ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

ང་ཚོར་སིམ་པ་སྟེར་བའི་དཔེ་ཚོགས་ཤིག་ངོ་སྤྲོད།

རྩོམ་པ་པོ:སེར་རྡོར།ཡོང་ཁུངས:ན་གཞོན་གསར་པ།གཟིགས་གྲངས:2277ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/5/24 14:10:21ཚོགས་ཡར་སྤྲོད:admin

ང་ཚོར་སིམ་པ་སྟེར་བའི་དཔེ་ཚོགས་ཤིག་ངོ་སྤྲོད།

སེར་རྡོར།

བློ་འབྱེད་ཀློག་དེབ་དཔེ་ཚོགས།

དཔེ་ཚོགས་འདི་ནི། ང་ཚོའི་རྩོམ་སྟེགས་ཀྱི་སྐྱེས་བུ་ཤེས་རབ་ཅན་སྐོར་ཞིག་གིས་ཆེད་དུ་རྩོམ་སྒྲིག་མཛད་པ་དང་། འདི་ཡང་ཁོ་ཚོས་བྱས་པའི་དཔེ་ཚོགས་གཞན་དག་དང་འདྲ་བར། དུས་ཀྱི་སྔ་ཤེད་དུ་ལངས་ཚུགས་ཐུབ་པའི་སྐད་ཆ་གསོན་པོ་དང་བསམ་བློ་གསོན་པོ་འབའ་ཞིག་ཡིན་པར་ཐལ། གཞན་ནི་ལྟ་ཅི་སྨོས། དེབ་གཞིའི་ཇུས་འགོད་ཁོ་ནས་ཀྱང་སེམས་ལ་སྣང་ཆ་སྦར་འགྲོ་བ་ཞིག་ཏན་ཏན་རེད། ན་ཚོད་ཀྱི་རབ་བྱེད་ལ་བརྒྱུས་ཤིང་ཤེས་རྟོགས་ཀྱི་གཞུང་ལམ་ལ་སྤྲད་པའི་ས་བཅད་དབྱེ་བསྡུ་ཙམ་གྱིས་ཀྱང་མི་རྣམས་ཀྱི་བློ་ཁ་ངང་ངམ་ཤུགས་ཀྱིས་དྲངས་འགྲོ་བར་མ་ཟད། རང་དབང་དང་དམངས་གཙོ་ལས་འཕྲོས་ཏེ་གཏུགས་ས་ཞིག་ཏུ་གཏུགས་ཡོད་པ་དང་འདྲ་མཉམ་དང་རྩིས་ཐང་ལས་གློད་དེ་བརྡལ་ས་ཅིག་ཏུ་བརྡལ་ཡོད་པ་ནི་སྙིང་ཚིམ་པའི་ཚོད་རེད།

རང་དབང་དང་དམངས་གཙོ་སོགས་ནི་མིའི་རིགས་ཀྱི་བླ་མེད་ཐེག་པ་དང་རྣམ་མཁྱེན་མཐར་ཐུག་ཡིན་པར་ཆ་བཞག་ན། དཔེ་ཚོགས་འདི་ནི་ང་ཚོ་བོད་མིའི་ངོས་ནས་ནི། ལམ་བུ་གང་དེར་འཇུག་བྱེད་ཀྱི་ཆེས་སྔ་བའི་རིག་པའི་ཟ་མ་ཏོག་སྐོར་ཞིག་ཡིན་པ་རྩོད་རྒྱུ་ཡོད་པ་མ་རེད། འདི་དག་ལ་བལྟ་ཞིང་དཔྱོད་པའི་དུས་ནའང་། རང་རེའི་བྱེས་བཞུགས་སྤུན་ཟླ་མང་ཆེར་དང་མཚུངས་པར་སྒྲ་སྤྱིའི་གོ་བ་ཉི་ཚེ་ཙམ་ཞིག་རྙེད་པས་གཏན་མི་འགྲིག་པར། དབུ་མ་ཐལ་རང་གི་འཇོག་མཚམས་ལས་ཀྱང་དཀའ་བའི་གནད་ཀ་ཟབ་མོ་རེ་ཡོད་པར་ཅིས་ཀྱང་ངེས་ཤེས་འདྲོང་དགོས་རྒྱུ་རེད་སྙམ།

དེ་ལྟ་མ་ཡིན་པར། གོ་ལོ་ཐོས་ལོ་དང་ཤེས་ལོ་མཁས་ལོ་བྱས་ཏེ་ཐ་སྙད་འགའ་ཞིག་གི་ཕྱི་ཤུན་ལས་གང་ཡང་ལོན་མ་སོང་ཚེ། ཁོང་རྣམས་ཀྱིས་ཚེག་བར་ཐུར་མས་དེད་ཅིང་སྒྲ་འབྲུ་མནོ་བསམ་གྱིས་བསྐྲུན་པའི་བྱས་འབྲས་ལ་ང་ཚོས་བསམ་བཞིན་དུ་བརྩི་བཀུར་མ་བྱས་པ་མ་ཡིན་ནམ། ཁོ་བོ་ཐེ་བའི་མང་པོ་ཞིག་གིས། གནས་སྐབས་སུ། དོན་དམ་གྱི་རང་དབང་དམངས་གཙོ་ཞེས་པར་འཁྲིགས་ཡག་པོ་ཨེ་ཞོག་བརྗོད་དཀའ་མོ་རེད་ལ། དུས་ཡུན་ངེས་ཅན་ཞིག་ལ་ཕྱོགས་སུ་མི་སླེབས་པའི་སྐད་ཆ་དང་། ལྟག་སྤྲོད་དུ་གྱུར་པའི་བརྗོད་ངག་སོགས་ཀྱིས་ལྐུགས་རྟགས་སྣ་ཚོགས་སྟོན་ནའང་ཅི་ཆ་མོད། མི་ཤེས་ཤེས་ཁུལ་གྱིས་ཁ་ཕོ་འབྱིན་རྒྱུ་ནི་ང་ཚོའི་ནད་རྙིང་རིགས་ཤིག་ཡིན་པས་ཅིས་ཀྱང་འདོར་ཐབས་དཀའ་ལ། མི་འཇོན་འཇོན་མདོག་གིས་གང་ཡིན་ལ་རྣམ་གཞག་བྱེད་རྒྱུའང་ང་ཚོའི་ལོབས་གོམས་རིགས་ཤིག་ཡིན་པས་དེའང་མུ་མཐུད་དུ་འདྲུད་དགོས་པ་ཞིག་ཡིན་ཁུལ་བྱོས་མོད། དེབ་པོད་འདི་དག་དང་མཇལ་ཉིན་ནས་བཟུང་རྣལ་མི་རྣལ་གཉིས་ཀྱིས་རང་དབང་དང་དམངས་གཙོ་ཞེས་པའི་བྲག་ཅ་རིང་མོ་ཞིག་ཁད་ཀྱིས་བཟློ་ངེས་ཡིན་ལ། སྙམ་མེད་དུ་ཚིག་འཁྲིའི་འཁོར་ལོ་བསྐོར་རྒྱུ་ཡིན་པ་ང་ཚོའི་ལ་ཉེ་ཡིས་ཐག་བཅད་ཡོད་པ་རེད་ཨང་། མི་ལོ་མང་པོར་དེ་ལྟར་གྱལ་གྱོལ་དུ་ཕྱིན་དགོས་པ་ནི་ང་ཚོའི་ཚུགས་ཀ་ལ་བལྟས་ན་ཤེས་འོང་ཞིང་། དུས་རབས་གྲངས་མེད་ལ་ད་དུང་ལྡབ་ལྡིབ་སྨྲ་རྒྱུ་ཡིན་པའང་ང་ཚོའི་མཆན་འོག་ལ་རེག་ན་ཚོར་ཐུབ་གི་རེད་མོད། དེ་ནི་གོ་རིམ་ཞིག་ཡིན་པས་ན། དེ་ནི་མིའི་རིགས་ཐུན་མོང་གིས་བརྒྱུད་དགོས་པའི་ཆོས་ཉིད་ཅིག་ཀྱང་ཡིན་པས་ན་ཐུ་ཙམ་སྐྱོན་ཡོད་པ་ཞིག་ཀྱང་མ་རེད་འདོད།

ཆེས་མ་མཐའི་རེ་བ་ནི། འུ་བུ་ཅག་རང་དབང་དང་དམངས་གཙོ་ཞེས་པའི་བརྡ་དོན་སྟེང་མགོ་བོ་མི་འཁོར་རྒྱུ་དང་། ཡུལ་འདིར་ཅིས་ཀྱང་རང་དབང་དང་དམངས་གཙོ་གཤེད་དུ་བབས་པའི་སྒེར་གཅོད་རིང་ལུགས་ཀྱི་ལོ་རྒྱུས་འབྱུང་དུ་མི་རུང་ཞིང་། ས་འདིར་ཅིས་ཀྱང་རང་དབང་དང་དམངས་གཙོ་ནད་དུ་བརྒྱུགས་པའི་སྲིད་རྒུད་ཁྱིམ་ཤོར་གྱི་རྣམ་ཐར་ཡང་འཐོན་པར་མི་རུང་བ་སྟེ། དེབ་ཕྲེང་འདིའི་རྩོམ་སྒྲིག་པའམ་རྩོམ་མཁན་ཁོང་ཅག་གི་སྐད་ལྟར་བཤད་ན། འུ་བུ་ཅག་ལམ་སང་བྱིས་པའི་ཚུལ་བབ་ལས་ཐར་བར་བྱས་ཏེ་དཔྱོད་ཤེས་བློ་འབྱེད་ཀྱི་ལམ་དུ་གོམ་པ་སྤོ་རྒྱུ་དང་། ངེས་པ་དོན་གྱི་རང་དབང་དང་དམངས་གཙོའི་ཕྱོགས་སུ་གྲབས་གཤོམ་རྒྱུ་དེའོ། །

ཟུར་བཀོད།
དཔེ་ཚོགས་འདིར་རང་བློ་ཧ་ཅང་འདུན་པའི་བརྩམས་སྐོར་ཞིག་གི་མཚན་བྱང་།

དད་པ་དང་སྐྱེས་བུ་སྒེར། སྒོ་ཤེར། (བརྩམས)
གཏམ་བརྗོད་རང་དབང་དང་དད་མོས་རང་དབང་གི་གོ་དོན་རགས་པ། བྱང་སྐར། (བསྒྱུར)
རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླེང་ན། བྱང་སྐར། (བསྒྱུར)
ང་ནམ་ཡང་སྒོ་ངའི་ཕྱོགས་སུ་འགྲེང་ཡོད་པ་ཡིན། ཞོགས་དུང་། (བསྒྱུར)
མི་བུ་རེ་རེའི་སྒེར་ཚུགས་དང་རྒྱལ་ཁབ་ཀྱི་སྒེར་ཚུགས།  ཉི་གཞོན། (བསྒྱུར)
མིའི་འགྲོ་བ་གཟའ་སྐར་སྟེང་དུ་འཚོ་བ། ཚེ་ཏན་ཞབས་དྲུང་། (བསྒྱུར)
ཡ་ཧུ་དཱ་པའི“དབུལ་སེལ ” བྱང་སྐར། (བསྒྱུར)
ཁན་ཐི་ཡིས་སྦར་བའི་བློ་འབྱེད་ཀྱི་མེ་ཕུང་།  བྱང་སྐར། (བསྒྱུར)
ཇི་ལྟར་ཡིན་ན་ད་གཟོད་ཤེས་ཡོན་ཅན་དུ་བརྩི་བ་ཡིན།  ཆོས་སྐྱོང་། (བསྒྱུར)
གྱི་ན་བ་ཡི་དགག་རྒྱག བདུད་ལྷ་རྒྱལ། (བསྒྱུར)
མི་ཆེན་ཇི་ལྟར་མི་ཆེན་དུ་གྱུར། བདུད་ལྷ་རྒྱལ། (བསྒྱུར)
རང་དབང་རིང་ལུགས་ཀྱི་གོ་དོན། བྱང་སྐར། (བསྒྱུར)
དམངས་གཙོའི་རྩ་དོན། བྱང་སྐར། (བསྒྱུར)
དམངས་གཙོ་དོན་འཁྱོལ་གྱི་རྨད་བྱུང་སློབ་དེབ་སྟེ་ར་པིར་ཀྲི་ཡི་གྲོས་དོན་བགྲོ་བའི་སྒྲིག་ལམ། བྱང་སྐར། (བསྒྱུར)
མཐའ་མེད་པར་འཛམ་གླིང་དུ་བསྒྱུར་བ་དང་ཐམས་ཅད་ནུབ་ཕྱོགས་སུ་བསྒྱུར་བ། འགྱན་སངས། (བསྒྱུར)
སྤྱི་དམངས་ཀྱིས་བཀའ་བརྩི་མི་དགོས་ཚུལ་གླེང་བ།  ནགས་ཀ་ཚེ་འབར། (བསྒྱུར)
བུད་མེད་ལ་དོན་ངོ་མར་ཅི་ཞིག་མཁོ་བ་རེད།  འཇམ་དབྱངས་སྐྱིད། (བསྒྱུར)
“མི་ཚལ་བའི་དུས་རབས”ལས་ཐོན་པ།  བདུད་ལྷ་རྒྱལ། (བསྒྱུར)

(གཞན་ཡང་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་སོགས་ལེགས་རྩོམ་ཅི་བས་མང་མོད། ཁོ་བོས་བམ་ཀློག་ཅིག་བྱས་པའི་བློ་ལ་ལྷུང་བ་ནི་དེ་དག་ཡིན་པ་དང་། རྗེས་མ་ཞིབ་ཀློག་ཚར་ན་མཚན་བྱང་དག་ལ་ཅུང་ཟད་སྣོན་བཅོས་རྒྱག་ངེས་ཡིན)

2010.5.24

·རྩོམ་ཡིག་གོང་མ:འཁྲེང་སེམས།
·རྩོམ་ཡིག་འོག་མ:སྨན་བླ་སྐྱབས་ཀྱི་སྒྱུ་རྩལ་ཕྱོཊ་ཀྱི་བཅར་འདྲིའི་ལན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·མདའ་དང་འཕང་ངོ་སྤྲོད། 2010/1/21 22:47:19
·ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད་ངོ་སྤྲོད། 2010/1/21 22:40:10
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:13:41 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:26:20 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:26:17 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 81 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS