ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

དགོན་པ་ནང་སྐྱིད་ཉལ་བྱེད་ནས་མ་སྡོད།

རྩོམ་པ་པོ:སྨྱུག་ནགཡོང་ཁུངས:གླིང་སྲས་བོད་ཡིག་དྲྭ་ཚུགསགཟིགས་གྲངས:1984ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/3/29 12:44:55ཚོགས་ཡར་སྤྲོད:admin

དགོན་པ་རུ་སྐྱིད་ཉལ་བྱེད་ནས་མ་སྡོད།

སྤུན་ཟླ་རྣམ་པ་ལགས། ང་ཚོའི་ཆིག་སྒྲིལ་གྱི་ཆུ་ཀླུང་སྔར་ནས་ཆད་ཅིང་། འུ་ཐུག་གི་མུན་པ་དང་ཇེ་ཉེར་འགྲོ་བཞིན་པའི་དུས་འདིར། ངས་ཇོ་སེར་གྱི་གྲངས་འབོར་ཟུར་ཙམ་གླེང་འདོད་བྱུང་། དེ་རིང་ཁ་སང་ང་ཚོའི་མི་རིགས་འདི་དཀའ་ངལ་དང་འཕྲད་ཡོད་པ་ཀུན་གྱི་སེམས་སུ་མ་བཤད་རང་ཤེས་རེད། དེ་ཡིན་དུས་མི་རིགས་ལ་དཀའ་ངལ་འཕྲད་ན་དགོན་པ་ལ་ངལ་གསོ་ཡོད་ཟེར་དཀའ་མོ་རེད་ལ། ཡོད་ཀྱང་མི་འོས། རྒྱུ་མཚན། མི་རིགས་འདི་མེད་སོང་ན་དགོན་པ་འདི་གནས་ཟེར་དཀའ་མོ་རེད། དེར་བརྟེན་ངས་ཐོག་མར་མི་རིགས་གནས་དགོས་ཞུ་རྒྱུ་ཡིན། འོ་ན་དེ་རིང་ཁ་སང་དགོན་པས་མི་རིགས་སྐྱོབ་ཀྱིན་མེད་པ་ཨེ་རེད་ཟེར་ན། དེ་ཡང་མ་རེད། ཕྱོགས་ལ་ལ་ནས་དགོན་པས་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་སྲོག་
རྩ་བཟུང་ནས་ཡོད་ལ། ཡང་ཕྱོགས་ལ་ལ་ནས་བསམ་མེད་ཀྱི་གྲྭ་གཞོན་དང་བཙུན་མ་གང་མང་ཞིག་དད་ལྡན་གྱི་གུས་རྫས་དང་ཁྱིམ་ཚང་གི་མ་རྩ་ལ་བསྟེན་ནས་དགོན་པ་རུ་སྐྱིད་ཉལ་བྱེད་ཀྱིན་ཡོད། དྲང་མོར་བཤད་ན་དེའི་རིགས་ནི་སངས་རྒྱས་བསྟན་པའི་རྩ་དོན། མི་རིགས་ཧྲིལ་བོའི་ཁེ་ཕན། གང་ཟག་སྒེར་གྱི་ལངས་ཕྱོགས་སོགས་གང་ལ་བསམ་ན་ཡང་གནོད་པ་ལས་ཕན་འབྲས་ཏིལ་ཙམ་མ་བྱུང་བས་དགོས་པ་རུ་ཁྱོན་ནས་མ་འདུག་ཞུ་རྒྱུ་ཡིན། དགོན་པ་རུ་སྐྱིད་ཉལ་བྱེད་ཀྱིན་པའི་གྲྭ་གཞོན་དང་བཙུན་མ་ཁྱེད་རྣམ་པ་ནང་བསྟན་ལ་དགའ་ཞེན་དང་མཆོག་གསུམ་ལ་ཡིད་ཆེས་ཡོད་ན་དཀོར་ཟས་ལ་ཐུགས་བསམ་གཏོང་རོགས། བདག་ཅག་གི་སྟོན་པ་ཞལ་བཞུགས་དུས་སུ་དགེ་སློང་ལྔ་བརྒྱས་དུས་ཅིག་ཏུ་སྡོམ་པ་ཕུལ་བའི་རྒྱུ་རྐྱེན་སོགས་ལ་རྣམ་དཔྱོད་ཀྱི་སྒོ་མོ་རབ་ཏུ་ཕྱོགས་འོས་སོ།། ཡང་དེ་རིང་ཁ་སང་ལ་ལ་ཞིག་དགོན་པར་འདུག་ན་མི་འདོད་ཀྱང་རང་གིས་རང་ལ་ཨུ་ཚུགས་བྱེད་ནས་སྡོད་ཀྱིན་ཡོད། ཡང་ལ་ལ་ཞིག་སྡོམ་པ་ཉམས་ཀྱང་ཨུ་ཚུགས་ཀྱིས་དགོན་དུ་འཚང་ག་བྱེད་ཀྱིན་ཡོད། ངོ་མ་བཤད་ན་སངས་རྒྱས་ཀྱི་བསྟན་པ་བཤིག་མཁན་ནི་དེ་ཚོ་རེད། ཁོང་ཚོའི་བསམ་ཚུལ་ངས་ཅུང་ཟད་ཅིག་ཤེས་ཡོད་དེ། ཕྲུ་གུ་འཁོར་ཡང་དགོན་པ་དང་ཁ་མི་བྲལ། སྡོམ་པ་ཉམས་ཀྱང་ངུར་སྨྲིག་གི་གོས་མི་འདོར་བའི་རྒྱུ་མཚན་ནི་ཁོ་ཚོར་སྤྱི་ཚོགས་
ནས་འཚོ་བ་དགའ་ཞིག་མི་རྙེད་པར་དོགས་ཏེ་དཀོར་ཟས་ལ་སེམས་པ་ཁེན་ཡོད་པས་སོ།། སྡོད་ན་མི་འདོད་ཀྱང་ཨུ་ཚུགས་ཀྱིས་རང་གི་བསམ་བློ་དང་འགལ་དགོས་དོན་ནི་ཁོ་ཚོ་མི་ཁ་ལ་སྐྲག་གིན་ཡོད་པས་སོ།། དོན་དངོས་ཁས་ལེན་མི་སྤོབས་པའི་བསམ་མེད་དེ་ཚོས་སངས་རྒྱས་ཀྱི་བསྟན་པ་དང་མི་རིགས་ཀྱི་ཁེ་ཕན་རང་ཉིད་ཀྱི་རྩ་དོན་སོགས་ལ་གྱོང་གུན་ཚབས་ཆེན་གཏོང་གིན་ཡོད་དོ།། ལ་ལས་བཤད་ན་ངེས་འབྱུང་མེད་པའི་བྱིས་པ་བསམ་མེད་ཚོ་དགོན་པ་ནས་སྐྲ་ལོ་མ་བཅད་ན་མ་འོངས་པར་དགོན་པ་འཇིག་ཉེན་ཡོང་བའི་སེམས་ཚབ་བྱེད་ཀྱིན་འདུག་ཀྱང་དེ་ནི་རི་བོང་གནམ་རྡིབ་ཀྱི་དཔེ་ཟླ་རེད། སངས་རྒྱས་ཀྱི་བསྟན་པ་འདི་གཙོ་བོ་གྲྭ་སྤུས་ཀྱིས་འཛིན་དགོས་པ་ལས་གྲངས་འབོར་གྱིས་བཟུང་མི་ཐུབ་པ་ནམ་ཡང་ཤེས་པ་གྱིས་
ཤིག  ཡང་ཅིག་བཤད་ན་དེ་རིང་ཁ་སང་བོད་ལ་གྲྭ་པ་མང་སྐྱོན་ལས་ཉུང་སྐྱོན་གཏན་ནས་མེད། མང་བའི་རྐྱེན་གྱིས་རིག་རྒྱུ་མང་ན་གོ་རྒྱུ་མང་ཞེས་པའི་དཔེ་བཞིན་དུ། དེ་རིང་ཁ་སང་བོད་ཡུལ་དུ་བླ་གྲྭ་ལ་རྒོལ་མཁན་གྱི་ཐལ་སྒྲ་ཇེ་མང་དུ་འགྲོ་བཞིན་པ་འདི་རེད། འདི་ཡང་མང་སྐྱོན་གྱིས་བཟོས་པའི་ཆག་སྒོ་རེད། སྟོན་པ་དཀའ་དྲིན་ཅན་གྱིས་ཀྱང་། ངའི་བསྟན་པ་འདི་ང་མིན་ང་འདྲ་ཞིག་གིས་བཤིག་གསུངས་པ་དེ་ཡང་འདི་འདྲ་འགའ་ལ་གསུངས་པ་རེད། ངེས་འབྱུང་གིས་མཐའ་བཅད་ཅིང་། བྱང་སེམས་ཀྱི་མགོ་འཛུགས་པོ་ཞིག་མེད་བཞིན་སྤྱི་བོའི་གཙུག་ཕུད་དེ་ལེན་རྐྱང་བྱས་ན་གྲྭ་པ་དང་དགོན་པ་ལ་རྒོལ་བའི་མདུང་རྩེ་འདི་རང་གིས་བཟོས་པ་ཡིན་པས་བླ་རྒན་ཚོས་བསམ་བློ་ཞིབ་ཏུ་གཏོང་ལ་རེམ། ངེས་འབྱུང་གིས་མཐའ་རྒྱན་ཞིང་མི་གཞིར་རྩེར་སོན་པ་ཞིག་མེད་ན་བྱིས་པ་ཚོ་དགོན་པ་ལ་གཏོར་མ་འབུལ་འབུལ་བྱེད་ནས་བཞག་བསྡད་ན་ཆོས་ལུགས་འཇོམས་པའི་གཤེད་མ། མི་རིགས་བརླག་པའི་རལ་གྲི། ཁ་ཕྱོགས་མེད་པའི་སྤྲང་འཁྱམ། རང་
ཉིད་འཇིབ་པའི་གཟིག་ཕྲུག་ཅིག་ཏུ་འགྱུར་ཉེན་ཆེ་བས་ཁྱིམ་ཚང་ཀུན་པོས་བསམ་བློ་ཞིབ་ཏུ་གཏོང་ལ་རེམ། ད་དུང་ནན་གྱིས་ཞུ་བྱ་ཞིག་ལ། དད་རྫས་དང་ཁྱིམ་ཚང་ལ་མགོ་བོ་ཁེན་ནས་གཟིམ་ཡོད་པའི་བཙུན་མ་ཁྱེད་ཚོས་ལག་པ་བྲང་ལ་སྦྱར་ནས་མནོ་བསམ་ཞིབ་ཏུ་ཐོངས། ཁྱོད་ཚོ་མང་ཆེ་བ་ཞིག་ཇོ་ཞལ་དང་སྤྲང་ཐུག་གང་ཡང་མ་རག་པའི་ཁ་དཔེ་བཞིན་གྱུར་མི་འདུག་གམ། ཁྱོད་ཚོའི་ནང་ནས་འདྲ་མཉམ་དགོས་ཞེས་འུད་པོ་ཆེ་ཡི་སྐད་སྒྲ་འགའ་ཐོས་པ་ཙམ་ལས་བསྟན་པ་དང་སེམས་ཅན་མི་རིགས་སོགས་ལ་གཞན་དྲིན་མི་འཇོག་པའི་བྱ་བ་སྒྲུབ་མཁན་ནི་ཉིན་སྐར་ནང་གི་ཉིན་སྐར་ལྟར་སྣང་ཞིང་། གྲངས་འབོར་མང་བ་ལ་ནི་མང་ཚོད་གཅིག་མ་རེད། དགོན་པ་རུ་སྐྱིད་ཉལ་བྱེད་མཁན་ཇི་ཙམ་མང་བ་དེ་ཙམ་དུ་ང་ཚོའི་མི་རིགས་ཀྱི་གྱོང་གུན་རེད། ང་ཚོའི་མི་རིགས་འདི་རྗེས་ལུས་ཆེན་པོ་གསུམ་གྱིས་ཞོན་ནས་ཡོད་དེ། ཤེས་ཡོན། དཔལ་འབྱོར། གྲངས་འབོར། དེ་གསུམ་གྱི་ཆ་ནས་ང་ཚོ་ལུས་བསྡད་ཡོད། འདི་གསུམ་པོ་ལ་དགོན་པར་སྐྱིད་ཉལ་
བྱེད་པོ་ཚོས་བསམ་བློ་ངེས་པར་དུ་གཏོང་དགོས། ངས་རྩོམ་རིག་གི་གར་སྟེགས་འདི་ནས་ཁྱོད་ཚོ་ལ་དཔྱད་བརྗོད་སྤེལ་བའི་དོན། སྐྱིད་ཉལ་བྱེད་བསམ་ན་དགོན་པ་རུ་ཁྱོན་ནས་ཡོང་མི་དགོས། རང་གིས་རང་ལ་ཞིབ་ཏུ་ལྟོས། ངས་འགྲན་བརྩོད་ཀྱི་འཐབ་ར་འདི་ནས་བདེན་དོན་གྱི་རལ་གྲི་ཕྱར་ནས་ཁྱོད་ཚོ་ལ་སྡིགས་མོ་བྱེད་པ་ཡིན། ཁྱེད་ཚོ་འཇིག་རྟེན་མི་ལུགས་གཙིགས་སུ་འཛིན་ཞིང་། དམ་པའི་ལྷ་ལུགས་ལ་ཡིད་ཆེས་མཁན་ཞིག་ཡིན་ན་ཁྱིམ་ཚང་དང་དད་ལྡན་ཚོའི་ཁྲག་དང་རྔུལ་ཆུའི་གསེང་ནས་བྱུང་བའི་ནོར་རྫས་དེ་ཚོ། ཁྱེད་དགོན་པ་རུ་སྐྱིད་ཉལ་རྒྱག་བྱེད་དུ་མི་བཞེས་རོགས།རང་ཉིད་རང་ལ་མི་ཁྲེལ་བ་ཞིག་མ་ཐུབ་ན། ད་མང་སྐྱོན་ལས་ཉུང་སྐྱོན་མི་འདུག་པས་ཉུང་དུ་ཐོངས་ཤིག ངའི་རིག་པའི་རྩེ་མོ་དམིགས་ཡུལ་ནི་ཨུ་ཚུགས་བྱེད་པོ་རིག་གཉིས་ཡོད་པ་དེ་ཁོ་ནར་ཡིན། ཁོ་ཚོའི་རྩེ་མོ་བཀུག་ཅིང་རྩ་བ་བཅོམ་མ་ཐུབ་ན་བདག་གི་སྨྲ་ལྕེ་འདི་གཤིན་རྗེའི་ཁྲོམ་དུ་ངལ་དགོས་ཀྱང་འགྱོད་སེམས་སྤུ་ཙམ་མེད་ངེས་ཡིན། ངས་འདི་ལྟར་བཤད་དུས་གནའ་མི་ཚོས་གནའ་གཏམ་ར་མདའ་རུ་སྤྲིང་ངེས་ཀྱང་། ཁོ་བོ་ནི་གནའ་གཏམ་གྱི་བོང་ཆེན་ལ་ཅི་ཡང་མི་སྐྲག་ཅིང་། གྲ་སྒྲིག་ཡོད་པས་ཐོངས་ཤོག

དེ་རིང་གི་སྐད་ཆ་ཐུང་ངུ་འདི་ནི་འགོ་སློང་ཙམ་ལས་ཡོད་ཚད་འཐུས་པ་ཞིག་གཏན་ནས་མིན་པས་ང་ཚོ་རྗེས་ནས་སླར་ཡང་མཇལ། བོད་རབ་རྒྱན་ཤིང་རྟ་ལོའི་ཟླ་བ་དང་པོའི་ཚེས་ཉེར་གསུམ་ཉིན་སྨྱུག་ནག་དེས་བླ་རུང་ནས།

·རྩོམ་ཡིག་གོང་མ:དེང་རབས་ཀྱི་སྤྱི་ཚོགས་དང་རྙོག་དྲ།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༤༥
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ། 2014/4/13 13:00:24
·རིག་གནས་གསར་རྙིང་བར་གྱི་མཐུན་འཇུག 2011/12/31 14:53:19
·བྱ་ཚིག་གི་དུས་གསུམ་དང་དངོས་པོ་བདག་གཞན་སྐོར། 2011/12/8 10:05:13
·བོད་མིའི་གཤིས་ཀ་ཡ་མཚན། 2011/11/26 22:46:11
·ཆང་དང་མ་ཅཱང་གངས་ཅན་ཡུལ་ལ་དར། 2011/7/14 20:11:35
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:02:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:13:16 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:12:49 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 72 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།95.70MS