ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

དཔེ་ཀློག་ཟིན་བྲིས་འབྲི་སྟངས།

རྩོམ་པ་པོ:རེ་བ།ཡོང་ཁུངས:སེང་རྡོར་དྲྭ་བ།གཟིགས་གྲངས:2152ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/25 22:33:22ཚོགས་ཡར་སྤྲོད:ངེད།

དཔེ་ཀློག་ཟིན་བྲིས་འབྲི་སྟངས།

རེ་བ།

ཐེངས་ཤིག་ལ། རྩོམ་རིག་གི་ལས་ལ་ཐོག་མར་འཇུག་པའི་སྐྱེས་བུ་སུ་ཞིག་རྩོམ་པ་པོ་གྲགས་ཅན་པར་ཀྲ་ཁཱའེ་ཡི་མདུན་དུ་སོང་ནས། སྐུ་ཞབས་ཁོང་གིས་འཛམ་གླིང་ན་སྙན་གྲགས་འབར་བའི་བརྩམས་ཆོས་དེ་འདྲ་མང་པོ་ཞིག་ཇི་ལྟར་བརྩམས་གྲུབ་བྱུང་བའི་མན་ངག་ཞུས་པ་ན། སྐུ་ཞབས་ཁོང་དགོད་གྱིན་ང་ལ་སྐད་ཆའི་བང་མཛོད་ཅིག་ཡོད་ཅེས་བཤད་པ་རེད། མ་གཞི། པར་ཀྲ་ཁཱའེ་ཡི་སྐད་ཆའི་བང་མཛོད་ནི་སྐུ་ཞབས་ཁོང་གིས་མི་ཚེ་ཕྱེད་ཀའི་རིང་གསོག་འཇོག་བྱས་པའི་དཔེ་ཀློག་ཟིན་བྲིས་དག་རེད། སྐད་ཆའི་བང་མཛོད་འདིའི་ཁྲོད་ནས་ཁོང་གི་འཛམ་གླིང་ན་སྙན་གྲགས་འབར་བའི་བརྩམས་ཆོས་འདི་དག་བྱུང་བ་ཡིན་ལ། སྐད་ཆའི་བང་མཛོད་འདིའི་དབང་གིས་ཁོང་གི་བསམ་གཞིགས་ཀྱི་དཀྱེལ་ཡངས་ཤིང་ཤེས་རྟོག་གི་རྒྱ་བསྐྱེད་པ་མ་ཡིན་ནམ།

རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་ཆིན་མུའུ་ཡིས་ཀྱང་རྩོམ་པ་པོ་ཞིག་ལ་ངེས་པར་དུ་ཡོད་འོས་པའི་སྐད་ཆའི་བང་མཛོད་གསུམ་ནི། དང་པོ། འཚོ་བའི་ཁྲོད་ཀྱི་རྒྱུ་ཆ་གསོག་འཇོག་བྱེད་ས། གཉིས་པ། དཔེ་ཆ་དང་དཔྱད་གཞིའི་ཡིག་རིགས་ཁྲོད་ནས་རྒྱུ་ཆ་གསོག་འཇོག་བྱེད་ས། གསུམ་པ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་མི་དམངས་ཀྱི་སྐད་ཆ་གསོག་འཇོག་བྱེད་ས་བཅས་ཏེ། སྐད་ཆའི་བང་མཛོད་འདི་གསུམ་ལྡན་ཚེ་རྩོམ་ཡིག་འབྲི་རྒྱུ་དེ་ཧ་ཅང་ལས་སླ་བ་ཞིག་ཡིན་པར་འདོད་པའོ། འདི་གསུམ་ལས་གཉིས་པ་ཡང་དཔེ་ཀློག་ཟིན་བྲིས་ལ་གོ་དགོས་པ་ཡིན།
གལ་ཏེ། དཔེ་ཀློག་ཟིན་བྲིས་ཤིག་ཅིས་ཀྱང་མཁོ་བའི་དགོས་པ་ད་དུང་མི་གསལ་ཞེ་ན། ང་ཚོས་འདི་ལྟར་བསམ་གཞིགས་བྱས་ཆོག་སྟེ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་དཔེ་ཆ་མང་པོ་ཞིག་ཀློག་སྲིད་ལ་བཀླག་ཀྱང་མྱོང་མོད། དུས་ཡུན་རིང་བོ་ཞིག་མ་འགོར་བར་ང་ཚོའི་དྲན་པའི་ཁྲོད་ད་དུང་ཝ་ལེར་གསལ་བའི་དྲན་ཤེས་དག་མོག་མོག་ཅིག་ཏུ་སྣང་བ་མིན་ནམ། སྐབས་འདི་དག་ཏུ་ང་ཚོ་ཅིས་ཀྱང་སྔོན་ཆད་ཟིན་བྲིས་སུ་བཀོད་མ་མྱོང་བའི་ནོངས་ འགྱོད་ཀྱིས་གཅུམ་ཡོང་བ་མིན་ནམ། དེ་བས། ང་ཚོར་ཅིས་ཀྱང་དཔེ་ཀློག་ཟིན་བྲིས་ཤིག་མཁོ་བ་ཡིན་ལ།   རྒྱ་ནག་གི་གཏམ་དཔེ་རུ་ཡང་མཁས་པའི་ཀླད་པ་ལས་གླེན་པའི་སྨྱུ་གུ་མཆོག་གོ་ཞེས་འབྱུང་བ་ཡིན་པས། ང་ཚོ་མི་བུ་སུ་དང་སུ་ཡིན་ན་ཡང་དཔེ་ཀློག་ཟིན་བྲིས་འགོད་པའི་གོམས་གཤིས་ལེགས་ཞིག་ལོབས་རྒྱུ་གལ་ཆེ་བ་དང༌།   དེས་ནི་ང་ཚོའི་སེམས་ཀྱི་བག་ཆགས་དང་ཀླད་པའི་དྲན་ཤེས་ཇེ་གསལ་ཏུ་གཏོང་བ་མ་ཟད། གཞན་གྱི་མ་རྩོམ་གྱི་གོ་བ་གཏིང་ཟབ་ཏུ་གཏོང་བ་དང་རང་གི་རྩོམ་འབྲིའི་ནུས་པ་མཐོ་རུ་འདེགས་པར་རམ་འདེགས་བྱེད་པ་ཡིན་པས།   ང་ཚོས་དུས་རྒྱུན་གྱི་དཔེ་ཀློག་ ཁྲོད་དུ་དཔེ་ཀློག་ཟིན་བྲིས་འགོད་རྒྱུ་སྣང་མེད་དུ་འཇོག་མི་རུང་ངོ༌།
དེ་ཡང༌། རླབས་ཆེན་གྱི་གསར་བརྗེའི་གཙོ་འཛིན་ལེ་ཉིན་གྱི་སྐུ་ལྕམ་ཁུ་ལོ་ཕུའུ་སི་ཁཱ་ནི་དཔེ་ཆ་ཀློག་པར་སྤྲོ་བའི་སློབ་གསོ་བ་ཆེན་མོ་ཞིག་སྟེ། ཁོ་མོས་བཀླགས་ཟིན་པའི་དཔེ་ཆ་དང་དཔྱད་   གཞི་དག་ལ་ཟིན་བྲིས་འགོད་སྐབས་སུ་གནད་གསུམ་གཙིགས་སུ་འཛིན་དགོས་པར་འདོད་དེ། དང་པོ་ནི་གཙོ་གནད་ཟིན་བྲིས་སུ་འགོད་པ་དང༌། གཉིས་པ་ནི་དཀའ་གནད་ཟིན་བྲིས་སུ་འགོད་པ། གསུམ་པ་ནི་རང་གི་བསམ་ཚུལ་ཟིན་བྲིས་སུ་འགོད་པ་བཅས་སོ། དེ་དང་ལྷན་ཅིག ང་ཚོས་ཟིན་བྲིས་འགོད་སྐབས་སུ་ཡིག་གཟུགས་གྲ་དག་དང་ཤོག་ངོས་གཙང་མ་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། དེ་ལྟར་མིན་ན་བྲིས་ངན་མིས་མི་ཤེས། ཞག་གཅིག་འགོར་ན་རང་གིས་མི་ཤེས་ཞེས་པའི་དཔེ་རུ་མི་འགྱུར་བའི་ངེས་པའང་མེད།
དཔེ་ཀློག་ཟིན་བྲིས་ཀྱི་གོ་དོན།
དེ་ཡང༌། དཔེ་ཀློག་ཟིན་བྲིས་ཞེས་པ་ནི་ང་ཚོས་དུས་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་གི་བར་གསེང་དུ་དཔེ་ཆ་དང་ཚགས་པར། དུས་དེབ། ཡིག་ཆ་སོགས་བཀླགས་པའི་བརྒྱུད་རིམ་ཁྲོད་དུ། རང་ཉིད་ལ་མཁོ་བའི་ཤེས་བྱ་དང་ནང་དོན། གཙོ་གནད་སོགས་ཟིན་ཐོར་འགོད་པའམ། ཡང་ན་རང་ཉིད་ཀྱི་ངོས་ཟིན་དང་བསམ་ཚུལ། མྱོང་ཚོར། བསམ་འཆར་སོགས་ཟིན་བྲིས་སུ་འགོད་པ་དེ་ལ་ཟེར།
དཔེ་ཀློག་ཟིན་བྲིས་ཀྱི་དགེ་མཚན།
དུས་རྒྱུན་དུ་དཔེ་ཀློག་ཟིན་བྲིས་འབྲི་བར་གོམས་ན། ང་ཚོས་ཀློག་གིན་པའི་དཔེ་ཆའི་ནང་དོན་ལ་གོ་བ་སྔར་ལས་ཀྱང་གཏིང་ཟབ་མོ་ལེན་ཐུབ་པ་དང༌། བཀླགས་ཟིན་པའི་དཔེ་ཆའི་ནང་དོན་ཡིད་ལ་འཛིན་སླ་བ། དེ་བཞིན་དུ་ང་ཚོའི་ཡིད་འཛིན་གྱི་ནུས་པ་ཇེ་མཐོ་དང་དཔྱད་ཡིག་འཚོལ་བའི་ཚེགས་ཇེ་ཉུང་དུ་གཏོང་བ། རྩོམ་ཡིག་འབྲི་བའི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ་པ་བཅས་ཀྱི་དགེ་མཚན་ཆེ།
དཔེ་ཀློག་ཟིན་བྲིས་ཀྱི་རེ་འདུན།
དཔེ་ཀློག་ཟིན་བྲིས་འབྲི་བར། ཆེས་ཐོག་མའི་ཆ་རྐྱེན་ནི་མ་རྩོམ་གྱི་ནང་དོན་ལ་གོ་བ་བྱང་ཆུབ་པ་ཞིག་ལོན་དགོས་པ་མ་ཟད། ནན་ཏན་གྱིས་མ་རྩོམ་བཀླགས་ནས་ཀློག་མཁན་རང་ཉིད་ཀྱི་ངོས་ཟིན་དང་མྱོང་ཚོར་སོགས་ཟིན་བྲིས་སུ་འགོད་པ་ཡིན་ལ། ཟིན་བྲིས་སུ་འགོད་དུས་སུ་ཚིག་གི་སྦྱོར་བ་དང་དོན་གྱི་མཚོན་སྟངས་ལ་གཟབ་དགོས་པ་དང༌། མ་རྩོམ་གྱི་བརྗོད་དོན་གཙོ་བོ་དང་བསམ་བློའི་དོན་སྙིང་ངེས་པར་དུ་མཚོན་དགོས་པ་ཡིན།
རྩོམ་ཡིག་འབྲི་དཔེ།
ལས་དབང་ལ་ཅོ་འདྲི་བཞེས་པའི་རྩོམ་ཡིག་གི་དཔེ་ཀློག་ཟིན་བྲིས།
དང་པོ། ཐ་སྙད་གསར་བ།
ལས་དབང༌།   ཅོ་འདྲི་བ།   ཡ་ང་བ།   དཔའ་ཞུམ་པ།   འགོངས་པ། རྫིགས་ཉམས། ཁག་པོ། བྱམ་འཁོར།
གཉིས་པ། ཚིག་སྦྱོར་ལེགས་པོ།
༡མི་ཞིག་ལ་རིག་པ་དང་ཡོན་ཏན་ཇི་འདྲ་ཡོད་རུང༌། མཐའ་གཅིག་ཏུ་ནུས་པ་འདོན་ཐུབ་པའི་ངེས་པ་མེད། དེ་དང་གོ་མཚུངས་པའི་གྲུབ་འབྲས་ཤིག་ལེན་དགོས་ན། ད་དུང་སྙིང་སྟོབས་ཤིག་ཀྱང་དགོས་པ་སྟེ། ཕམ་ཁར་མི་སྐྲག་པ་དང་དཀའ་སྡུག་ལ་མི་སྐྲག་པ། ལས་དབང་ལ་ཅོ་འདྲི་ཕོད་པ་བཅས་ཀྱི་སྙིང་སྟོབས་ཤིག་ཀྱང་དགོས་པ་རེད།
༢ད་ནི་ཚེ་ཚད་ལོ་གཉིས་དང་ཕྱེད་ཀ་ཙམ་མ་གཏོགས་མེད་པས། ཧུར་ཐག་གིས་དོན་སྙིང་ཡོད་པའི་ལས་ཀ་ཞིག་བསྒྲུབས་ནས། ཚེ་སྲོག་ལ་འོད་སྟོང་འབར་བར་བྱེད་དགོས།
༣ ཁོང་གི་ཞུམ་མེད་ཀྱི་སྙོངས་སྟོབས་ལ་ལས་དབང་ཡང་སྐྲག་ནས་ཕྱིར་བཤོལ་བྱས་པ་དང་འདྲ། ལོ་གཉིས་དང་ཕྱེད་ཀ་མང་པོ་ཞིག་འདས་རུང༌། ཁོང་སྔར་བཞིན་དཔའ་ངར་ཞུམ་མེད་ཀྱི་སྒོ་ནས་གསོན་འདུག
༤ ཧོ་ཁེན་གྱི་གྲུབ་འབྲས་ཀྱིས་ཚན་རིག་ལས་རིགས་ལ་ཁ་ལོ་བསྒྱུར་བར་མ་ཟད། ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་འཇིག་རྟེན་ལ་ཁ་ལོ་བསྒྱུར་བ་རེད། ཁོང་གི་མཛད་རྗེས་ལས། ལས་དབང་ལ་ཅོ་འདྲི་ནུས་པ་གསལ་བོར་བསྟན་ཡོད།

གསུམ་པ། བཀླགས་པའི་མྱོང་ཚོར།
སྨན་པས་ལོ་ཉེར་གཅིག་ཙམ་ལ་སོན་པའི་མི་ཞིག་གི་ནད་ལ་བརྟགས་པས། བཅོས་ཐབས་མེད་པའི་ནད་བྱུང་ཡོད་ཟེར། ཡིན་ན་ཡང༌། རྗེས་སུ་མི་དེ་རླབས་ཆེན་གྱི་ཚན་རིག་པ་ཞིག་ཏུ་གྱུར་བ་རེད། མི་དེ་སུ་ཡིན་ཞེ་ན། ཁོང་ནི་ཧོ་ཁེན་རེད།
རྩོམ་ཡིག་འདིའི་ནང་དུ་ཧོ་ཁེན་གྱིས་ལས་དབང་ལ་ཇི་ལྟར་ཅོ་འདྲི་ཕོད་པ་དང༌། ཁོང་གི་ངོ་མཚར་བའི་སྙིང་སྟོབས་ལས་ཁོ་ རང་འཆི་བདག་གི་མདུན་ནས་དཔའ་མ་ཞུམ་པ་དེ་ནི་གསོན་པ་ཁོ་ན་ཙམ་ཞིག་མ་ཡིན་པར། མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ་འོད་སྟོང་འབར་བའི་བྱས་རྗེས་བཞག་པ་དེ་ཡིན་ལ། འདི་ལས་མཐོང་ཐུབ་པ་ནི་མི་ཞིག་གི་ཚེ་སྲོག་ལ་ཚད་ཡོད་ན་ཡང་བསམ་བློ་དང་བྱ་གཞག་ལ་ཚད་མེད་པས། ཡུན་ཐུང་གི་དུས་ཚོད་ནང་དུ་ཡུན་རིང་གི་བྱས་ རྗེས་འཇོག་པའི་བློ་སྤོབས་དང་སྙིང་སྟོབས་དེ་ནི་ང་ཚོ་སློབ་ཕྲུག་ དག་གི་མིག་དཔེའི་ཚད་གཞི་ཡིན་པའི་འདུ་ཤེས་སྐྱེད་བསྲིང་བྱེད་དགོས་ལ།   དེ་དང་མཉམ་དུ་མི་དམངས་ལ་ཁེ་ཕན་ཆེ་བའི་བྱ་བ་ཞིག་སྒྲུབ་དགོས་ན་ཆུང་དུས་ནས་དཀའ་ངལ་ལ་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཤིག་དགོས་པ་དེའོ།

མཛུབ་སྟོན་དགེ་རྒན་གྱི་ཕྲན་དཔྱད།
རྩོམ་ཡིག་འདི་ནི། རྩོམ་པ་པོས་ལས་དབང་ལ་ཅོ་འདྲི་བཞེས་པའི་རྩོམ་ཡིག་ཀློག་པའི་གོ་རིམ་ཁྲོད་དུ། རྩོམ་ཡིག་གི་ཁྲོད་དུ་བྱུང་བའི་གསར་རྙེད་ཐ་སྙད་གསོག་འཇོག་དང༌། ཚིག་སྦྱོར་ལེགས་པོ་བཤུ་འབྲི། བརྗོད་དོན་གཙོ་བོ་སྤྱི་བསྡོམས་བཅས་ཁག་གསུམ་དུ་བགོས་ནས་ཟིན་བྲིས་སུ་བཀོད་ཡོད་པ་དང༌། གོ་རིམ་འདི་གསུམ་ནི་དཔེ་ཀློག་ཟིན་བྲིས་ལེགས་པོ་ཞིག་འཁྱོངས་པའི་ཆེས་རྩ་བ་དང་ཆེས་རྨང་གཞི་ཡིན།
གཞན་ཡང་སློབ་ཕྲུག་མང་ཆེ་ཤོས་ཤིག་གིས་དཔེ་ཀློག་ཟིན་བྲིས་འགོད་དུས་སུ། རྩོམ་ཡིག་གི་བརྗོད་དོན་ལ་གཙོ་ཕལ་དང་རབ་འབྲིང་གི་དབྱེ་བ་མི་འབྱེད་པར་གང་འདོད་དུ་འབྲི་བ་ནི་དཔེ་ཀློག་ཟིན་བྲིས་ཀྱི་ལོག་ལམ་ཞིག་ལས་སློབ་སྦྱོང་དང་རྩོམ་འབྲི་གང་ལ་ཡང་ཕན་ཐོགས་ཅི་ཡང་འབྱུང་བ་མིན།

རྩོམ་འབྲི་སྦྱོང་བརྡར།
དཔེ་ཀློག་ཆ་རྐྱེན།
དབུལ་བོ།སློབ་ཆུང་དེབ་བཅུ་གཉིས་སྟེང་འཁོད་ཡོད།
༢ རྩོམ་ཡིག་འདི་ནི་མི་སྣ་གཙོ་བོ་སུ་ཡི་སྟེང་དུ་བྱུང་བའི་དོན་དག་གང་ཞིག་གཙོ་བོར་བཟུང་ནས་བསམ་བློའི་དོན་སྙིང་ཅི་ཞིག་མཚོན་པར་བྱས་ཡོད་དམ།
༣ རྩོམ་ཡིག་འདི་བཀླགས་པ་བརྒྱུད་ནས་ཁྱོད་ལ་མྱོང་ཚོར་ཅི་ཞིག་ཐོབ་བྱུང་བམ།
·རྩོམ་ཡིག་གོང་མ:དུང་དཀར་བློ་བཟང་འཕྲིན་ལས་མཆོག་ཉིད་རྗེས་དྲན་དུ།
·རྩོམ་ཡིག་འོག་མ:གཞས་ཚིག གནས་མཆོག་ཛོ་གཡས་ཁ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:43:05 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:21:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:05:52 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS