ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

ལྟ་ཚུལ་དང་གང་ཟག་གཉིས་ཁ་ཁར་འབྱེད་པའི་བློ་མིག་ཤིན་ཏུ་གལ།

རྩོམ་པ་པོ:ཐོག་མདའ།ཡོང་ཁུངས:དྲྭ་ཐོགགཟིགས་གྲངས:1338ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/23 23:10:23ཚོགས་ཡར་སྤྲོད:ངེད།

ལྟ་ཚུལ་དང་གང་ཟག་གཉིས་ཁ་ཁར་འབྱེད་པའི་བློ་མིག་ཤིན་ཏུ་གལ།

------སྨྱུག་འཛིན་པའི་སྡེ་ལ།

ཐོག་མདའ།

གཅིག

བསམ་བློའི་མེ་སྟག་མཆེད་བཞིན་པའི་ཁ་སང་དེ་རིང་། བོད་པ་ཚང་གི་ཕྱི་ནང་གསེང་གསུམ་དུ་ཚ་ཚ་འུར་འུར་དུ་རང་ཉིད་དང་ལྟ་ཚུལ་མི་འདྲ་བ་དག་ལ་དགག་བཞག་གི་སྨྱུག་རྩེ་གཏད་དེ། བདེན་རྫུན་གྱི་དཀར་ནག་འབྱེད་པར་བྲེད་ཤ་ལངས་བའི་བློ་མིག་གིས་དགའ་འོས་པའི་སེམས་ཤུགས་བསྩོལ་ཞིང་། རེ་བ་གསར་བ་ཞིག་གི་མིག་ཤེལ་རྙེད་པའི་སྣང་ཚུལ་ཡང་མཐོང་ཡོང་གིན་འདུག    དེ་བཞིན་དུ། རིག་གནས་ཀྱི་གཤིན་ས་རུ་འགྲན་རྩོད་ནི་ཆེས་མེད་དུ་མི་རུང་བའི་ལག་ཆ་བཟང་ཤོས་ཤིག་རེད། འགྲན་རྩོད་མེད་པ་ནི་སེམས་སྐྱིད་རེ་བྱས་ཏེ་རང་སར་གོམ་པ་སྤོ་བ་ལས་མདུན་སྐྱོད་ཀྱི་ནུས་པ་ཞན་སྟབས། མི་བུ་རེ་རེ་ནས་དོགས་སློང་གི་བློ་མིག་དྲང་བོས་བདེན་དོན་དང་གནས་ལུགས་ལ་འཚོལ་སྙེག་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་མ་ཡིན་ནམ། ཡིན་ཡང་།  མི་རིགས་ལ་ཤ་ཞེན་རུས་ཞེན་ཡོད་མདོག་བསྟོན་མཁན་མང་དག་ཅིག་གིས་བསམ་བློ་གསར་རྙིང་གི་འགྲན་རྩོད་ནི་མི་རིགས་ལ་གཏོར་བརླག་དང་རྒྱབ་འགལ་བྱས་པ་རེད་ལ། མི་རིགས་འདི་ཁ་འཐོར་རུས་འཐོར་དུ་གཏོང་འདོད་པ་རེད་ཅེས་སྡིགས་དམོད་བྱེད་བཞིན་པ་ནི་སེམས་ཁུར་ལྷག་མ་ཞིག་ལས་གང་ཡང་མིན་པར་འདོད།  ངས་ནི་འུ་ཅག་གི་མི་རིགས་འདི་དེ་ཙམ་གྱི་འཐོར་འགྲོ་བ་ཞིག་ཡིན་ན། ཚོད་ཚོད་དུ་འཐོར་ག་འཇུག་རྩིས་ཡོད། མི་བུ་ཞིག་གི་ལྟ་ཚུལ་ཙམ་འདོན་པའི་ཁེ་དབང་མེད་པའི་མི་རིགས་ཤིག་འཐོར་ཆོག་ཆོག་རེད་ལ་འཐོར་ཡང་དགོས་པ་ཞིག་མ་ཡིན་ནམ།

གཉིས།

འགྲན་རྩོད་ནི་བདེན་ལུགས་ཤིག་ཕྱི་གསལ་ནང་གསལ་དུ་སྔོག་ཆེད་ཡིན་སྟབས།  དཔོན་ཆེན་ལ་ངོ་སོ་མེད་ལ་བླ་ཆེན་ལ་གུས་པའང་མེད།  དེ་ནི་མི་བུ་སོ་སོའི་རང་སྒེར་གྱི་རིན་ཐང་ལྟ་ཚུལ་ཞིག་ཡིན་པས།   དཔོན་ཆེན་གྱི་སྒྲིག་བཀོད་འོག་ནས་གཉའ་སྒུར་སྒུར་མི་བྱེད་ལ་བླ་ཆེན་གྱི་མོ་རྩིས་ལུང་གསུམ་ནས་རེ་བའང་མི་འཚོལ།  དེ་ནི་མི་བུ་སོ་སོས་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་བཞིན་དངོས་ཡོད་ལ་རྟོག་འཇུག་བྱས་ན།   ད་གཟོད་འུ་ཅག་ལ་གནད་དོན་གང་མང་ཞིག་གིས་འགྲམ་ལྕག་བྱེད་པ་སྨོས་མེད་རེད།  འགྲམ་ལྕག་དེ་ནི་མེས་པོ་གོང་མ་དག་གིས་ཤུལ་དུ་བཞག་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཞིག་ཡིན་ཀྱང་སྲིད་མོད།  འོན་ཀྱང་།  ངས་ནི་མེས་པོ་གོང་མ་དག་ལ་ནམ་ནམ་ཞར་ཞར་དུ་ལེ་བདའ་བྱས་ན་ཡེ་ནས་འདོད་ཀྱིན་མེད།  \ལེ་བདའི་སྟེང་ལེ་བདའ་བརྩེགས་པ་ནི་གླེན་རྟགས་ཤིག་གམ་འུ་ཐུག་ཅིག་ལས་གང་ཡང་མིན་པར་བསམ། འུ་ཅག་གིས་རང་ཉིད་ཀྱི་རང་ཉིད་ལ་ཁོར་ཡུག་ཅིག་གམ་ལོ་རྒྱུས་ཤིག་བསྐྲུན་དགོས་པ་ལས། མེས་པོ་གོང་མ་དག་གི་ཁོར་ཡུག་ནས་སྔར་བཞིན་སྡོད་ཚུགས་པ་ནི་དགོད་གཏམ་ཞིག་མ་ཡིན་ནམ།  དེ་ནི་རང་གྲོལ་ན་རེ། “དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན་ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ་སྔོན་ཐོན་གྱི་གྲལ་དུ་དེ་བས་ཀྱང་ཚུད་མི་ཐུབཅེས་པ་ལས་འདང་རྒྱག་ཅིག་མི་སྟེར་རམ།

གསུམ།

འུ་ཅག་གི་ར་མགོ་ལུག་སྦྱར་གྱི་ཁོར་ཡུག་འདི་ནས།  མི་བུ་ཞིག་གི་དུས་དང་མཐུན་པའི་སྐད་འབོད་བྱས་པ་ན།  ཚང་མ་འུར་ཆིལ་ལེར་དེ་རུ་འཚང་ཁ་རྒྱག་པ་ཀུན་གྱི་ཤེས་གསལ་ལྟར་རེད། རྒྱག་ཀྱང་ཆོག་པ་ཞིག་ཡིན་མོད། འོན་ཀྱང་།  འུ་ཅག་ལ་ལྟ་ཚུལ་དང་གང་ཟག་གཉིས་ཁ་ཁར་འབྱེད་པའི་བློ་མིག་བསྒྲིབས་ཡོད་པ་རེད། མི་བུ་ཞིག་གི་རང་ཉིད་ཀྱི་ཀླད་ཤུགས་ལས་ཐོན་པའི་ལྟ་ཚུལ་གསར་བ་ཞིག་བྱུང་བ་ན།  མི་བུ་དེ་བསད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཡོད་ལ། གསོད་དགོས་པའི་ཡ་ང་བའི་འུད་གཏམ་ཀྱང་ཡོད། ཐ་ན།  ཟས་ཡོད་ན་མཉམ་ཟ་དང་གོས་ཡོད་ན་མཉམ་གོན་ཟེར་མཁན་དག་ཀྱང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་བའི་གནས་ཚུལ་གང་མང་ཞིག་རིག་རྒྱུ་དང་གོ་རྒྱུ་དང་འདུག‹བསམ་བློ་གསར་རྙིང་གི་འགལ་ཟླ་བྱུང་བ›ཕྱི་གླིང་བ་ཞིག་ན་རེ། “ང་ཁྱོད་ཀྱི་ལྟ་ཚུལ་ལ་མ་འཐད་ཀྱང་།  ངས་ཁྱོད་ཀྱི་ལྟ་ཚུལ་འདོན་པའི་ཁེ་དབང་ལ་གཅེས་པའི་སྲོག་གིས་ཀྱང་རྒྱབ་རྩ་བྱེད་ངེསཅེས་པ་ལས།གཞན་གྱི་ལྟ་ཚུལ་འདོན་པའི་ཁེ་དབང་ལ་སྲོག་གི་རྒྱབ་རྩ་བྱེད་མ་ཐུབ་ཀྱང་།  གཞན་ལ་སྐད་ཆ་བཤད་པའི་ཁོར་ཡུག་གམ་ཁེ་དབང་ཞིག་སྦྱིན་ན་ཅིས་མི་ཆོགཕ་སི་ཁལ་ན་རེ། “འགྲོ་བ་མིའི་རྩིས་ཐང་ནི་མཐར་གཏུགས་ན་བསམ་བློ་ལ་ཐུག་འདུགཟེར། དེ་ན་འུ་ཅག་གི་རང་ཉིད་ཀྱི་ཀླད་ཤུགས་ལ་བརྟེན་པའི་མི་བུ་ཁ་ཅིག་གི་བསམ་བློ་རྨེག་མེད་དུ་གཏོང་འདོད་ཀྱི་དྲན་སྣང་ཐན་ཐུན་དེས།  འུ་ཅག་གི་ཁ་ནས་འགྲོ་བ་མིའི་རྩིས་ཐང་ལ་གདུང་འབོད་བྱས་པ་རེད་མ་གཏོགས།  དོན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གིན་པ་གཅེར་བུར་ཕུད་པ་མ་ཡིན་ནམ།
བཞི།
མི་སོ་སོར་དགའ་ཕྱོགས་དང་ཕུགས་བསམ་མི་འདྲ་བ་རེ་ཡོད་པས།  རང་རང་སོ་སོར་བས་བློ་གཏོང་སྟངས་རེའང་ཡོད་ངེས་རེད་ལ་ཡོད་ཀྱང་དགོས་པ་ཞིག་རེད།  དེ་ལྟ་དེ་ལྟར་དུ།  མི་བུ་སྒེར་ཞིག་གི་བསམ་བློ་གཏོང་སྟངས་ནི་མི་བུ་གཞན་དག་དང་མཐུན་དགོས་པའི་ངེས་པ་མེད་ལ།  གཞན་དག་ཀྱང་མི་བུ་དེ་དང་མཐུན་དགོས་པའི་ངེས་པ་ཁྱོན་ནས་མེད། དེ་ནི་མི་བུ་སྒེར་གྱི་མིང་བྱང་ཐོགས་པའི་དགོས་པ་དང་རིན་ཐང་ཡང་མ་ཡིན་ནམ།  སྤྱིར་མི་བུ་སོ་སོར་ལྟ་ཚུལ་འདོན་པའི་ཁེ་དབང་ཡོད་ལ་འདོན་ཀྱང་ཆོག་ཆོག་རེད་མོད།  འོན་ཀྱང་།  ལྟ་ཚུལ་གྱི་འགལ་བ་ནི་གང་ཟག་གི་འགལ་བ་རུ་འགྱུར་བ་དེའང་ནོར་འཁྲུལ་ཞིག་གམ་ནག་ཉེས་ཤིག་མ་ཡིན་ནམ།  ལྟ་ཚུལ་ལ་ལྟ་ཚུལ་གྱི་ངོས་ཐད་ནས་རིན་ཐང་ཞིག་དང་གང་ཟག་ལ་གང་ཟག་གི་ངོས་ཐད་ནས་རིན་ཐང་ཞིག་འཇོག་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཉག་ཅིག་རེད། དེ་བཞིན་དུ།  འུ་ཅག་གིས་མི་བུ་རེ་རེ་ནས་མགོ་བཀྱགས་ཏེ་ལྟ་ཚུལ་དང་གང་ཟག་གཉིས་ཁ་ཁར་འབྱེད་པའི་བློ་མིག་ཅིག་གསར་བསྐྲུན་བྱས་པ་ན།   འུ་ཅག་ལ་ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་ཅིག་དང་གུ་ཡངས་སྒམ་དཀྱེལ་གྱི་བློ་ཁོག་ཅིག་ཆགས་ཐུབ་པ་སྨོས་མེད་རེད།   སྐབས་དེར།  མི་བུ་སོ་སོའི་འཚོལ་སྙེག་གི་རིན་ཐང་རེ་རྙེད་སྲིད་པས།  འུ་ཅག་ལ་ངེས་པར་དུ་ལྟ་ཚུལ་དང་གང་ཟག་གཉིས་ཁ་ཁར་འབྱེད་པའི་བློ་མིག་ཅིག་སངས་རྒྱས་ཀྱི་གསུངས་དང་མྱི་ཆོས་ཀྱི་སྲོག་ལས་ཀྱང་གལ་ཆེ་བ་འདོད་དོ།།

༢༠༠༩  ༡༠  ༢༢ ཉིན།

·རྩོམ་ཡིག་གོང་མ:བྱ་གཞུང་དབྱངས་བྷའི་སྙན་ངག །ལྷ་ཡུལ།
·རྩོམ་ཡིག་འོག་མ:གླིང་བྲོ་བདེ་ཆེན་རོལ་མོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:19:36 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:15:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:43:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS