ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ཀ་རྩོམ་གསོལ་འདེབས་བཞུགས།

རྩོམ་པ་པོ:འཇམ་དབྱངས་ཁ་ཆེ་པཎ་ཆེན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1549ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/20 12:43:09ཚོགས་ཡར་སྤྲོད:ངེད།

ཀ་རྩོམ་གསོལ་འདེབས་བཞུགས།

འཇམ་དབྱངས་ཁ་ཆེ་པཎ་ཆེན།

ཀ་ལཱ་པ་ན་འཇམ་དབྱངས་གྲགས་པ་ལྟར།

ཁ་བ་ཅན་འདིར་ཐུབ་བསྟན་འཛིན་པ་ལ།

ག་ནས་བལྟས་ཀྱང་འགྲན་ཟླ་མ་མཆིས་པ།

ང་ཡི་གཙུག་གི་རྒྱན་གྱུར་ཙོང་ཁ་པ།

གསོལ་བ་འདེབས་སོ་རྗེ་བཙུན་ཙོང་ཁ་པ།

བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།

བཤད་སྒྲུབ་བསྟན་པ་དར་བར་བྱིས་གྱིས་རློབས།

རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།

ཅ་ཅོ་སྤངས་ཏེ་ལེགས་བཤད་སྒྲ་དབྱངས་སྒྲོགས།

ཆ་ལུགས་མཛེས་པ་ཆོས་གོས་རྣམ་གསུམ་འཆང་།

ཇ་སོགས་སྲེད་སྤངས་གང་བྱུང་ཙམ་གྱིས་འཚོ།

ཉ་ལྟོ་པ་དང་མཚུངས་པའི་ཙོང་ཁ་པ།

གསོལ་བ་འདེབས་སོ་་་་

ཏཱ་ཐ་ག་ཏས་ལུང་བསྟན་རྒྱལ་བའི་སྲས།

ཐ་ཆད་གངས་ཅན་འགྲོ་བ་འདུལ་བ་ལ།

ད་ལྟ་བློ་བཟང་གྲགས་པ་ཞེས་སུ་གྲགས།

ན་ག་རྫུ་ནའི་རྣམ་འཕྲུལ་ཙོང་ཁ་པ།

གསོལ་བ་འདེབས་སོ་་་་

པ་སངས་རྒྱུ་སྐར་དབུས་ན་ཟླ་བ་ལྟར།

ཕ་རོལ་མཁས་མང་དབུས་ན་འགྲན་ཟླ་བྲལ།

བ་ལང་དག་ལྟར་བས་མཐར་གནས་བཅས་ཤིང་།

མ་ཡེངས་སྒྲུབ་ལ་བརྩོན་པའི་ཙོང་ཁ་པ།

གསོལ་བ་འདེབས་སོ་་་་

ཙ་རི་ལ་སོགས་དབེན་པའི་གནས་རྣམས་སུ།

ཚ་གྲང་འགལ་རྐྱེན་ཐམས་ཅད་ཁྱད་བསད་ནས།

ཛ་ལང་ཅན་གྱི་རང་སེམས་འདུལ་བ་ལ།

ཝ་ལེར་རྩེ་གཅིག་སྒྲུབ་པའི་ཙོང་ཁ་པ།

གསོལ་བ་འདེབས་སོ་་་་་

ཞྭ་བཟང་ཏོག་ལྟར་ཡོངས་འཛིན་གཙུག་ན་མཛེས།

ཟ་མ་མཆོག་དང་གང་བྱུང་ཙམ་གྱིས་འཚོ།

འ་ཅག་སྲིད་མཚོར་འཁྱམས་པའི་འགྲོ་བ་ལ།

ཡ་མཚན་ཐར་ལམ་སྟོན་པའི་ཙོང་ཁ་པ།

གསོལ་བ་འདེབས་སོ་་་་་

རྭ་ལོ་པ་ལྟར་བསྐྱེད་རིམ་མཐར་སོན་ཅིང་།

ལཱ་བ་པ་ལྟར་རྫོགས་རིམ་མངོན་དུ་གྱུར།

ཤཱ་རིའི་བུ་ལྟར་བདེན་པ་མངོན་སུམ་གཟིགས།

ས་སྟེང་འགྲན་ཟླ་བྲལ་བའི་ཙོང་ཁ་པ།

ཧ་ཅང་དང་བའི་ཡིད་ཀྱིས་གསོལ་འདེབས་ན།

ཨ་དོན་སྐྱེ་མེད་སྟོན་པའི་ཙོང་ཁ་པ།

གསོལ་བ་འདེབས་སོ་རྗེ་བཙུན་ཙོང་ཁ་པ།

བྱིན་གྱིས་རློབས་ཤིག་འཇམ་དབྱངས་སྤྲུལ་པའི་སྐུ།

བཤད་སྒྲུབ་བསྟན་པ་དར་བར་བྱིས་གྱིས་རློབས།

རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།

ཆོས་གོས་ངུར་སྨྲིག་རྒྱལ་མཚན་འཛིན་པའི་སྐུ།

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྒྲོག་པའི་གསུང་།

ཆོས་དབྱིངས་ངང་ལས་གཡེལ་བ་མེད་པའི་ཐུགས།

ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལ་འདུད།

འདི་ཡན་ཆད་འཇམ་དབྱངས་ཁ་ཆེ་པཎ་ཆེན་གྱིས་སྦྱར་བའོ།

སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་པ་བཞི།

གདམས་པའི་མཆོག་ཏུ་གཟིགས་པའི་བཤད་སྒྲུབ་ཀྱིས།

ཐུབ་བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་མཛད་པའི།

བློ་བཟང་གྲགས་པའི་དཔལ་གྱིས་བཀྲ་ཤིས་ཤོག

·རྩོམ་ཡིག་གོང་མ:ཝེ་ཨེ་ནའི་གནའ་རབས་རོལ་མོའི་ཚབ་བྱེད་མི་སྣ སྐུ་ཞབས་ཧེ་ཏུང་།
·རྩོམ་ཡིག་འོག་མ:གཞས་ཚིག གེ་སར་རྒྱལ་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཡང་སྤྲུལ་དེ་ཉིད་གསལ་བྱེད། 2011/2/23 17:35:50
·གླེགས་བམ་བཀླག་ཐབས་ཁྱེར་བདེ་དོན་ཚང་། 2010/12/10 12:50:09
·དབྱངས་ཅན་བསྟོད་པ་རྒྱ་མཚོ་མ། 2010/1/30 11:45:32
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:08:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:19:48 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 11:01:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS