ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

སློབ་ཆེན་པས་ངེས་པར་ཀློག་དགོས་པའི་དཔེ་དེབ་འོས་སྦྱོར།

  རྩོམ་པ་པོ:བྱ་གཞུང་དབྱངས་བྷ།ཡོང་ཁུངས:དགེ་འོས་ཚགས་པར།གཟིགས་གྲངས:3222ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/24 13:59:47ཚོགས་ཡར་སྤྲོད:admin
 

 

སློབ་ཆེན་པས་ངེས་པར་ཀློག་དགོས་པའི་དཔེ་དེབ་འོས་སྦྱོར།

                                                                    བྱ་གཞུང་དབྱངས་བྷ།

    མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགསམདའ་དང་འཕངབོད་ཀྱི་ལོ་རྒྱུས་དང་། གཏམ་རྒྱུད། ཆོས་ལུགས་ཆོ་ག་དང་དད་མོས་ལ་དཔྱད་པ་ཞེས་པ་ནི་ཉེ་སྔོན་བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བསྒྱུར་ཕབ་བྱས་པ་ཞིག་ལགས། དེབ་དེ་སྟོད་སྨད་ཆ་གཉིས་སུ་ཕྱེས་ཤིང་། ལོ་རྒྱུས་དང་གནའ་ཡིག་དཔྱད་བརྗོད། རྫོགས་ཆེན་རྩ་འཚོལ། བོན་ཆོས་མདོར་གླེང་། གཏམ་རྒྱུད་ཆོ་གའི་དཔྱད་ཞིབ། གེ་སར་རྒྱལ་པོའི་སྒྲུང་སྐོར་གླེང་པ་བཅས་སྡེ་མཚམས་ལྔ་དང་། ཁྱོན་སྡོམ་དཔྱད་རྩོམ་སུམ་ཅུས་གྲུབ་པ་ཞིག་རེད། མདའ་དང་འཕང་ཞེས་པའི་མདའ་ནི་གནའ་བོའི་མཚོན་ཆ་ཞིག་ཡིན་པ་མ་ཟད། བོད་གནའ་བོའི་རིག་གནས་ཁྲོད་དུ་ཕོ་ཁྱོ་ག་མཚོན་ཞིང་། འཕང་ཞེས་པ་ནི་བོད་མིས་བལ་འཁལ་བྱེད་ཀྱི་ཡོ་ཆས་ཤིག་དང་བོད་གནའ་བོའི་རིག་གནས་ཁྲོད་དུ་བུད་མེད་མཚོན་པར་བཤད། མཁར་རྨེའུ་བསམ་གཏན་ལགས་ནི་སྤྱི་ལོ༡༩༣༦ལོར་བོད་བཙན་པོའི་སྐབས་ཀྱི་ལྷོ་ཤར་མཐའ་མཚམས་ཡིན་པའི་ཨ་མདོའི་ཟོང་ཆུ་རུ་སྐྱེས་ཤིང་། ལོ་རབས༦༠པ་ནས་ད་བར་ལོ་ངོ་༥༠ཙམ་གྱི་རིང་ལ། དབྱིན་ཇུའི་ལོན་ཏོན་མཐོ་རིམ་སློབ་ཆེན་དང་ཕ་རན་སིའི་མཐོ་རིམ་སློབ་གཉེར་ཁང་། ཉི་ཧོང་གི་ཤར་ཕྱོགས་དཔེ་མཛོད་ཁང་སོགས་ནས་བོད་རིག་པའི་ཞིབ་འཇུག་གི་ཕྱག་ལས་གནང་མྱོང་། ཁོང་ནི་འཛམ་གླིང་བོད་རིག་པའི་མཁས་པ་ལས་གོ་ཐོབ་ཆེས་མཐོ་ཤོས་དེ་རེད་ཅིང་། སྔ་ཕྱིར་ལོ་དྲུག་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་པའི་ཚོགས་གཙོར་འདེམས་བསྐོ་བྱས་མྱོང་།

    རྩོམ་པ་པོ་ཁོང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཡིན་པའི་ངོས་ནས། རྐྱེན་དབང་སྣ་ཚོགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ཏུ་འཁྱར་བའི་བོད་པའི་གནའ་ཡིག་འབོར་ཆེན་དང་མཇལ་བའི་སྐལ་བ་ཐོབ་པ་དང་གཅིག འཛམ་གླིང་སྔོན་ཐོན་གྱི་ཞིབ་འཇུག་ཐབས་ལམ་དང་ཞིབ་འཇུག་རྣམ་འགྱུར་དང་ལེན་བྱེད་པའི་ལས་སྐལ་སྨིན་པ་དང་གཉིས་སོགས་ཕྱི་ནང་གི་ཆ་རྐྱེན་རྙེད་དཀའ་བ་དག་འཛོམས་པས་ན། ཁོང་གི་ཞིབ་འཇུག་གི་འབྲས་བུ་དག་ལ་འཛམ་གླིང་མཁས་དབང་དག་གིས་ཚད་འཛིན་བྱེད་ཅིང་སྙན་གྲགས་ཆེ། མདའ་དང་འཕངལ་མཚོན་ནའང་། ང་རང་ཚོས་བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས། བོན་གྱི་གཏམ་རྒྱུད་དང་ཆོ་ག་སོགས་བོད་གནའ་བོའི་རིག་གནས་ལ་ཤེས་རྟོགས་བྱ་རྒྱུར་ཕན་པ་ཙམ་མ་ཟད། ད་དུང་རྒྱལ་སྤྱིའི་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོའི་ལྟ་བ་དང་ཞིབ་འཇུག་ཐབས་ལམ། ཞིབ་འཇུག་གི་རྩ་དོན་དང་རྣམ་འགྱུར་སོགས་ལ་རྒྱུས་ལོན་སློབ་སྦྱོང་བྱ་རྒྱུར་ཡང་མཆོག་ཏུ་ཕན་ངེས། གཞན་ཡང་། ཁོང་གིས་དེབ་ཏུ་དྲངས་པའི་ཞིབ་འཇུག་གི་དཔྱད་ཡིག་ཁུངས་བཙུན་ཞིང་རྙེད་དཀའ་བ་དག་གིས་ང་རང་ཚོའི་བོད་རིག་པའི་ཞིབ་འཇུག་ཕྱག་ལས་ལ་རྒྱུ་ཆ་གྱ་ནོམ་པ་ཞིག་མཁོ་སྤྲོད་བྱས་ཡོད།

    ནང་སྒོས་སུ། དཔྱད་རྩོམབཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུསཞེས་པ་སོགས་ལོ་རྒྱུས་ཞིབ་འཇུག་གི་དཔྱད་རྩོམ་ཁག་དང་སྡེ་ཚན་བཞི་་གཏམ་རྒྱུད་ཆོ་གའི་དཔྱད་ཞིབ་ཞེས་པའི་ནང་གི་དཔྱད་རྩོམ་ཁག་གིས། ང་རང་ཚོའི་སྔར་ཡོད་ཀྱི་ལོ་རྒྱུས་དང་རིག་གནས་ཐད་ཀྱི་ཤེས་བྱ་དང་ལྟ་ཚུལ་ལ་གཡོ་འགུལ་གཏོང་སྲིད་ཅིང་། སྒང་བ་བོད་པའི་ལོ་རྒྱུས་དང་རིག་གནས་ཀྱི་ལྐོག་གྱུར་བདེན་པ་ལ་ཉེ་བར་བཅར་བར་ལམ་ཁ་གཞན་ཞིག་བསྟན་འདུག མ་ཟད། ངེད་ཅག་ལ་ཤེས་རིག་ཞིབ་འཇུག་གི་གཟུར་གནས་བློ་གཤོགས་དང་། བདེན་པ་འཚོལ་ཞིབ་ཀྱི་གཟབ་ནན་རྣམ་འགྱུརགནས་ལུགས་རྒྱུ་མཚན་ལ་གོང་བཀུར་དང་འཚོལ་ཞིབ་བྱེད་པའི་འདུ་ཤེས་བཅས་ནི་མི་བུ་རྣམ་དཔྱོད་ཅན་དག་གི་ཁྱད་གཤིས་ཡིན་པའི་མིག་དཔེ་སྟོན་གནང་མཛད་འདུག་གོ། དགེ་མཚན་དེ་འདྲར་དམིགས་ནས། མདའ་དང་འཕངནི་སློབ་ཆེན་པས་ངེས་པར་ཀློག་དགོས་པའི་དཔེ་དེབ་ཞིག་གོ་སམས་ཤིང་ལྷན་རྒྱས་ལ་ཆེད་དུ་འོས་སྦྱོར་བྱས་པ་ལགས་སོ།།                                                    དགེ་འོས་ཚགས་པརལས་བཏུས།

·རྩོམ་ཡིག་གོང་མ:བྱ་གཞུང་དབྱངས་བྷའི་ལྷུག་རྩོམ། རྒྱ་ནག་རི་བོ་རྩེ་ལྔར་ཕྱིན་པ།
·རྩོམ་ཡིག་འོག་མ:དུང་དཀར་བློ་བཟང་འཕྲིན་ལས་མཆོག་ཉིད་རྗེས་དྲན་དུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:wdekxmedu
bSWeKZ  <a href="http://puniyiojbvsl.com/">puniyiojbvsl</a>, [url=http://hkufjqhdvezo.com/]hkufjqhdvezo[/url], [link=http://cuoxvnennfvl.com/]cuoxvnennfvl[/link], http://sogptirqswxk.com/
发表时间:2019/10/4 8:49:15 [来自: 5.188.211.13]

 评论者:ecxekpy
4AbGin  <a href="http://lzhhmgrpdbqh.com/">lzhhmgrpdbqh</a>, [url=http://yksupahzadfd.com/]yksupahzadfd[/url], [link=http://gstygjjpuoqy.com/]gstygjjpuoqy[/link], http://qqwgbulqxmrq.com/
发表时间:2019/10/3 10:35:20 [来自: 5.188.211.35]

 评论者:gqgjqdqnakd
5uF3FP  <a href="http://luiztkovjlkr.com/">luiztkovjlkr</a>, [url=http://ypwbictcpuns.com/]ypwbictcpuns[/url], [link=http://emkubldgsmzm.com/]emkubldgsmzm[/link], http://ithiaodyqfjy.com/
发表时间:2019/9/9 20:41:27 [来自: 5.188.211.35]

འབྲེལ་ཡོད་དཔྱད་བརྗོད 1167 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS