ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཆར་རྒྱུན་གྱི་རང་གཏམ།

རྩོམ་པ་པོ:ལྷ་རྒྱལ་ཚེ་རིང༌།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1355ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/17 21:18:03ཚོགས་ཡར་སྤྲོད:ངེད་
ཆར་རྒྱུན་གྱི་རང་གཏམ།

ལྷ་རྒྱལ་ཚེ་རིང༌།

བདག་ནི་རབ་དཀར་ཆུ་འཛིན་བུ་མོའི་འདྲེན་བྱེད་ལས་བཞུར་མཆི་མ་སྟེ།།
དངུལ་སྐུད་ཕྲ་མོ་བྱེ་བ་དང་མཚུངས་དབྱིག་འཛིན་ལྟོ་བར་བབས་པས་ན།།
ཨེ་མ་ཕ་གི་སྤང་རིའི་ཐོད་དང་ཡ་གི་ལུང་བའི་ཉིན་ཁ་དང༌།།
མ་གི་འབྲུ་དྲུག་ཞིང་གི་ནང་དང་འདབས་ཀྱི་ཆུ་འགྲམ་ལྗང་མྱུག་རྒྱས།།
རྣམ་དཀར་མུ་ཏིག་ཕྲེང་ཐག་ཆད་བཞིན་སཱ་ལའི་ལྗོངས་སུ་བབས་ཙ་ན།།
ཨེ་མ་རི་ལུང་སྤྲོ་བས་མྱོས་ཏེ་གདོང་ལ་སྔོ་ལྗང་འཛུམ་མདངས་ཤར།།
གཙང་ཆབ་སྔོན་མོས་དགའ་བ་མ་མནོན་ཧ་ཧའི་གད་མོ་དབང་མེད་ཤོར།།
བདུད་རྩིའི་ཐིགས་ཕྲེང་འབུམ་ཕྲག་མང་བ་ནེའུ་གསིང་གཞི་ལ་བབས་པས་ན།།
ཨེ་མ་རྩྭ་འཇམ་ཚོགས་ཀུན་བཟི་ནས་ཕར་དང་ཚུར་ལ་བར་མེད་གཡོ།།
རབ་མཛེས་མེ་ཏོག་ཡར་ལ་དགྱེ་ནས་བཞིན་གྱི་འཛུམ་བརྒྱ་ཅིར་ཡང་གྲོལ།།
གྲག་མེད་འཇམ་ཐིང་ཐིང་གི་མཚན་མོར་བདག་གིས་དྲ་མའི་ཤེལ་ངོས་སུ།།
སྙན་འགྱུར་རྒྱུད་མངས་དལ་བུར་དཀྲོལ་དེ་སྙིང་དུ་སྡུག་པའི་སྙན་ངག་མཁན།།
མཛེས་སྡུག་འཆར་སྣང་གླིང་ལ་ཁྲིད་པའི་ཡིད་སྡུག་ལྕགས་ཀྱུ་ཉིད་དུ་གྱུར།།
སང་སང་གྲགས་པའི་གཡུ་འབྲུག་སྐད་སྙན་བདག་གི་སྔོན་སྐྱོད་གླུ་དབྱངས་ལགས།།
ལམ་ལམ་འཁྱུག་པའི་གློག་གི་ཞགས་པ་བདག་གི་ལམ་སྟོན་སྒྲོན་མེ་ལགས།།
མིག་དབང་འཕྲོག་པའི་འཇའ་ཚོན་སྣ་ལྔ་བདག་གི་བཀྲ་ཤིས་རྐང་རྗེས་ལགས།།
བདག་ནི་རབ་དཀར་ཆུ་འཛིན་བུ་མོའི་འདྲེན་བྱེད་ལས་བཞུར་མཆི་མ་སྟེ།།
ས་གཞིའི་དཔྱིད་གསུམ་ལང་ཚོ་ལ་ཆགས་དྲན་པའི་ངུ་འབོད་ཡང་ཡང་བྱས།།
ཨེ་མ་དེའི་ཕྱིར་བདག་གི་ལྗང་མདོག་རྐང་རྗེས་རི་ལུང་ཡོངས་སུ་བཀོད།།
ཨེ་མ་བདག་གི་གསེར་མདོག་ལག་རྗེས་སིལ་སྡོང་རྩེ་དང་ཞིང་ནང་ན།།
སྦྲང་ཆར་ལས་བདམས་བཏུས་བྱས།།
·རྩོམ་ཡིག་གོང་མ:གཞས་ཚིག བུ་ཆུང་ང་ཡི་མིང་ལ་ཟླ་བ་ཟེར།
·རྩོམ་ཡིག་འོག་མ:རྣམ་རྟོག་སྒྱུ་མའི་གྲོང་གི་རྩེད་འཇོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:58:41 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:25:17 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:45:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS