ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

རྣམ་རྟོག་སྒྱུ་མའི་གྲོང་གི་རྩེད་འཇོ།

རྩོམ་པ་པོ:ཁྲག་འཇོམསཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1333ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/17 21:32:43ཚོགས་ཡར་སྤྲོད:ངེད།
རྣམ་རྟོག་སྒྱུ་མའི་གྲོང་གི་རྩེད་འཇོ།
ཁྲག་འཇོམས།
ཁྲ་མོའི་གྲོང་ཁྱེར་འགྲིམ་དུས།    ན་ཆུང་བུ་མོ་ཞིག་གིས། །
དུངས་བའི་སེམས་པ་འཕྲོགས་པས།   དྲིན་ཆེན་ཕ་མ་མ་དྲན། །
མེ་ཏོག་པད་མ་དཀར་པོ།   དྲི་བསུང་ང་ལ་གནོང་དང༌། །
སྦྲང་ཆུང་གཞོན་ནུའི་ལས་དབང༌།   སྡུག་ལ་གཟད་དགོས་མི་འདུག །
མཛེས་པའི་ཞལ་བཟང་མཐོང་ཀྱང༌།   སྙན་པའི་སྙིང་གཏམ་མ་ཐོབ། །
དྲན་གདུང་སེམས་ཀྱི་རྨ་ཁ།   སྙིང་ནས་བཟོད་ཐབས་མི་འདུག །
མཚུངས་བྲལ་བླ་མའི་བཀའ་གསུང༌།    དྲིན་ཆེན་ཕ་མའི་སློབ་གསོ། །
བློས་ཐུབ་གྲོགས་ཀྱི་སྙིང་གཏམ།    གསེར་དངུལ་ནོར་བུའི་ལྷག་ཡིན། །
དམ་པའི་ཆོས་ལ་བསླབ་ཀྱང༌།    འཇིག་རྟེན་འཁོར་བའི་ཕྱོགས་ལ། །
ཞེན་པའི་ཕྲེང་ཐག་མ་ཆོད།   ཡིད་སེམས་སྐྱོ་རོགས་ཡིན་སོང༌།  །
མ་མཇལ་དྲན་པའི་གྲོགས་པོ།   ཞལ་བཟང་དངོས་སུ་མཇལ་དུས། །
དུང་སེམས་བཙན་པོའི་དབང་གིས།   སྙིང་གཏམ་བརྗོད་ཕོད་མི་འདུག །
སེམས་པ་ཁྱོད་ལ་ཤོར་བ།   རྐང་མགྱོག་འཕྲུལ་གྱིས་མི་ཟིན།  །
ན་ཟུག་སེམས་ཀྱི་ཚོར་བ།   ཁྱོད་ཀྱི་རྟོགས་པ་ཨེ་བྱུང༌། །
སེམས་པ་ཁྱོད་ལ་ཤོར་ཀྱང༌།   བརྩེ་དུངས་ང་ལ་མ་ཐོབ།  །
སྐྱོ་སྡུག་སེམས་ཀྱི་ན་བུན།    ཞེ་ནས་དྭངས་ཐབས་མི་འདུག །
བུ་མོའི་ལང་ཚོ་བསམ་ན།    དུངས་སེམས་ཆོད་ཐབས་དཀའ་ཡང༌། །
འཁོར་བའི་རང་མཚང་བསམ་ན།   སྲིད་ལ་ཞེན་པ་ལོག་ཡོང༌། །
སེམས་པའི་སྐྱེད་མོས་ཚལ་གྱི།   སྙིང་ཐུབ་ཨུ་དུམ་ཝ་ར། །
སྟོན་ཁ་སླེབ་བྱུང་མ་ཟེར།    ང་རང་གཅིག་པུར་ལུས་འགྲོ། །
དུངས་བའི་སེམས་པ་མེད་ན།   སྙན་པའི་སྙིང་གཏམ་མ་གླེང༌། །
གྱེས་བྲལ་སེམས་ཀྱི་སྐྱོ་སྡུག    སྙིང་ནས་བཟོད་ཐབས་མི་འདུག །
མཚུངས་བྲལ་བླ་མ་མཇལ་ཀྱང༌།   གདམས་ངག་སྙིང་ལ་མ་ལོན། །
མ་བསླབ་བརྩེ་བའི་རི་མོ།   སྙིང་གི་ཁང་བུར་འཛུལ་བྱུང༌། །
མུན་པ་རུབ་ན་རུབ་ཆོག   ཉི་མ་ནུབ་ན་ནུབ་ཆོག །
ལས་དབང་བཙན་པོའི་བཀོད་སྒྲིག    སུས་ཀྱང་སྒྱུར་ཐབས་ཆེ་ཡོད། །
མཚན་མོ་རྨིས་པའི་རྨི་ལམ།    ཉིན་མོ་ཡིན་ན་བསམ་བྱུང༌། །
སྙིང་གི་བྱམས་པ་དྲན་པའི།   དབུགས་རིང་འཆོར་དགོས་མི་འདུག །
ང་དང་གྲོགས་པོའི་ལས་དབང༌།   སྟོན་ཁའི་བྱ་མ་བྱེ་རེད། །
རླུང་བུ་གཡུགས་ཕྱོགས་ཞིག་གིས།   གང་ལ་ཁུར་འགྲོ་སུས་ཤེས། །
དམ་པའི་ལྷ་ཆོས་ཁྲོད་ནས།   མི་ཚེའི་ཕྱེད་ཀ་ཡོལ་ཀྱང༌། །
འཇིག་རྟེན་འཁོར་བའི་ཕྱོགས་ལ།   ཞེན་ཐག་ཆོད་ཐབས་མི་འདུག །
གྲང་རླུང་བཙན་པོའི་གསེབ་ནས།   ང་དང་གྲོགས་པོ་འཕྲད་བྱུང༌། །
སྙིང་གཏམ་གླེང་ཕྱོགས་ཞིག་གིས།   སེམས་པ་སོ་སོར་གྱེས་སོང༌། །
དྭངས་གཙང་ཤེལ་གྱི་སྙིང་གཟུགས།   སྙིང་ནས་ཉར་འཚག་བྱས་ཡོད། །
ཁྱོད་ལ་ཁྲེལ་གཞུང་ཡོད་ན།   བརྩེ་འཛུམ་ང་ལ་གནང་རོགས། །
བློས་ཐུབ་གྲོགས་པོའི་ལ་རྒྱ།   གསེར་དངུལ་རྡོ་ལས་སྲ་ཡང༌། །
ཐོག་དམར་འཕེན་སྟངས་ཞིག་གིས།    བྱེ་མའི་ཁ་བར་གྱུར་སོང༌། །
སེམས་ཀྱི་སྨུག་ལོང་ཁྲོད་ནས།   མཆིལ་མའི་ཆར་བ་བབ་བྱུང༌། །
ཁྱོད་ལ་ཁྲེལ་གཞུང་ཡོད་ན།   ཕྱིར་མིག་ལན་གཅིག་གཟིགས་དང༌། །
དམར་ཆུང་སྙིང་གི་འཕྲིན་ཞིག   ཁྱོད་ཀྱི་ཕྱོགས་སུ་བསྐུར་ཀྱང༌། །
ལྷད་མེད་སྙིང་གི་སྐད་ཆ།   ངོ་མ་བརྗོད་ཕོད་མ་བྱུང༌། །
བུ་མོའི་གདོང་གི་སྐྱི་པགས།   མི་རྟག་ནམ་མཁའི་འཇའ་རེད། །
དགའ་སྡུག་སྤྲིན་པ་བསམ་ན།   སྙིང་ནས་ཞེན་པ་ལོག་འོང༌། །
མཛེས་མའི་ལང་ཚོ་མཐོང་ཡང༌།  བུ་མོའི་འདོམས་ཀྱི་བདེ་བ། །
མྱོང་བའི་གོ་སྐབས་མ་ཐོབ།    སེམས་པ་གཅོང་གིས་ཟིན་སོང༌། །
དཀར་གཙང་བུ་མོའི་ལུས་ཕུང༌།   ཁྲིམས་ལྡན་བཙུན་པའི་དགྲ་རེད། །
མིག་ཟུང་འཕེན་པ་མ་གནང༌།   སྙིང་རླུང་སྟོད་ལ་འཚང་འོང༌། །
ན་ཆུང་སྙིང་གི་བྱམས་པ།   མཆུ་སྒྲོས་ལན་གཅིག་གནོང་དང༌། །
ཁྲིམས་ནས་འབྱུང་བའི་ལྷག་མ།   ང་རས་བཤགས་སྡོམ་བྱེད་ཆོག །
ཁྱོད་དང་ང་གཉིས་ཚེ་སྲོག    དྲག་ཆར་ཁྲོད་ཀྱི་མེ་ཏོག  །
སེར་བུ་རྒྱག་ཐེངས་ཞིག་གིས།   ནམ་ཞིག་འཐོར་འགྲོ་སུས་ཤེས། །
ཁྱོད་ལ་དགའ་བའི་ཞེན་ཆགས།   ང་ལ་ཆེ་བ་བདེན་མོད། །
བླ་མའི་བཀའ་དྲིན་བསམ་ན།  ཞལ་བཞེས་གནང་ཐབས་མི་འདུག །
ཨ་ཙི་སྙིང་གི་བྱམས་པ།   ཁ་པར་ལན་གཅིག་ཐོངས་དང༌། །
ཁྱོད་ལ་དུངས་བའི་སྙིང་གཏམ།   ལན་གཅིག་བརྗོད་དགོས་བྱུང་སོང༌། །
སེམས་པའི་མེ་ལོང་ངོས་ཀྱི།   མཚུངས་བྲལ་བླ་མའི་གཟུགས་བརྙན། །
ན་ཆུང་བུ་མོ་ཞིག་གིས།   མཛེས་སྡུག་ལང་ཚོས་བཅོམས་སོང༌། །
སྲབ་འཇམ་མཆུ་ཡི་ཞིམ་མངར།   འོ་སྲུ་ལས་ཀྱང་མངར་མོད། །
འཇིགས་ཆེན་ལྷག་མ་བསམ་ན།   མྱོང་ཕོད་སེམས་ནས་མི་འདུག །
ཐེག་ཆེན་ཆོས་གྲྭ་འགྲིམ་དུས།   བསམ་པའི་རང་ཚུགས་མ་ཟིན།
སེམས་པ་ཁྱོད་ལ་འཁྲེང་བས།   སྙིང་གཏམ་ཡི་གེར་ཕབ་ཡོད། །
སྟོང་ཉིད་ལྟ་བའི་རང་མདངས།   སེམས་པའི་ངོས་སུ་མ་འཕོས། །
རྣམ་རྟོག་སྒྱུ་མའི་ཆོ་འཕྲུལ།    ཡིད་ནས་དག་རྒྱུ་མི་འདུག །
སྨྲ་ཤེས་མི་ཡི་ལུས་ལ།   རང་དབང་བརྩོན་ལེན་ཆེ་བས། །
དབང་ཆེན་དཔོན་དང་ཐུག་ནས།  ས་མཐའ་འགྲིམ་དགོས་བྱུང་སོང༌། །
བཟློག་མེད་བརྩེ་དུངས་ཞིག་གིས།  མནར་གཅོད་སེམས་ནས་མ་བཟོད། །
གཅེས་པའི་ཕ་ཡུལ་བཞག་ནས།   ལྷོ་རུ་བསྐྱོད་དགོས་བྱུང་སོང༌། །
བཟང་མདོག་ཚོན་གྱིས་མ་བསྒྱུར།   སྙན་འཇེབས་ངག་གིས་མ་བྲིས། །
ལྷད་མེད་སེམས་ཀྱི་ཚོར་འདུ།   བཅོས་མིན་ཡི་གེར་བཀོད་ཡོད། །
མཐོ་བ་དཔོན་གྱིས་མཐོང་དང༌།   ཡིད་འཕྲོག་གྲོགས་པོས་རིག་ན། །
ཐུགས་དགོངས་འཁྲུག་པ་མ་གནང༌།   ང་ལ་ཐུགས་ཁག་མི་འདུག  ། །
ཁྲག་འཇོམས་ཀྱི་བྲིས་རྩོམ་གཅེས་བཏུས་ལས་བཤུས།
·རྩོམ་ཡིག་གོང་མ:ཆར་རྒྱུན་གྱི་རང་གཏམ།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༡༠
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·མཛའ་གླུ། 2013/4/17 16:10:17
·ཁ་བས་སྐུལ་བའི་གཞས་ཆུང་། 2012/4/11 21:13:47
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:39:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:55:07 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 1:51:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།47.00MS