་མཁྱེན།  མཁས་གྲུབ་བསྟན་དར་རྣམས་པའི་ཡིག་ཆ་ཕན་ཚུན་ལ་ལུང་རིགས་ཀྱི་གནོད་བྱེད་མང་དུ་སྟོན་རེས་བྱེད་ཀྱང་ཐར་ལམ་གསལ་བྱེད་དང་།  ཕྱོགས་གླང་ཆོས་གྲགས་ཀྱིས་གསུངས་ཚད་ནོར་མེད་འཁྲུལ་མེད་གཞིར་བཞག་གིས་སྲེག་བཅད་རྡར་གསུམ་བྱེད་པ་ནི་མི་རབས་ནས་མི་རབས་སུ་གོམས་པའི་ངེད་ཚང་གི་ཁྱད་ཆོས་ཤིག་ཆགས་ཚར་ཕྱིར་དེ་ལ་སེམས་ཁྲལ་བྱེད་པ་ནི་རང་ཉིད་སྙིང་གཟེར་རྒྱག་རོགས་ལས་ཅི་ཞིག་ཡོད། དམ་བཅས་ཁས་བླངས་ཟིན་པ་ལ་ཁས་ལེན་མེད་ཟེར་ནས་ཨུ་ཚུགས་བྱེད་པ་དང་། གཏོང་མཁན་གྱིས་སྐབས་བབས་གཞུང་ཚན་མིན་སར་ནག་ཁྲིད་བྱེད་པ་འགའ་འདུག་པ་ནི་ངོ་ཚ་བའི་གནས་ཏེ།  ས་པཎ་གྱིས་༼རིགས་གཏེར་༽ལས། གཡོ་དང་རྫུན་གྱིས་ཚར་བཅད་པ།། དེ་ལ་རྒྱལ་ཕམ་མི་བཞེད་དོ།། གསུངས་པ་ཡང་དེ་ཚོ་ལ་དགོངས་པ་ཅི་ལ་མིན།
གུང་སེང་མིན་པའི་རྒྱུན་ལྡན་རྣམས་སུ་ཡང་གྲྭ་བ་རྣམས་གཞིས་གྲོང་དྲུག་པ་དང་གསུམ་པ་སོགས་སུ་ཞལ་ལག་རྣམ་མང་མདུན་དུ་བཤམས་ཡོད་པ་ནི་ཕལ་ཆེར་བྱ་ཤ་དང་།  ཕག་ཤ  གླང་ཤ་གང་རུང་ཞིག་ཡིན་པས་ཁྱབ་འདུག་པ་འདི་སེམས་འཚབ་ཅུང་ཟད་མི་ལངས་རང་ལངས་རེད།  ཉུང་རྩིས་བྱས་ན་ཉིན་རེར་གྲྭ་བ་སུམ་བརྒྱ་ཙམ་གྱིས་ཤ་བཞེས་པས་མི་ལྔ་རེས་བྱ་དེ་རེ་དང་མི་བརྒྱ་རེས་གླང་གོག་རེ་མཆོད་འགྲོ་ན་ཟླ་གཅིག་ལ་གླང་གོག་༩༠འམ་བྱ་དེ་༡༦༠༠ཙམ་དང་ཆ་སྙོམས་བགོས་ན་གླང་གོག་༤༥དང་བྱ་དེ་༨༠༠ཙམ་གྱིས་འཇང་དགུན་ཆོས་ཀྱི་སྟོན་མོ་བྱེད་འགྲོ་བ་འདི་སྟོན་པ་ཚད་མར་སྒྲུབ་བྱེད་དུ་ཕེབས་པའི་མཇུག་འབྲས་འོས་ཤིང་འཚམས་པ་ཞིག་མ་རེད་སྙམ།  ཁོ་བོས་གོ་ཚོད་ལ་སྤྲུལ་སྐུ་རྣམ་པའི་གསོལ་ཚིགས་རྟག་ཏུ་ཤ་ཡོད་ཡིན་ཚུལ་དེ་བདེན་ཚེ་ངེད་ཚང་སླར་ཡང་བསྟན་འགྲོའི་དོན་དུ་ཕེབས་པའི་ཡང་སྲིད་འཁྲུལ་བྲལ་མང་དྲགས་པས་དེ་ནས་ཀྱང་གང་ཟག་མི་ཉུང་པ་ཞིག་བདེ་བ་ཅན་ལ་དྲངས་ཚར་ཡོད་ཐག་ཆོད།  བྱ་སྤྱོད་འདི་ཚོས་སེམས་ཅན་ལ་ཕན་བདེ་མི་འབྱུང་བས་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་དང་དེ་འཛིན་གྱི་གྲྭ་ས་ཁག་གི་མཚན་སྙན་ལ་མ་གནོད་ན། ཡིག་ཆའི་ཚིག་ཟུར་ཁ་ཤས་དང་རྩ་བའི་དམ་བཅའ་རེ་གཉིས་ཤོར་བས་སྤུ་རྩེ་ཙམ་ཡང་མི་གནོད་པར་ཁས་ལན་ཁག་ཁུར་གྱི་གསང་ཡིག་མཉམ་འབྲེལ་རྒྱལ་ཚོགས་ཐོག་རྒྱག་དགོས་ཀྱང་ཞུམ་པ་ཅི་ལ་དགོས།  ང་ཚོས་ཕྱོགས་ཡོངས་ནས་གལ་ཆེན་དང་གནད་འགག་ལ་ཐུགས་བསམ་བཞེས་དགོས་པ་ལས་ཆེ་ཆེ་གར་སོང་མ་རིག་ཆུང་ཆུང་མུག་རྩིས་མང་ཞེས་པའི་གཏམ་དཔེ་དེ་མཚམས་རེ་འདྲེན་ས་མི་རྙེད་པའི་ངེས་པ་མི་འདུག  འདི་ནི་འཇང་དགུན་ཆོས་ཙམ་མ་ཡིན་པར་རྒྱུན་དུ་ནས་བསྟན་པ་ཉམས་མི་ཉམས་དེ་རྩོད་ཤུགས་ཉམས་མི་ལ་རྗེས་སུ་འགྲོ་ལྡོག་གྲུབ་པའི་ལྟ་ཚུལ་འདིས་ལྐུགས་རྟགས་ནམ་མཁར་མི་ཤོང་པ་ཞིག་བསྟན་ཀྱིན་མི་འདུག་གམ།  རྩོད་པ་ནི་ཐོས་བསམ་གྱི་ལག་ཆ་ཡིན་པ་ལས་སྙིང་པོ་ཅི་ལ་ཡིན། གཞན་དུ་ཇོ་བོ་རྗེས།མངོན་སུམ་རྗེས་དཔག་དགོས་པ་མེད།། མི་སྟེགས་རྩོད་པ་ཟློག་པའི་ཕྱིར།། མཁས་པ་རྣམས་ཀྱིས་བྱས་པ་ཡིན་ཞེས་དང་།  སློབ་དཔོན་ཕྱོགས་གླང་གིས་ཀུན་བཏུས་ལས།གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན།། ཐུབ་པའི་བསྟན་ལས་ཕྱིར་བསྲིངས་ཉམས་པར་བྱས་པ་ཡིན་ཞེས་ནང་པའི་ཚད་མ་རིགས་པའི་སྲོལ་འབྱེད་རང་ཉིད་ཀྱིས་མཇུག་བསྡོམས་སུ་འགན་ཁུར་གྱི་ཚིག་དེ་གསུངས་པས་ཀྱང་གང་ལེགས་མཚོན་ཡོད།  ད་ནི་འཕྲོས་བཤད་བསྐྱུར་ཏེ་སྐབས་བབས་གླེང་ན་འདིར་ཆོས་གྲོགས་འགའ་ཞིག་གིས་སྟོན་པ་བཀའ་དྲིན་ཅན་གྱིས་འདུལ་བ་ནས་ཤ་མ་བཀག་གོ་ཞེ་ན།  ༼འདུལ་བ་སྨན་གཞིའི་སྐབས་ཀྱི་གླིང་གཞི་ནས༽དགེ་སློང་དག་སྟོན་ཀའི་ནད་ཀྱིས་ཐེབས་ཏེ་སྐྱ་བོ་དང་སེང་སེང་པོར་གྱུར་པ་ལ་བརྟེན་ནས་གནང་བའོཞེས་ནད་པ་ལ་གནང་པར་གསུངས་འདུག་པས་གསོལ་ཀྲུམ་མཆོད་འདོད་ཡོད་ཚད་ཀྱིས་ལུང་འདྲེན་རྒྱུ་ཡིན་ས་མ་རེད། བྱིས་པ་འགའ་ཞིག་གིས་ལྷས་སྦྱིན་གྱི་བརྟུལ་ཞུགས་སུ་ཤ་བཀག་ཡོད་པས་དེའི་ལྡོག་ཕྱོགས་གནང་པ་རེད་ཟེར་བ་ནི་ཨ་མ་དང་མནའ་མ་ནོར་བ་ལས་ཀྱང་ནོར་ཚབས་ཆེ་བ་ཡིན་ཏེ། ན་གྱི་ཟླ་མེད་པའི་སྟོན་པ་ཁོང་དངོས་ཐོག་བདེན་འཚོལ་གནང་མཁན་ཡིན་པ་ལས་རང་དང་ལྟ་གྲུབ་མི་མཐུན་པ་དག་ཁ་གཏད་བྱ་ཕྱིར་རྟགས་གསལ་སྒྲིག་མཁན་དེ་འདྲ་ཅི་ལ་ཡིན། གཞན་ཡང་༼མདོ་ལང་གཤེགས༽ སུ་ཡང་ཤ་མི་ཟ་ན་ནི། དེའི་ཆེད་དུ་སྲོག་ཆགས་རྣམས་ཀྱང་གསོད་པར་མི་འགྱུར་ཞེས་དང།  དེ་ཉིད་ནས་ངའི་ཉན་ཐོས་རྣམས་ཁ་ཟས་ཐ་མལ་པའང་མི་ཟ་ན་ཤ་ཁྲག་ནི་ལྟ་ཅི་སྨྲོས་ཞེས་དང་། ཡང་དེ་ཉིད་ལས་ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པུ་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན་ཇི་ལྟར་བདག་གི་བུ་ཡི་ཤ་བཟའ་བར་ཉས་ཐོས་རྣམས་ལ་གནང་བར་བྱེད་  ཞེས་གསུང་མཁན་གྱི་སྟོན་མཆོག་དེ་ཡི་དགེ་ཕྲུག་ཚོས་ཐུགས་བསམ་ཡག་པོ་བཞེས་དགོས་པ་འདྲ།  རྒྱུན་དུ་ངེད་ཚོའི་ཁ་ཤ་ལ་བཏགས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་འགན་ཁུར་ཐུབ་མིན་མི་ཤེས་ཀྱང་རང་ཉིད་སྡོད་སའི་ཉེ་འཁོར་ན་ཡོད་པའི་དུད་འགྲོ་དེ་ཚོ་སྐེ་བཅད་དུས་ན་ཚ་ཡོད་མེད་བསམ་བློ་གཏོང་ཙམ་གཏོང་ཙམ་བྱས་ན་ཡག་པོ་ཡོད་ས་རེད།  ད་ནི་འཇང་དགུན་ཆོས་ཆེན་མོ་ལེགས་གྲུབ་བྱུང་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཞལ་ངོ་ལགས་ཀྱིས་དབུས་མཁན་ཆེན་རྡོ་རྗེ་འཆང་ནས་མཇུག་ཞག་མགོ་ང་ཚོའི་གྲས་བར་གྱིས་བསྟན་པ་རྒྱས་པའི་བྱ་བ་བསྒྲུབས་སོང་ཞེས་མི་རེ་ལ་མིང་རེ་དང་སྐྲ་རེ་ལ་གཡུ་རེ་བཏགས་ཏེ་བསྟོད་བསྔགས་དང་སྐྱབས་འཇུག་ས་གནམ་གཉིས་ཀྱི་དབར་མི་ཤོང་པའི་ཚོད་དུ་གནང་སོང་རུང་།  སློབ་གཉེར་པ་རྣམས་ཀྱི་སྐུ་གཟུགས་ལ་ཚེ་སྲོག་གིས་ནུས་ཤུགས་འབུལ་མཁན་གླང་གོག་དང་བྱ་དེ་འདས་པོ་དེ་ཚོ་ནི་སྙིང་རྗེ་ཙམ་ཡང་གསུང་མཁན་མི་འདུག་པས་རྩོམ་ཐུང་འདི་ཡི་ཁ་བྱང་གི་ཚིག་(ཐེག་དམན)་ཞེས་པ་དེ་ལམ་གྱི་ཐེག་དམན་ལ་གོ་དགོས་པ་གསལ་སྟོན་བྱས་ཡོད། རང་ཉིད་སྤྱང་ཀི་ལྟར་ཤ་ཁྲག་ལ་རྔམ་བཞིན་སྐད་ཆ་འདི་ལྟར་སྒྲོག་པར་ངོ་མི་ཚའམ་ཞེ་ན་ཅུང་ཟད་ཚ་མོད་སུ་ཞིག་རང་གིས་བྱེད་པའི་བྱ་བ་ཡིན་ཚད་སྡིག་པ་མིག་བཙུམ་གྱིས་ཡང་དག་པར་སྒྲུབ་མཁན་ལ་བལྟོས་ན་རང་སྐྱོན་རང་བརྗོད་བྱས་པ་འདི་ནོར་འཁྲུལ་ཆེན་པོ་ཞིག་ཅི་ལ་ཡིན།།

བུ་ཡི་སྤྱོད་པ་ངན་པ་ཁྲོམ་ནས་སྟོན།།
གཞན་དག་གད་མོ་དགོད་ཅིང་རྒྱང་ནས་ལྟ།།
ཨ་མས་མིག་ཆུ་གཏོང་བཞིན་བུ་ལ་སྡིགས།།
འདིས་ནི་ཨ་མའི་བུ་ལ་བརྩེ་བ་མཚོན།།

༢༠༡༤ ༢  ༡༤ ཉིན་རྒྱུ་མཚན་སྨྲ་བ་ཐང་དགོན་མཁས་མཆོག་གིས་སེ་ར་ཆོས་སྒར་ནས།།

·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༤༣
·རྩོམ་ཡིག་འོག་མ:ཏྲེ་ཅོག་རོའི་གནའ་བྲོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:32:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:19:04 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:18:49 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS