ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

མང་ཚོཊ་ཀྱི་ཁྲིམས་ལུཊ་འདུ་ཤེས་ཇེ་དྲག་གཏོང་བའི་ཐད་ཀྱི་བསམ་ཚུལ།

རྩོམ་པ་པོ:རྩོམ་སྒྲིག་པ གཟུངས་སྐྱིད།ཡོང་ཁུངས:མཚོ་སྔོན་བོད་སྐད་རླུང་འཕྲིན།གཟིགས་གྲངས:1512ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/2/4 14:19:51ཚོགས་ཡར་སྤྲོད:ངེད།
བོད་རིགས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ཐད་ཀྱི་བསམ་ཚུལ་འགའ་གླེང་བ།

ཁྲིམས་ལུགས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཡིན་ཞིང་མི་རྣམས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཁྲིམས་ལུགས་ཐད་ཀྱི་དཀའ་ངལ་སྣ་ཚོགས་ལ་འཕྲད་དུས་ཁྲིམས་ཀྱི་ལག་ཆ་བཟུང་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་བཤད་མ་དགོས་པ་ཞིག་རེད། བོད་ལ་མཚོན་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཁྲིམས་ལུགས་སྣ་ཚོགས་ཡོད་ལ།  ཁྲིམས་ལུགས་དེ་དག་གིས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འཆམ་མཐུན་ཡར་སྐུལ། བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
དེ་ལྟར་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་སྟོང་ལོ་ཆེན་མོའི་སྣོལ་མཚམས་སུ་ཐོན་ཞིང་། རང་རེའི་རྒྱལ་ཁབ་ཀྱིས་ཀྱང་ཁྲིམས་ལྟར་རྒྱལ་ཁབ་བསྐྱང་དགོས་པའི་འཐབ་ཇུས་ཡང་དག་པ་བཏོན། ཚང་མས་ཤེས་གསལ་ལྟར་ད་སྐབས་སྤྱི་ཚོགས་སྟེང་ངལ་རྩོལ་གྱི་གན་རྒྱ་འཇོག་པ་དང་ཁང་བ་ཉོ་བ་སོགས་བྱ་བ་ཆེ་མ་ཆུང་གསུམ་ཅི་ཞིག་བསྒྲུབ་ཀྱང་ཁྲིམས་ལུགས་ཀྱི་ཤེས་བྱ་ཅུང་ཙམ་མེད་ཚེ་གཞན་གྱི་གཡོ་འོག་ཏུ་ཚུད་འགྲོ་བ་གདོན་མི་ཟ། དེ་བས་ཁྲིམས་ལུགས་ནི་མི་རེ་རེའི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་སྤྱད་ཀྱི་ལག་ཆ་ཁོ་ན་རེད། ཡིན་ན་ཡང་བོད་རིགས་མང་ཚོགས་ཕལ་ཆེར་ཞིག་ལ་མཚོན་ན་ཁྲིམས་འགལ་གྱི་བྱ་བ་ཇི་ལྟར་ལས་མིན་མི་ཤེས་ལ་གཞན་གྱིས་རང་ཉིད་ལ་ཇི་ལྟར་མགོ་གཡོག་མགོ་སྐོར་བཏང་བའང་མི་ཤེས། རྒྱུ་མཚན་དེའི་དབང་གིས་བོད་རིགས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་དང་ཁྲིམས་ལུགས་ཀྱི་ཤེས་བྱར་ཤུགས་བསྣན་ནས་མི་རེ་རེར་ཁྲིམས་ལུགས་ཀྱི་མངར་ཁ་མྱོང་དུ་འཇུག་རྒྱུ་ནི་དོན་ཆེན་ནང་གི་འགངས་ཆེན་ཞིག་རེད་མོད། འོན་ཀྱང་བོད་རིགས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ལ་ཤུགས་བསྣན་ནས་ཁོ་ཚོར་ཁྲིམས་ལུགས་ལ་ཆ་རྒྱུས་ཡོད་དུ་འཇུག་རྒྱུ་ནི་ལས་སླ་མོ་ཞིག་མིན་ཏེ། འདི་ལ་ཕྱི་ནང་གི་ཆ་རྐྱེན་གཉིས་ཡོད་དེ། ནང་གི་ཆ་རྐྱེན་ནི་མང་ཚོགས་མང་ཆེ་བ་ཞིག་ཡིག་རྨོངས་ཡིན་པ་དང་། ཆ་རྐྱེན་གཉིས་པ་ནི་འདུག་གནས་ཐར་ཐོར་ཡིན་པས་ཁྲིམས་ལུགས་དྲིལ་སྒྲོག་བྱས་ན་དེ་འདྲ་སྟབས་བདེ་མིན་པ་ཚང་མས་ཤེས་གསལ་ལྟར་རེད། དེ་བས་གཤམ་གསལ་གྱི་ཐབས་འགར་བརྟེན་ནས་ཁོ་ཚོའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས།
དང་པོ། རྒྱང་སྒྲོག་བརྙན་འཕྲིན་ལ་བརྟེན་ནས་ཁྲིམས་ལུགས་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དགོས། བོད་ཀྱི་མང་ཚོགས་མང་ཆེ་བའི་བོད་ཡིག་གི་རྨང་གཞི་ཞན་པས་རྒྱང་སྒྲོག་ལ་བརྟེན་ནས་ཁོ་ཚོར་ཁྲིམས་ཀྱི་ཤེས་བྱ་སྣ་ཚོགས་བརྒྱུད་སྒྲོག་བྱེད་དགོས་པ་དང་། རྒྱང་སྒྲོག་ནི་བོད་ཀྱི་མང་ཚོགས་ཀྱིས་ཕྱི་རོལ་ཡུལ་གྱི་ཆ་འཕྲིན་དང་གནས་ཚུལ་རྒྱུས་ལོན་བྱེད་སྤྱད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། བོད་མི་མང་ཆེ་བས་སྔར་བཞིན་རྒྱང་སྒྲོག་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད་པ་རེད། དེ་བས་ང་ཚོས་གོ་སྐབས་འདི་བེད་སྤྱད་དེ་ཁྲིམས་ལུགས་དྲིལ་སྒྲོག་བྱ་བར་ཤུགས་བསྣོན་དགོས།  ལོ་མང་པོའི་རིང་ལ་རང་རེའི་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱིས་ཀྱང་འདིའི་ཕྱོགས་ནས་བྱ་བ་མང་པོ་བསྒྲུབས་མྱོང་སྟེ། དཔེར་ན«ཁྲིམས་ལུགས་དང་སྤྱོད་ལམ»ཞེས་པའི་ལེ་ཚན་ཞིག་བསྒྲུབས་ནས་ཁྲིམས་ལུགས་ཤེས་བྱ་སྣ་ཚོགས་དྲིལ་སྒྲོག་བྱས་པས་མི་ཚད་མཚོ་སྔོན་ཁྲིམས་འཛིན་སློབ་གླིང་གི་དགེ་རྒན་དང་ཁྲིམས་ལུགས་ཚགས་པར་ཁང་གི་རྩོམ་སྒྲིག་པ་གདན་འདྲེན་ཞུས་ཡོང་ནས་གྱོད་དོན་དབྱེ་ཞིབ་དང་ཉན་མཁན་གྱི་དྲི་བར་ལན་འདེབས་སུ་བཅུག་པ་སོགས་བྱས་པས། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། དེ་བཞིན་བརྙན་འཕྲིན་གྱི་ཁེབས་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས་བོད་སྐད་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྱང«འཚོ་བའི་ལམ་ཡིག»སོགས་མང་ཚོགས་ཀྱི་འཚོ་གནས་དང་འབྲེལ་བ་དམ་པོ་ཡོད་པའི་ལེ་ཚན་བསྒྲུབས་ནས་ཤེས་མེད་ཚོར་མེད་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ནང་མང་ཚོགས་ཁྲིམས་ལུགས་ཀྱི་ཤེས་བྱར་སྔར་ལས་ཆ་རྒྱུས་ཡོད་དུ་འཇུག་དགོས།
གཉིས་པ། «ཁྲིམས་ལུགས་ཚགས་པར»སོགས་བོད་སྐད་ཡིག་ཀྱི་དྲིལ་སྒྲོག་སྡེ་ཁག་ལ་བརྟེན་ནས་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་བར་ཤུགས་བསྣོན་དགོས། «ཁྲིམས་ལུགས་ཚགས་པར»གསར་དུ་གཏོད་ནས་ད་ལྟའི་བར་དུ་མདོ་ཁམས་ཀྱི་བོད་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་དང་། མང་ཚོགས་ཀྱི་ཁྲིམས་ལུགས་ཤེས་བྱ་ཇེ་མང་དུ་གཏོང་བའི་ཐད་ལ་བཅའ་ཁྲིམས་བློ་སྟོན་པའི་ནུས་པ་ཆེན་པོ་བཏོན། ཡིན་ནའང་ད་རུང་ཤུགས་བསྣོན་དགོས་པའི་ཕྱོགས་མང་པོ་ཡོད། དཔེར་ན། ད་སྐབས་ས་ཁུལ་མང་པོ་ཞིག་ནས་རླུང་འཕྲིན་ལེ་ཚན་གསལ་བོར་ཉན་མི་ཐུབ་པ་དང་། «ཁྲིམས་ལུགས་ཚགས་པར»རྫོང་རིམ་པའི་སློབ་གྲྭ་དང་ལས་ཁུངས་འགའ་རེའི་ནང་དུ་ཐོན་བཞིན་ཡོད་ཅིང་། ཞང་རིམ་པ་དང་སྡེ་བ་རིམ་པའི་མང་ཚོགས་ཀྱི་ཁྲོད་དུ་དེ་འདྲ་ཞིག་ཐོན་ཐུབ་མེད་པས། དེར་འབྲེལ་ཡོད་ལས་ཁུངས་དང་ཚགས་པར་ཁང་གིས་འདིའི་ཕྱོགས་ལ་དེང་ཕྱིན་ཤུགས་བསྣན་ནས་བོད་ཀྱི་མང་ཚོགས་ཀྱི་རྨང་མཐུག་སའི་ས་གནས་ཀྱི་མི་རྣམས་ལ་ཚགས་པར་དེ་འདྲ་ཞིག་ཡོད་པ་ཤེས་སུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་རྩོམ་སྒྲིག་པ་རྣམས་ཀྱིས་ངལ་བ་ཕྲག་ཏུ་བླངས་ནས་བྱ་བ་གང་མང་བསྒྲུབས་པའི་དོན་སྙིང་སྔར་ལས་ཇེ་ཆེར་འགྲོ་ལ། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཀྱང་ཇེ་དྲག་ཏུ་འགྲོ་བར་ནུས་པ་ཆེན་པོ་ཐོན་ངེས་རེད།
གསུམ་པ། མཉམ་འབྲེལ་རང་བཞིན་གྱི་ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་ལ་ཤུགས་བསྣོན་དགོས། ད་སྐབས་ཀྱི་སྤྱི་ཚོགས་ནང་དུ་བྱ་བ་ཅི་ཞིག་བསྒྲུབ་ཀྱང་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཞིག་མེད་ཚེ་བྱ་བའི་མཐའ་འཁྱོངས་དཀའ་བས་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ནའང་དེ་ལ་མི་རྒྱུའི་ཁག་ཐེག་དགོས་ལ། ལས་ཁུངས་གཅིག་གིས་བསྒྲུབ་དཀའ་བས་བཅའ་ཁྲིམས་ལག་བསྟར་ལས་ཁུངས་དང་ཁྲིམས་ལུགས་ཚགས་པར་ཁང་བཅས་ཀྱིས་རྒྱང་སྒྲོག་དང་བརྙན་འཕྲིན་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ལེ་ཚན་བསྒྲུབ་སྟེ་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་གི་བྱ་འགུལ་སྣ་ཚོགས་སྤེལ་ན། གྲུབ་འབྲས་མངོན་གསལ་འབྱུང་ཐུབ་ངེས་རེད། ལོ་འདི་འགའི་རིང་ལ་གཞི་རིམ་དུ་ལོ་རེའི“གསུམ་པའི་བཅོ་ལྔའི་འཛད་སྤྱོད་པའི་ཉིན་མོར”ཁེ་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་བྱ་འགུལ་འདྲ་མིན་སྤེལ་བཞིན་ཡོད་ནའང་རྒྱ་ཡིག་རྒྱ་སྐད་ཡིན་པས་བོད་མང་ཚོགས་ལ་ནུས་པ་དེ་འདྲ་ཆེན་པོ་ཐོན་ཐུབ་མེད། ཡང་གཅིག་བཤད་ན་གོང་གི་མཉམ་འབྲེལ་རང་བཞིན་གྱི་བྱ་འགུལ་སྤེལ་ཚེ་རྒྱང་སྒྲོག་ལ་མེད་པའི་ནུས་པ་བརྙན་འཕྲིན་ལ་ཡོད་པ་དང་། བརྙན་འཕྲིན་ལ་མེད་པའི་ནུས་པ་ཡང་རྒྱང་སྒྲོག་ལ་ཡོད་པ། དེ་གཉི་ཀར་མེད་པའི་ནུས་པ་ཚགས་པར་གྱིས་ཁ་གསབ་བྱེད་ཐུབ་པ་སོགས་ཕན་ཚུན་གྱི་དགེ་མཚན་ཁ་བསྐང་བའི་ཐད་ལ་བྱེད་ནུས་ཆེན་པོ་ཡོད།
བཞི་བ། གཞི་རིམ་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་རྒྱ་ཡིག་བོད་ཡིག་གཉིས་ལ་བྱང་ཆ་ཡོད་པའི་མི་འཇོན་ཐང་ཅན་ཡོད་དགོས། ད་སྐབས་གཞི་རིམ་གྱི་ཁྲིམས་ལུགས་སྡེ་ཁག་ཏུ་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆ་ཡོད་པའི་མི་ཧ་ཅང་ཉུང་ལ། མཚམས་ལན་རེར་རོང་འབྲོག་ཁུལ་དུ་སོང་ནས་ཁྲིམས་ལུགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་ཚེ་རྒྱ་ཡིག་གི་དེབ་ལས་མེད་པས་མང་ཚོགས་ཀྱིས་ཧ་མི་གོ་ལ། ཁྲིམས་ལུགས་དྲིལ་སྒྲོག་བྱེད་མཁན་རྣམས་ཀྱིས་ཀྱང་མང་ཚོགས་ཀྱི་ནང་དོན་ཧ་གོ་མིན་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད། དེ་བས་འདིའི་ཕྱོགས་ལ་ཤུགས་བསྣན་ན་མང་ཚོགས་ཁྲིམས་ལུགས་ལ་ཆ་རྒྱུས་ཡོད་པར་ནུས་པ་ཆེན་པོ་ཐོན་ངེས་རེད།
དུས་རབས་གསར་བ་ནི་ཁྲིམས་ལུགས་དང་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཅེས་པ་བཞིན་རྒྱལ་དམངས་རྣམས་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་ངེས་ཅན་ཅིག་དང་ཁྲིམས་ལུགས་ལ་ཆ་རྒྱུས་གསལ་བོ་ཞིག་མེད་པར་ཁིམས་རྨོངས་པ་ཞིག་ཡིན་ཚེ་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབ་ཀྱང་དཀའ་ངལ་ཆེན་པོ་ཡོད་པ་ལས་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་ཞིག་བྱེད་དཀའ། དེར་བརྟེན། བོད་ཀྱི་རོང་འབྲོག་མང་ཚོགས་ཀྱིས་ངེས་པར་དུ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་དང་ཁྲིམས་ལུགས་ཀྱི་ཤེས་བྱ་ཇེ་བརྟན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་གལ་ཆེན་ཞིག་རེད། མདོར་ན་བོད་རིགས་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ནི་ཁྲིམས་ལུགས་སྡེ་ཁག་གཙོ་བྱས་པའི་མི་རེ་རེའི་འགན་ཁུར་གལ་ཆེན་ཞིག་ཡིན་པ་དང་དེའང་ཡུན་རིང་དང་དུས་རྒྱུན་དུ་དམ་འཛིན་བྱེད་རྒྱུའི་དོན་ཆེན་ཞིག་ཀྱང་ཡིན་པ་ཚང་མས་ནམ་ཡང་བརྗེད་མི་ཉན།
རྩོམ་སྒྲིག་པ    གཟུངས་སྐྱིད།
·རྩོམ་ཡིག་གོང་མ:གནའ་དེང་སློབ་གསོ་རིག་པའི་ཁྱད་བསྡུར་ལས།ཤེས་བྱ་དང་སློབ་སྦྱོང།
·རྩོམ་ཡིག་འོག་མ:ལྗིད་ཏིག་ཏིག་གི་བཀའ་དྲིན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:47:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:37:15 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:45:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS