ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཤེས་ཡོན་པའི་འོས་འགན་ཕྱོགས་ཙམ་གླེང་བ།

རྩོམ་པ་པོ:ལྷོ་སྤོས་དཀར།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1428ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/16 14:14:18ཚོགས་ཡར་སྤྲོད:ངེད།
ཤེས་ཡོན་པའི་འོས་འགན་ཕྱོགས་ཙམ་གླེང་བ།
ལྷོ་སྤོས་དཀར།   གསེར་རྟ།

དེང་གི་དུས་སྐབས་འདིར་བསམ་བློ་གཏོང་མཁན་མང་པོ་ཞིག་གིས་མི་རིགས་ཡར་རྒྱས་དང་བསམ་བློ་གོང་འཕེལ་དགོས་ཚུལ་སོགས་བརྗོད་གཞིར་བྱས་ཏེ་རིན་ཐང་ལྡན་པའི་རྩོམ་ཡིག་མང་པོ་ཞིག་སྤེལ་གྱིན་ཡོད་པ་ནི་ཆེས་དགའ་འོས་པ་ཞིག་ཡིན་པ་སྨོས་མེད་རེད།    ཡིན་ནའང༌།  ང་ཚོའི་མི་རིགས་འདིར་ཆ་བཞག་ནས་བཤད་ན་རྩོམ་ཡིག་འདི་དག་གི་ནང་དོན་རྟོགས་པ་ལྟ་ཅི།  ཐ་ན་རྩོམ་ཡིག་དེ་དག་སྤྱི་ཚོགས་ཁྲོད་དུ་སྤེལ་བའི་གནས་ཚུལ་ཡང་ཕལ་ཆེ་བར་གོ་ཐོས་གཏན་ནས་མེད།  ད་ལྟ་དུས་དེབ་དང་སྒེར་དེབ་དུ་མ་ལས་མཁོ་ངེས་ཤིང་རིན་ཐང་ལྡན་པའི་རྩོམ་ཡིག་མང་པོ་མཐོང་རྒྱུ་འདུག་ཀྱང༌།   ཕལ་ཆེར་ཀློག་པ་པོ་ནི་རྩོམ་པ་པོ་ལས་གཞན་ཆེར་མེད་པར་སྣང༌།  ད་དུང་སྤྱི་ཚོགས་ཀྱི་ལྟ་ཚུལ་གཞན་ཞིག་ནི།  སློབ་གྲྭར་འགྲོ་བ་ནི་ཟླ་ཕོག་གི་ཆེད་དང༌། སློབ་གསོ་དང༌།  དཔྱད་རྩོམ།  སྙན་རྩོམ་སོགས་འབྲི་བ་ནི་མཚན་སྙན་གྱི་ཆེད།  སློབ་སྦྱོང་བྱེད་པ་དེ་རང་རང་གི་འཚོ་བའི་ཆེད།དུས་དེབ་མང་པོ་སྤེལ་བ་ནི་ཚོང་ལས་ཀྱི་ཆེད་རེད་སྙམ་གྱིན་འདུག  ཞིབ་འདང་ཞིག་བརྒྱབ་ན། གཞན་ལྟ་ཅི།  ཁོང་ཚོས་ལས་རིགས་དེའི་དམིགས་ཡུལ་དང་དགེ་མཚན་ཙམ་རྟོགས་པ་ལའང་ད་དུང་བར་ཐག་ཧ་ཅངརིང་འདུག  འདིའི་རྒྱུ་མཚན་ནི།གཞན་གང་ཡང་མིན་པར།སྤྱི་ཚོགས་ལ་སློབ་གསོ་མེད་ཅིང༌།  ཡིག་རྨོངས་ཡིན་པའི་རྐྱེན་་ཁོ་ན་རེད།  ང་ཚོའི་མི་རིགས་འདི་ཕྱོགས་གང་ཐད་ནས་ཡར་རྒྱས་དང༌།  ཡུན་རིང་པོར་འཚོ་སྡོད་ཀྱི་རེ་འདུན་སྙིང་ན་ཡོད་མཁན་ཚོས།  འགོར་འགྱངས་གཏན་ནས་མི་རུང་བར་བསྒྲུབ་དགོས་པའི་འོས་འགན་ནི། བོད་རིགས་མང་ཚོགས་ཡིག་རྨོངས་ཀྱི་དཀའ་ཁག་ལས་སྐྱོབ་ཐུབ་པར་བྱ་དགོས།  དེ་ཡང་དཔལ་འབྱོར་དང༌། རིག་གནས། ཉམས་མྱོང་སོགས་གང་ཐད་ནས་མཐུན་རྐྱེན་ལྡན་པ་དག་གིས་ཕོ་མོ་རིས་མེད་ཀྱི་སློབ་གྲྭ་བཙུགས་ཏེ་སྦྱང་བྱའི་གཙོ་བོ་བོད་ཡིག་སྦྱོར་ཀློག་ནས་བཟུང༌།བརྡ་སྦྲོད་སྙན་ངག  རྩིས་དཀར་ནག་སོགས་སྲོལ་རྒྱུན་གྱི་རིག་གནས་ཁག་དང༌།  ལས་རྒྱུ་འབྲས་ཀྱི་རྣམ་གཞག་གཙོ་བོར་བསྟན་པའི་ནང་ཆོས་ཀྱི་གཞུང་ལུགས་གོ་སླ་བ་རྣམས་དང༌། ད་དུང་རྒྱ་ཡིག་དང༌།  དབྱིན་ཡིག་འཕྲུལ་རྩིས་སོགས་དེང་རབས་ཀྱི་ཤེས་བྱ་མཁོ་ངེས་རྣམས་སློབ་ཁྲིད་ཐུབ་པར་བྱ་དགོ་ས།  འདིར་སློབ་མ་བསྡུ་ཚུལ་ཡང་བོད་རིགས་ན་གཞོན་ཚོ་གཙོ་བོར་བྱས་ཐོག་ལོ་ན་བཞི་བཅུ་མན་ཆད་ལ་ཆེད་སྐུལ་བྱས་ཏེ།  མ་མཐའ་ཡང་བོད་ཡིག་འབྲི་ཀློག་ཙམ་རེ་ཐུབ་པའི་སློབ་སྦྱོང་གི་གོ་སྐབས་སྤྲད་ཨེ་ཐུབ་ལྟ་དགོས།  གལ་ཏེ་དེ་ལྟར་བསམ་པ་ཡོད་རུང་ནུས་པ་མེད་པའི་གྲྭ་རྐྱང་སོགས་ཤེས་ཡོན་པ་དཀྱུས་མ་དག་གིས།   རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ་དུས་ཐུང་ཡིག་སློབ་འཛིན་གྲྭ་བཙུགས་ནས་ལྷག་བསམ་རྣམ་དག་གིས་ཁོང་ཚོར་བོད་ཡིག་འབྲི་ཀློག་སློབ་ཁྲིད་བྱེད་ཅིང༌།  དེའི་ཞོར་དུ་མི་རིགས་སུ་ཡིན་རུང་རང་གི་ཡི་གེ་ཤེས་པའི་དགེ་མཚན་དང༌། མ་ཤེས་པའི་ཕམ་ཁ།  འབྱུང་གྱུར་གྱི་གནས་བབ།  ཡི་གེ་མ་ཤེས་ན་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་ཀྱང་རླབས་ཆེ་བའི་བྱ་བ་གང་ཡང་བསྒྲུབ་ཐབས་མེད་པ་དོན་དངོས་ཡིན་པ།  དུས་རྒྱུན་དུ་བསམ་པ་བཟང་པོ་བྱ་བ།  ཟས་གོས་བསྟེན་ཚུལ་དང༌།འགྲོ་འཆག་ཉལ་འདུག་ནམ་དུ་ཡང་གཙང་སྦྲ་དོན་གཉེར་དང༌།  ཁོར་ཡུག་སྲུང་སྐྱོབ་དགོས་ཚུལ་སོགས་བཅོས་བསྒྱུར་མ་བྱས་ཐབས་མེད་ཡིན་ཞིང༌།མཁོ་གལ་ཆེ་བའི་གནས་ཚུལ་ངོ་སྤྲོད་བྱེད་ཅི་ཐུབ་བྱ་བ༌།  སློབ་ཡོན་ལེན་པ་སོགས་རང་དོན་དང་མ་འདྲེས་པར། ལྷག་བསམ་རྣལ་མའི་སྒོ་ནས་བྱ་བ་འདི་དག་མི་བསྒྲུབ་ཐབས་མེད་ཡིན་པར་སེམས་སོ།  ཤེས་ཡོན་པ་དང་ལྷག་བསམ་ལྡན་པ་དག་ལ་བྱ་བ་འདི་དག་ལག་ལེན་བྱེད་པའི་སྙིང་སྟོབས་དགོས་ལ།  གལ་ཏེ་དེ་མེད་ན་ཡིག་ཐོག་ཏུ་ཅི་ཙམ་འགོད་ཐུབ་རུང༌། སྤྱི་ཚོགས་ད་དུང་ཡིག་རྨོངས་ཡིན་པས་ལོངས་བའི་མདུན་ནས་གར་བསྒྱུར་བ་ལས་མ་འདས་པས་རྩོམ་པ་པོའི་ཐུགས་འདུན་འགྲུབ་རྒྱུར་ཧ་ཅང་དཀའ་ལས་ཡོད་ཚོད་འདུག  ང་ཚོས་དྲོད་འཇམ་མལ་སའི་ནང་ནས་འགུལ་སྐྱོད་ཅི་ཡང་མི་དགོས་པར་བསམ་བློ་བཏང་ན།  བྱ་བ་གངཡིན་ཡང་བསྒྲུབ་སླ་པོ་ཡིན་པའི་གཏམ་བཤད་སྐྱིད་པོ་གང་མང་ལབ་ཐུབ་རྒྱུ་འདུག་ཀྱང༌།  དེ་ནི་ཁ་བཤད་སྙིང་སྟོབས་རེད།  ཁ་བཤད་སྙིང་སྟོབས་ཀྱིས་ལག་ལེན་སྙིང་སྟོབས་ལ་རམ་འདེགས་ཙམ་ཐུབ་པ་ལས།  ཁ་བཤད་ཀྱིས་ལག་ལེན་དོན་འཁྱོལ་འོང་སྲིད་ན་ང་ཚོ་སྔ་མོ་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་ཚར་ཡོད་ངེས།  མཁན་པོ་དང་བླ་སྤྲུལ། དགེ་རྒན་དང་མཐོ་འབྲིང་སློབ་མ།  གྲྭ་པ་སོགས་ལྷག་བསམ་གྱིས་བློ་སྟོབས་གཅིག་སྒྲིལ་གྱིས་འགན་བླངས་ཏེ་རྒྱ་ཆེའི་ཞིངགའབྲོག་མང་ཚོགས་ཡིག་རྨོངས་པ་དག་དཀའ་ཁག་ལས་སྐྱོརྦ་ཐབས་ལ་འབད་དགོས་ཤིང༌།  དོན་དག་ཅི་ཞིག་ལ་ཐུག་ཀྱང་མེས་པར་དུ་སྤོབས་པ་དང་ཡིད་ཆེས་ཡོད་དགོས།  སྡུག་རུས་དང་འབད་བརྩོན་ཅི་ཙམ་དགོས་ཀྱང་སྒྱིད་ལུགས་དང་ཡི་ཆད་གཏན་ནས་ཡོད་མི་རུང༌།  འདི་ནི་ང་ཚོའི་འོས་འགན་ནམ་བྱ་གགཞག་ཡིན།  དེ་ལྟར་མིན་པར་མུ་མཐུད་དུ་བཏང་སྙོམས་སུ་ལུས་ན་ནམ་ཉི་མ་ཞིག་ལ་ཡུ་ལ་སྲོལ་གོམས་གཤིས་དང༌།སྐད་ཡིག་སོགས་གཞན་དུ་འགྱུར་ཞིང༌།  ཆོས་དང་མི་རིགས་ཀྱི་མིང་ཙམ་ཡང་འཛིན་ས་མི་རྙེད།  གསུང་རབ་གླེགས་བམ་རྣམས་ལ་ཡང་གཞན་ལྟ་ཅི། ཕྱག་འཚལ་བའི་འདུ་ཤེས་ཀྱང་བོར་ཏེ་བེད་སྤྱོད་ཅི་ཡང་མེད་པར་གད་སྙིགས་ཀྱི་ཁྲོད་དུ་དོར་བའི་སྐབས་ཤིག་ཀྱང་ཡོང་ཤས་ཆེ་བས། ཅིས་
ཀྱང་ཁ་མིན་ཞེ་ནས་མི་རིགས་ཤིག་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་ཚོས་ལས་རིགས་འདི་དང་ལེན་བྱེད་རྒྱུ་དང་འགུལ་སྐྱོད་བྱེད་རྒྱུ་གལ་ཆེ་བར་སྣང༌།
གྲོགས་པོ་ཚོ།  མང་དུ་བཤད་མི་དགོས་ཏེ། མི་རིགས་གཞན་པ་ཚོར་ལྟོས་དང༌། ཁོང་ཚོས་ཅི་འདྲའི་ཐབས་རྡུགས་ཀྱི་འཚོ་བ་རོལ་ཞིང༌། ཐ་ན་སྲང་ལམ་གྱི་ལྷམ་འཚེམ་མཁན་དང༌།ལྷམ་ཕྱི་མཁན་དག་གི་ཁྲོད་ན་ཡང་ཡིག་རྨོངས་པ་ཕལ་ཆེར་མེད་པས།  གནས་ཚུལ་འདི་མཐོང་ཚེ་ང་ཚོར་སེམས་འགུལ་ཐེབས་ཤིང༌། ཡིད་སྨོན་བྱ་བའི་གནས་ཤིག་མ་ཡིན་ནམ།  གལ་ཏེ་ང་ཚོའི་མི་རིགས་ལ་འདི་འདྲའི་རེ་བ་ཞིག་ཡོད་སྲིད་ན།  མ་མཐའ་ཡང་མི་རིགས་འདི་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཐུབ་སྙམ།
གྲོགས་པོ་ཚོ།  བྱིས་པ་སྣབས་ལུག་རེ་རེ་ཙམ་ཡང་ཤེས་ཡོན་གྱི་ལམ་དུ་སྣེ་ཁྲིད་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ཞིང༌།  མི་རིགས་འདི་ཆོས་དང་རིག་གཞུང་གིས་ཕྱུག་ཅིང༌། འདི་སྐྱིད་ཕྱི་སྐྱིད་ཅིག་འོང་རྒྱུ་ནི་ང་ཚོའི་རེ་བ་དང་སྨོན་འདུན་མ་ཡིན་ནམ།  དེས་ན་ང་ཚོ་ཚང་མར་འགན་ཁུར་མེད་ས་ཅིག་ཀྱང་་མེད་པས། སྟོབསཤུགས་གཅིག་སྒྲིལ་ངང༌།ཅི་ནུས་གང་ལྕོགས་གིས་རང་རང་ས་ནས་མགོ་རྩོམ་དགོས་པར་སེམས་སོ།།
ཞེས་སྟོན་པ་བདེ་བར་གཤེགས་ནས་ལོ་ ༢༥༥༡འཁོར་བའི་དགུན་ཟླ་དང་པོའི་ཡར་ཚེས་ལ།
བཙན་པོའི་རྡོ་རིང་ལས་བཤུས།
·རྩོམ་ཡིག་གོང་མ:ཀ་རྩོམ་ཤོ་རྒྱག་མ།
·རྩོམ་ཡིག་འོག་མ:གཞས་ཚིག བུ་ཆུང་ང་ཡི་མིང་ལ་ཟླ་བ་ཟེར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:40:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 10:29:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 15:33:19 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS