ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
 རྩོམ་ཡིག་ཀློག་པ།

དུས་རབས་ཉེར་གཅིག་པའི་མདོ་བཞུགས་སོ།

  རྩོམ་པ་པོ:མི་གསལ།ཡོང་ཁུངས:ཆོས་གྲོགས་དྲབ།གཟིགས་གྲངས:1514ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/10/12 23:13:08ཚོགས་ཡར་སྤྲོད:admin

དུས་རབས་ཉེར་གཅིག་པའི་ཞི་བའི་མདོ་ཞེས་བྱ་བ་བཞུགས་སོ།

  རྒྱ་གར་སྐད་དུ་ཨ་ཧིམ་སཱ། བོད་སྐད་དུ་ཞི་བདེ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་པ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན་ཡུལ་གྲུ་འཛིན་གསུམ་པའི་ཞིང་ཁམས་ན་ཤཱཀྱའི་བུ་འགྲོ་བ་མིའི་རིགས་ཀྱི་ཞི་ལ་དགོངས་ནས་བཞུགས་པའི་ཏི་ངེ་འཛིན་ལས་བཞེངས་ཏེ་འགྲོ་བ་རྣམས་ལ་བཀའ་བསྩལ་པ། ངས་ནམ་རྒྱུན་མི་སུ་ཐུག་པ་ཡིན་ནའང་ང་ཚོ་མི་གཅིག་པ་ཡིན་ཞེས་བརྗོད་ཀྱི་ཡོད། འཛམ་བུ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད། ཚང་མ་མི་གཅིག་པ་ཆགས་ཡོད། གལ་ཆེ་ཤོས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་དང་། དེ་ཡང་དུད་འགྲོ་དང་མི་འདྲ་བར་བསམ་བློ་གཏོང་རྒྱུ་ཡོད་པ་ཚང་མ་གཅིག་པ་ཆགས་ཡོད། དེ་དག་སྐྱེས་པའི་སྐབས་ཀྱང་རང་གཅིག་པུར་སྐྱེས་པ་དང་། འཆི་བའི་སྐབས་ཀྱང་རང་གཅིག་པུར་འཆི་བ་ལས་ང་དཔོན་པོ་ཡིན་བླ་མ་ཡིན་ཞེས་སྐྱེས་པའི་སྐབས་ལ་དམིགས་བསལ་གང་ཡང་མེད། འཆི་བའི་སྐབས་ལའང་ཁ་ཤས་དམིགས་བསལ་ལས་དེ་མིན་ཚང་མ་གཅིག་པ་ཡིན། དེ་འདྲ་ཡིན་དུས་མི་དུང་ཕྱུར་བདུན་བཅུ་ཚང་མ་གཅིག་པ་ཆགས་ཡོད། དེ་བཞིན་ཉོན་མོངས་ཆགས་སྡང་ཟེར་བ་དེ་ཚོ་ང་རང་ཚོ་ཚང་མར་ཡོད། བྱམས་པ་དང་བརྩེ་བ་ཟེར་བ་དེ་ཚོ་ཡང་ང་ཚོ་ཚང་མར་ཡོད། ངས་རིམ་པ་འདིའི་ཐོག་ནས་ཤོད་ཀྱི་ཡོད། ང་ཚོ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཙམ་མ་ཟད། དུད་འགྲོ་ཚུན་ཆད་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན། ཁྱད་པར་གཅིག་ནི་དུད་འགྲོ་དང་མི་ཐུན་མོང་ལ་ཡོད་པའི་བདེ་བ་དང་སྡུག་བསྔལ་རིགས་གཅིག་གཙོ་བོ་སྒོ་ལྔའི་ཤེས་པ་ལ་བརྟེན་ནས་ཡོད་པ་མིག་གིས་གཟུགས་ཡིད་དུ་འོང་མི་འོང་དེ་འདྲ་མཐོང་བའི་བདེ་སྡུག་དང་། རྣ་བས་སྒྲ་སྙན་མི་སྙན་དེ་འདྲ་ཐོས་པའི་བདེ་སྡུག དེ་བཞིན་དྲི་རོ་རེག་བྱའི་ཐོག་ནས་ཡོང་བའི་བདེ་སྡུག་མི་དང་དུད་འགྲོ་གཅིག་པ་རེད་འདུག མི་ལ་ཁྱད་པར་གཅིག་ཡོད་པ་དེ་ནི་རྣམ་དཔྱོད་གཞན་དང་མི་འདྲ་བ་ཞིག་ཡོད་པའི་དབང་གིས་བསམ་བློ་བཏང་སྟེ་རེ་དོགས་མང་པོ་ཞིག་ཡོང་བ་དེས་རྐྱེན་པས་ཡིད་བློའི་སྟེང་གི་སྐྱིད་མ་སྐྱེད་ཧ་ཅང་ཤུགས་ཆེན་བ་ཡོད། སྒོ་ལྔའི་ཤེས་པ་བརྒྱུད་ནས་ཡོང་བའི་བདེ་སྡུག་དེ་ཚོ་དུད་འགྲོ་དང་གཅིག་པ་རེད་ལ་ང་ཚོར་ཡང་དེ་དགོས་ཀྱི་ཡོད་པ་རེད། ལུས་པོ་བདེ་ཐང་ཞིག་དང་། གཟུགས་ཡིད་དུ་འོང་བ་དང་སྒྲ་སྙན་པ་དེ་ཚོ་འདོད་བྱ་ཡིན་པས་འདོད་པའི་ཡོན་ཏན་ལྔ་ཟེར་གྱི་རེད། འོན་ཀྱང་དེ་གཅིག་པུའི་ཐོག་ནས་བདེ་སྐྱིད་ཡོང་གི་ཡོད་དམ་ཞེས་པ་འདི་དྲི་བ་ཆེན་པོ་ཞིག་ཡིན། ཡིད་བློའི་བདེ་སྡུག་ཞེ་དྲག་མེད་པའི་དུད་འགྲོ་ཚོ་ཡིན་ན་སྒོ་ལྔའི་དབང་ཤེས་ཀྱི་བདེ་བས་ཟིན་ན་དེས་འགྲིགས་པ་ལྟ་བུ་ཡིན། ང་ཚོ་མི་ལ་རྣམ་དཔྱོད་ཀྱི་ཐོག་ནས་རེ་དོགས་མང་པོ་ཡོད་དུས་སྒོ་ལྔའི་ཤེས་པ་བརྒྱུད་པའི་བདེ་བ་མང་ཙམ་ཡོད་པ་དེ་གཅིག་པུས་མི་འགྲིགས་པར་ཡིད་བློ་དང་འབྲེལ་བའི་བདེ་སྡུག་ཤུགས་ཆེན་པོ་ཡོད་པ་ཡིན་དུས་ལུས་ཀྱི་སྒོ་ལྔའི་ཤེས་པའི་ཐོག་བདེ་ཞིང་སྐྱིད་པ་ཞིག་ཡོད་ནའང་སེམས་ཀྱི་རེ་དོགས་ཀྱི་རྐྱེན་པས་མ་སྐྱིད་པ་ཡོད་ན་དེ་སེལ་ཐུབ་ཀྱི་མེད། སེམས་ཀྱི་ནང་ནས་ཡིད་ཚིམ་པའི་ལས་ཀ་འདི་འདྲ་ཞིག་བྱས་ཏེ་འདོད་དོན་རླབས་ཆེན་པོ་ཞིག་བསྒྲུབ་བསམ་པའི་བསམ་བློ་ཤུགས་ཆེན་པོ་ཞིག་ཡོད་ན། ལུས་པོར་དཀའ་ངལ་འཕྲད་ཀྱང་དེ་དང་དུ་བླངས་ཏེ་དཀའ་ངལ་རྒྱན་དུ་བལྟ་བ་ཞིག་ཡོང་གི་ཡོད། དེར་བརྟེན་ཡིད་བློའི་བསམ་བློ་གཏོང་སྟངས་ཡིད་བློའི་བདེ་སྡུག་དེ་ནུས་པ་ཆེ་བས་དེ་གལ་ཆེ་བ་དང་། ལུས་པོའི་བདེ་སྡུག་གལ་ཆུང་བ་འདུག ཚིག་གཞན་ཞིག་བཤད་ན་སྒོ་ལྔའི་ཤེས་པ་ལ་བརྟེན་པའི་སྡུག་བསྔལ་དེ་ཡིད་ཀྱི་བདེ་བས་ཟིལ་གནོན་ཐུབ་པ་དང་། ཡིད་མི་བདེ་བའི་སྡུག་བསྔལ་དེ་སྒོ་ལྔའི་ཤེས་པའི་ཐོག་ནས་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་དེས་སེམས་ཀྱི་སྡུག་བསྔལ་ཟིལ་གྱིས་གནོན་མི་ཐུབ་པ་དེ་གསལ་པོ་འདུག དེར་བརྟེན་ངས་དུས་རྒྱུན་ཕལ་ཆེར་འདས་པའི་ལོ་སྟོང་ཕྲག་གསུམ་བཞིའི་ནང་ཆོས་དད་ཅེས་པ་འདི་ལྷ་ཡོད་པ་དང་སྐྱབས་ཡོད་རེད་ཅེས་མི་ལ་དངངས་སྐྲག་ཡོང་བའི་སྐབས་སུ་སྐྱབས་དང་བློ་གཏད་བཅོལ་ས་ཞིག་ཡོད་བསམ་པ་དང་། ང་ལ་རོགས་བྱེད་མཁན་ཞིག་ཡོད་བསམ་པའི་བློ་བཞག་ས་ཞིག་གི་ཐོག་ནས་ཆོས་དད་བྱུང་བ་ཡིན། དེ་ནས་འདས་པའི་ལོ་ཉིས་བརྒྱ་ཙམ་གྱི་གོང་ཚན་རིག་གི་བརྟག་དཔྱད་བྱེད་དཔྱད་འཕྲུལ་ཆས་དར་ནས་ང་རང་ཚོས་རེ་བ་བྱེད་པའི་ལུས་ཀྱི་དཀའ་ངལ་སེལ་བའི་མཐུན་རྐྱེན་དེ་དག་གིས་བྱས་ཏེ་དཀའ་ངལ་ལས་སླ་བོར་སེལ་ཐུབ་པ་ཡོང་གི་ཡོད། འདས་པའི་ལོ་སྟོང་ཕྲག་གསུམ་བཞིའི་ནང་རེ་སྨོན་བྱེད་པ་དེ་དག་དེང་སང་འཕྲུལ་ཆས་ཀྱིས་ད་ལྟ་ད་ལྟའི་མིའི་སྡུག་བསྔལ་སེལ་ཞིང་བདེ་བ་བསྐྲུན་པའི་ཕྱིའི་མཐུན་རྐྱེན་འགྲུབ་ཡོང་དུས་མི་ཚོས་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད། ངས་ནམ་རྒྱུན་བཤད་ཀྱི་ཡོད། ཉེ་ལམ་བྷི་ཧར་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་པཊ་ནར་ནང་པའི་ལྷ་ཁང་ཞིག་བཞེངས་པ་རེད། དེའི་སྒོ་འབྱེད་སྐབས་མངའ་སྡེའི་བློན་ཆེན་གྱི་གསུང་བཤད་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བྷི་ཧར་མངའ་སྡེ་འདི་མགྱོགས་མྱུར་ཡར་རྒྱས་འགྲོ་བའི་རེ་བ་ཡོད་ཅེས་གསུངས་ཡོད། དེ་མཇུག་ངས་སྐད་ཆ་ཤོད་སྐབས་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱི་ཐོག་ནས་བྷི་ཧར་མངའ་སྡེ་ཡར་རྒྱས་འགྲོ་གི་ཡོད་ན་སྔོན་ནས་ཡར་རྒྱས་འགྲོ་དགོས་རེད་ཅེས་བརྗོད་པ་ཡིན། བཅོལ་ལྡན་འདས་ཀྱི་བྱིན་རླབས་གཅིག་པུས་མི་འགྲིགས་པར་མིས་དཀའ་ལས་རྒྱག་དགོས་པ་རེད། མངའ་སྡེའི་བློན་ཆེན་འཇོན་ཐང་ཅན་གྱི་ལག་པ་བརྒྱུད་ནས་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཡོང་དགོས་པ་ལས་བཅོམ་ལྡན་འདས་ཀྱི་བླིན་རླབས་གཅིག་པུས་ཡོང་ཐབས་མེད་ཅེས་བརྗོད་པ་ཡིན། དངོས་ཡོད་གནས་ཚུལ་དེ་འདྲ་ཡིན། ཐད་ཀའི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་དེ་ཚན་རིག་འཕྲུལ་ཆས་ཀྱི་ཐོག་ནས་ཡོང་གི་ཡོད་སྟབས་མི་མང་པོས་དེ་ལ་རེ་བ་དང་ཡིད་ཆེས་ཆེན་པོ་བྱས་ཏེ་ཆོས་ཕྱོགས་ལ་ཕྲན་བུ་དོ་སྣང་ཆུང་དུ་འགྲོ་གི་ཡོད།
      དུས་རབས་ཉི་ཤུ་པའི་སྨད་ནས་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་ཚོའི་ནང་སེམས་པ་མ་སྐྱིད་པ་ཡོང་གི་ཡོད། སེམས་མ་སྐྱིད་པ་དེ་དངུལ་གྱི་ཐོག་ནས་སེལ་ཐུབ་ཀྱི་མེད་ལ་ཚན་རིག་འཕྲུལ་ཆས་ཀྱི་ཐོག་ནས་ཀྱང་སེལ་ཐུབ་ཀྱི་མེད། སེམས་པ་མ་སྐྱིད་པ་དེ་བསམ་བློ་རང་གི་ཐོག་ནས་སྡུག་བསྔལ་སེལ་ཐབས་ཤིག་དང་བདེ་བ་སྒྲུབ་ཐབས་ཤིག་བསམ་བློ་གཏོང་སྟངས་ཀྱིས་ཁྱད་པར་ཆེན་པོ་ཡོད་པ་ཞིག་མཐོང་ཡོང་དུས། གཞི་ནས་བསམ་བློ་གཏོང་སྟངས་དང་། ནང་ཤེས་པའི་སྐོར་ལ་དོ་སྣང་གསར་པ་ཞིག་སླེབས་ཤིང་དེ་དང་ཆབས་ཅིག་ཚན་རིག་པའི་ནང་ནས་སེམས་ཀླད་པའི་རྫས་ལས་ལོགས་སུ་ཡོད་པ་ལྟ་བུ་དེ་རིང་ཁ་སང་སེམས་ལ་འགྱུར་བ་ཐེབས་ན་དེའི་རྐྱེན་གྱིས་ཀླད་པའི་ནང་འགྱུར་བ་འགྲོ་གི་ཡོད་པ་མཐོང་གི་འདུག གང་ལྟར་ནང་བསམ་བློའི་ཞི་བདེ་ཡོད་ན་དེ་གཟུགས་པོར་ཡང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་དང་། ནང་བསམ་བློ་ཁྲུགས་བསྡད་ན་གཟུགས་པོ་བདེ་བོ་མི་ཡོང་བ་འདི་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད། ཀླད་པར་ཞིབ་འཇུག་བྱེད་མཁན་ཚོས་ཀླད་པར་འགུལ་བསྐྱོད་བྱེད་མཁན་གྱི་རིམ་པ་གཞན་ཞིག་ཡོད་པ་མ་རེད་ཅེས་བརྗོད་མི་ཐུབ་པར་ཐེ་ཚོམ་ནང་དུ་གནས་ཡོད། དེ་འདྲ་ཡིན་དུས་ཚན་རིག་པའི་ནང་ལའང་ནང་ཤེས་པའམ་སེམས་སམ་བློ་ཟེར་བ་འདི་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་དུས། དུས་རབས་ཉི་ཤུ་པའི་སྨད་དུ་གཞི་ནས་ཕྱི་དངོས་པོ་རྐྱང་པར་བརྟེན་ནས་བསྡད་པ་མིན་པར་མིའི་བདེ་སྡུག་གམ། ཁྱིམ་ཚང་གི་བདེ་སྡུག སྤྱི་ཚོགས་ཀྱི་བདེ་སྡུག་བཅས་ནང་བསམ་བློར་ཞི་བདེ་ཡོད་མེད་དང་འབྲེལ་བ་ཡོད་པ་མཐོང་སྟེ་དེར་དོ་སྣང་གསར་པ་ཞིག་སླེབས་ཡོད།
       ཕྱོགས་གཞན་ནས་དུས་རབས་ཉི་ཤུ་པར་བསམ་བློ་ཞིག་བཏང་ན་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། ཡར་རྒྱས་དེ་དག་ཆགས་སྡང་གི་གཞན་དབང་ལ་འགྲོ་དུས་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་མི་ལ་ཕན་ཐོགས་བྱུང་ཡོད་ཀྱང་དེ་བས་མི་ལ་འཇིགས་སྣང་སྐྱེ་གཞི་ཞིག་བྱུང་ཡོད། དཔེར་ན་རྡུལ་ཕྲན་མཚོན་ཆ་ལྟ་བུ་མི་ལ་དངངས་སྐྲག་བྱེད་ཡག་དེ་འདྲ་ཐོན་ཡོད། དམག་འཁྲུག་ཅེས་པ་མིའི་སྤྱི་ཚོགས་ནང་སྔར་ནས་ཡོད་ཀྱང་མི་དང་མི་འཛིང་རེས་གཏོང་བ་ལས་འབར་མདེལ་གཅིག་གིས་མི་ཁྲི་ཕྲག་དང་འབུམ་ཕྲག་གསོད་པའི་མཚོན་ཆ་དེ་ཡོད་པ་མ་རེད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་མིའི་ཆགས་སྡང་སྔོན་མ་དང་གཅིག་པ་ཡིན་ཡང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེ་ཚོ་ཆགས་སྡང་གི་བྲན་གཡོག་ཏུ་ཕྱིན་ནས་སྔར་དང་མི་འདྲ་བར་གཏོར་བཅོམ་ཧ་ལས་པའི་ཆེན་པོ་བྱེད་པ་དང་། དེ་དང་འབྲེལ་བའི་མི་ལ་འཇིགས་སྣང་སླེབས་ཀྱི་ཡོད། དེ་བཞིན་ཁོར་ཡུག་གི་ཐོག་ལའང་ཉམ་ཉེས་ཆེན་པོ་གཏོང་གི་ཡོད། དེ་འདྲ་ཡིན་དུས་མཁས་པ་དེ་འདྲ་ནས་དུས་རབས་ཉི་ཤུ་པའི་ནང་འཚེ་བའི་ཐོག་ཕྱིན་ནས་དམག་འཁྲུག་ནང་མི་ས་ཡ་ཉིས་བརྒྱ་ཙམ་ཞིག་བསད་ཡོད་པ་རེད་ཟེར་གྱི་འདུག དེར་བརྟེན་དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཞེས་བརྗོད་ཆོག་པ་ལྟ་བུ་ཡོད། དེ་ལྟར་ཧ་ལས་དགོས་པའི་འཚེ་བའི་ཐབས་ཤེས་ལ་བརྟེན་ནས་འཛམ་བུ་གླིང་འདི་སྐྱིད་པ་དང་ཞི་བདེ་མང་དུ་ཕྱིན་པ་ཡིན་ན་འཚེ་བའི་ལས་ལ་གྲུབ་འབྲས་བཟང་པོ་བྱུང་ཞེས་བརྗོད་ཆོག་ཀྱང་དེ་ལྟར་བྱུང་མེད། དེ་འདྲ་ཡིན་དུས་དུས་རབས་ཉེར་གཅིག་པ་འདི་དམག་འཁྲུག་གི་འཚེ་བ་མེད་པ་ཞིག་དང་། དངོས་ནས་མི་ཀུན་མཛའ་ཞིང་མཐུན་པ་ཞིག་ཡོང་ཐབས་ང་ཚོས་བྱེད་དགོས་པ་ལས་ཚན་རིག་དང་འཕྲུལ་ཆས་ཀྱི་ཐོག་ནས་མི་རྣམས་འཆམས་མཐུན་ཡོང་ཐབས་དམིགས་བསལ་གང་ཡང་མེད། མི་རྣམས་མཐུན་པོ་ཡོང་བ་གང་གིས་བཟོ་དགོས་ཟེར་ན་བསམ་བློའི་ནང་མཛའ་བརྩེ་ཡོད་པའི་ཐོག་ནས་བཟོ་དགོས་པས་གོང་དུ་བརྗོད་པ་བཞིན་མི་དུང་ཕྱུར་བདུན་བཅུ་པོ་ཚང་མ་མི་གཅིག་པ་ཡིན་པ་དང་། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། ཁོ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད་བསམ་པའི་ཐོག་ནས་གང་ལྟར་འཛམ་བུ་གླིང་གི་མི་ཡོང་རྫོགས་ང་ཚོ་འགྲོ་བ་མིའི་རིགས་གཅིག་པ་ཡིན་པའི་ངོས་འཛིན་བྱུང་ན་གཅིག་གིས་གཅིག་ལ་འཚེ་བ་བྱེད་པ་དང་ཕྲག་དོག་བྱེད་པའི་གཞི་རྩ་མེད་ལ་ཕ་རོལ་པོ་མི་གཅིག་པ་ཡིན་དུས་དེ་བདེ་པོ་བྱུང་ན་སོ་སོ་སེམས་སྐྱིད་པོ་ཡོང་རྒྱུ་རེད་། ཅེས་དང་།  རིམ་པ་གཉིས་པ། ང་རང་ཚོ་ཚང་མ་ཕྱིའི་དངོས་པོ་ཡར་རྒྱས་ཙམ་ལ་མགོ་འཁོར་ནས་མ་བསྡད་པར། སེམས་ཡར་རྒྱས་གཏོང་ཐབས་ལ་དོ་སྣང་བྱེད་མཁན་ཞིག་ཡིན། སེམས་ཡར་རྒྱས་གཏོང་སྟངས་དེའང་ཆོས་དང་མ་འདྲེས་པའི་བཟང་སྤྱོད་ལས་བརྒལ་ཏེ་ཆོས་ཀྱི་ལྟ་གྲུབ་ཐོག་སླེབས་ཀྱི་ཡོད། རིམ་པ་དེའི་ཐོག་ནས་བཤད་རྒྱུར་དེ་ལ་སྡེ་ཚན་གཉིས་ཕྱེ་སྟེ་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཅིག་དང་། ལྟ་གྲུབ་མེད་མཁན་གྱི་ཆོས་ལུགས་གཅིག་བཅས་གཉིས་ཡོད། ལྟ་གྲུབ་མེད་མཁན་གྱི་ཆོས་ལུགས་དེ་ཚོ་གནད་འགག་ཆེ་བ་མེད། ལྟ་གྲུབ་ཡོད་མཁན་གྱི་ཆོས་ལུགས་ནང་ལའང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་གཅིག་བཅས་གཉིས་ཕྱེ། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ནང་ལ་སྐྱེ་བ་སྔ་ཕྱི་འདོད་མཁན་དང་མི་འདོད་མཁན་གཉིས་བཞག་ཆོག་གི་མེད་དམ། འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་གཙོ་ཆེ་བ་ཡེཤུ། ཁ་ཆེ། འཇེའུ་ལ་སོགས་པའི་ཆོས་ལུགས་དེ་ཚོ་འཇིག་རྟེན་བཀོད་པ་པོ་རྩ་བར་བཞག་པའི་ཆོས་ལུགས་ཆགས་ཡོད། དེ་ནས་མུ་སྟེགས་པའི་གཞུང་ནང་འཇིག་རྟེན་བཀོད་པ་པོ་ཚངས་པས་བྱས་པ་རེད་ཟེར་མཁན་གྱི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གཅིག་དང། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ནང་གྲངས་ཅན་ལྷག་བཅས་དང་ལྷག་མེད་གཉིས་བཤད་པའི་ནང་གི་ལྷག་མེད་པ་དང་། གཅེར་བུ་པ། སངས་རྒྱས་པའི་ཆོས་བཅས་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རེད། ཆོས་ལུགས་དེ་ཚོ་ཚང་མ་ལྟ་གྲུབ་མི་འདྲ་བ་ཡིན་ནའང་ཚང་མས་བྱམས་པ་དང་། བརྩེ་བ། དེ་དང་འབྲེལ་བའི་བཟོད་པ། ཆོག་ཤེས་བཅས་དགོས་པ་གསུངས་པ་ལྟར་དེ་ཚོ་ཉམས་ལེན་བྱེད་མཁན་ཆགས་ཡོད། དངོས་ནས་རང་ཉིད་ཀྱི་ཆོས་ལུགས་དེ་བསམ་པ་རྣམ་དག་གིས་ལག་ལེན་བྱས་ན་ང་ཚོའི་མཐོང་ཆོས་སུ་ཡོད་པ་ཡེ་ཤུའི་ཆོས་པ་དང་ཁ་ཆེའི་ཆོས་པ་དེ་དང་དེ་འདྲའི་ཆོས་བརྒྱུད་ཚང་མའི་ནང་དངོས་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་དང་མི་ལ་ཕན་བདེ་སྒྲུབ་མཁན་ཡག་པོ་དེ་འདྲ་ཡོད། བྱམས་པ་དང་བརྩེ་བ་ཞེས་པ་ཆོས་ལུགས་ཚང་མར་གཅིག་གྱུར་ཡོད། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་རེད། དེ་འདྲ་ཡིན་དུས་ཆོས་བརྒྱུད་ཚང་མ་མི་ལ་དགོས་མཁོ་ཡོད་པ་ཞིག་དང་། བྱམས་པ་དང་བརྩེ་བ་སྤེལ་རྒྱུ་དེ་ང་ཚོའི་ཉམས་ལེན་ཐུན་མོང་བ་ཆགས་ཡོད། ལྟ་གྲུབ་མི་འདྲ་བའི་ཐོག་ནས་འཇིག་རྟེན་བཀོད་པ་པོ་ཡོད་པ་དང། འཇིག་རྟེན་བཀོད་པ་པོ་མེད་པར་བརྗོད་ཀྱང་ལྟ་གྲུབ་དེ་ཚོའི་དམིགས་ཡུལ་ནི་ཆོས་པ་རང་རང་སོ་སོའི་ཉམས་ལེན་གོང་ནས་གོང་དུ་འཕེལ་བར་རྒྱབ་རྟེན་བྱེད་ཀྱི་ཡོད། དཔེར་ན་ང་ཚོ་ཚང་མ་དཀོན་མཆོག་གིས་བཀོད་པ་རེད་ཅེས་རྟག་པ་རང་བྱུང་གི་སྐྱེས་བུ་དེ་འདྲ་ཞིག་བཞག་ནས་དེས་ང་ཚོ་ཚང་མ་བཀོད་པ་རེད་བརྗོད་དུས། ང་ཚོའི་བཤེས་གཉེན་བསྟེན་ཚུལ་ནང་རང་དབང་དོར་ནས་གཞན་དབང་བླ་མའི་ཕྱོགས་སུ་གཏོང་བ་ཞེས་པ་ཞིག་ཡོད་པ་དེ་འདྲ་བོ་ཞིག་གི་ཐོག་ནས་ང་ཟེར་བའི་རང་མཆོག་འཛིན་ཤུགས་ཆུང་དུ་ཕྱིན་ནས་ང་དཀོན་མཆོག་གིས་བཀོད་པ་དང་། ངའི་ལུས་ངག་ཡིད་གསུམ་དཀོན་མཆོག་གིས་བཀོད་པ་ཡིན་དུས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་ཡིད་རྩེ་གཅིག་པའི་དད་པ་བྱས་ཏེ་ང་ཟེར་བ་དེ་ཤུགས་ཆུང་དུ་ཕྱིན་ནས་ང་ཞེས་རང་ཉིད་མཆོག་འཛིན་དེ་སླེབས་པ་ཡིན་ན་སྐྱོན་ཡོང་གི་ཡོད་པ་དང་སྐྱོན་སེལ་ཐབས་ལ་ཁྱེད་རང་གང་ཡང་ཡོད་པ་མ་རེད། འཇིག་རྟེན་བཀོད་པ་པོས་བཀོད་པ་རེད་ཅེས་དང་། གཉིས་ནས་ཇི་ཙམ་གྱིས་འཇིག་རྟེན་བཀོད་པ་པོར་རྩེ་གཅིག་པའི་དད་པ་བྱས་པ་དེ་ཙམ་གྱིས་དཀོན་མཆོག་ལ་སེམས་ཐག་ཉེ་པོ་ཆགས་ནས་དཀོན་མཆོག་གི་བཀའ་ལ་ཉན་པ་དང་དཀོན་མཆོག་གི་བཀའ་ཚུལ་བཞིན་དུ་བསྒྲུབ་རྒྱུར་ཕན་ཐོགས་ཡོད་པ་རེད། དཀོན་མཆོག་གི་བཀའི་ནང་འཁྲུག་པ་རྒྱོབ། ཐུབ་ཚོད་ཤོད་གསུངས་མེད། དཀོན་མཆོག་གི་བཀའི་ནང་བྱམས་བརྩེ་བསྒོམ། ཚང་མ་མཐུན་པོ་བྱེད། བཟོད་པ་བསྒོམ་གསུངས་ཡོད། དེར་བརྟེན་ལྟ་བ་མི་འདྲ་བ་དེ་ཚོའི་དགོས་དོན་གཅིག་པ་རེད། ཕྱོགས་གཅིག་ནས་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུ་དང་། ཕྱོགས་གཅིག་ནས་ངའོ་སྙམ་པའི་བདག་ཏུ་འཛིན་པ་དེ་ཤུགས་ཆུང་དུ་གཏོང་རྒྱུ་དེ་ཡིན།
      དེ་ནས་ལྟ་བ་མི་འདྲ་བ་དེ་ཚོ་འཛམ་བུ་གླིང་འདིར་ཡོང་དགོས། གང་ཡིན་ཟེར་ན་དུས་རབས་འདྲ་མི་འདྲར་ཡུལ་ལུང་སོ་སོའི་ནང་གོམ་གཤིས་མི་འདྲ་བ་དང་། རིག་གཞུང་འདྲ་མིན་ཡོང་གི་ཡོད་པ་དང་། མིའི་ཁམས་དང་མོས་པ་སྣ་ཚོགས་ཡོང་གི་ཡོད་པར་བརྟེན་དེ་དང་འཚམ་པའི་ལྟ་གྲུབ་ཀྱང་དགོས་པ་ཡིན། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་གི་གདུལ་བྱའི་ནང་ལ་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན་ཐེག་པ་གསུམ་དང་གྲུབ་མཐའ་བཞི་གསུངས་ཡོད། བཅོམ་ལྡན་འདས་ཀྱིས་དེ་ཚོ་ངའི་བཀའ་ཡིན་ཁྱེད་རང་ཚོ་ཚང་མས་མོས་པ་བྱེད་དགོས་རེད་གསུངས་མི་འདུག གདུལ་བྱའི་ཁམས་དང་བསྟུན་ནས་ལྟ་གྲུབ་དང་། དེ་བཞིན་བསམ་པ་རྒྱ་ཆེ་ཆུང་དང་བསྟུན་ནས་གསུངས་ཡོད། དེ་ལ་དཔེ་བླངས་ནས་ང་ཚོ་འཛམ་བུ་གླིང་འདིའི་ཐོག་ཆོས་ལ་དད་པ་བྱེད་མཁན་མི་དུང་ཕྱུར་མང་པོ་ཡོད་པའི་ནང་སོ་སོའི་ཁམས་དང་མོས་པ་དང་འཚམ་པའི་ལྟ་གྲུབ་མི་འདྲ་བ་དེ་ཚོ་དགོས་པ་གསལ་པོ་རེད། འདི་ལྟར་བསམ་བློ་ཡག་པོ་བཏང་ན་ཆོས་ལུགས་ཚང་མར་གུས་པ་བྱེད་པ་དང་། དེ་དག་དངོས་གནས་མི་ལ་ཕན་ཐོགས་ཡོད་པ་རེད་བསམ་ནས་དང་བ་སྐྱེ་བ་ཞིག་ཡོང་གི་ཡོད། ཡིད་ཆེས་ཟེར་བ་དེ་སོ་སོ་རེད། ང་ཚོ་ནང་པ་ལ་ཆ་བཞག་ན་ང་ཚོ་མང་ཆེ་བ་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲངས་བྱས་ནས་དབུ་མའི་ལྟ་བ་ཁས་ལེན་གྱི་ཡོད། དབུ་མའི་ལྟ་བ་མཁས་བླང་མཁན་ཞིག་གིས་བྱེ་བྲག་སྨྲ་བའི་ལྟ་བ་ལ་ཡིད་ཆེས་བྱེད་ཀྱི་མེད་ཀྱང་། དེ་སངས་རྒྱས་ཀྱི་བཀའ་རེད་ཅེས་གུས་པ་བྱེད་ཀྱི་ཡོད། སོ་སོས་ཡིད་ཆེད་བྱེད་ཡག་དེ་དང་དད་གུས་བྱེད་པ་གཉིས་ཐ་དད་ཡིན། འཛམ་གླིང་འདིའི་ཐོག་ཆོས་བརྒྱུད་འདྲ་མིན་ཚོས་སོ་སོའི་ཆོས་བརྒྱུད་ཡིད་ཆེས་དང་དད་པ་བྱས། དེ་དངང་ཆབས་ཅིག་ཆོས་བརྒྱུད་གཞན་དག་ལ་གུས་པ་བྱེད་དགོས་འདུག དེ་ལྟར་བྱས་ཏེ་ཆོས་ལུགས་ཁག་ཐུན་སྒྲིལ་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུས་འགྲིགས་པར་ནང་བསམ་བློ་ཡར་རྒྱས་དགོས་ཀྱི་རེད་གསུང་མཁན་གྱི་ཆོས་ལུགས་དེ་ཆགས་སྡང་ཐོག་ཕྱིན་ན་ཐབས་སྡུག་རེད། དེ་ལུགས་ཚང་མས་བསམ་བློ་ཡག་པོ་བཏང་སྟེ་ཆོས་ལུགས་ཚང་མར་གུས་པ་བྱས་ན་ཆོས་ལུགས་ཚང་མ་འཆམ་མཐུན་ཡོང་གི་རེད། དེ་ང་ཚོ་ཆོས་ལ་དད་པ་ཡོད་མཁན་ཚང་མའི་ལས་འགན་ཡིན་ཞེས་སོགས་བཀའ་སྩལ་བས་འགྲོ་བ་སྤྱི་དང་བྱེ་བྲག་ཐམས་ཅད་ཡིད་རངས་ཏེ་ཤཱཀྱའི་བུས་གསུངས་པ་ལ་མངོན་པར་བསྟོད་དོ།།

ཡི་གེ་པ་ནི་ཕན་བདེའི་འོད་སྣང་ཞེས་བྱ་བའོ།

·རྩོམ་ཡིག་གོང་མ:ཨེ་མ་ཧོའི་ཆོས་ཚོགས་ཀྱི་སྨོན་ལམ།
·རྩོམ་ཡིག་འོག་མ:གཞས་ཚིག དྲན་གདུང་འོག་གི་མཆོད་ཆང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཆབ་མདོའི་སྐོར་གྱི་ཟིན་བྲིས། 2010/8/22 10:56:22
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 17:19:01 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:07:08 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:09:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS