ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

དཔེ་ཀློག་སྐོར།

རྩོམ་པ་པོ:ཁ་སྒང་སྟག་འབུམ་རྒྱལ།ཡོང་ཁུངས:དྲ་རྒྱ།གཟིགས་གྲངས:2017ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/11 20:06:00ཚོགས་ཡར་སྤྲོད:དགེ །
དཔེ་ཀློག་སྐོར།

ཁ་སྒང་སྟག་འབུམ་རྒྱལ།

ངས་རྒྱུན་པར་དཔེ་ཆ་བ་ནི་སྤྲོ་སྐྱིད་ལྡན་པ་ཞིག་ཏུ་བསམ་ཡོད། རྒྱུ་མཚན་ནི་ཁོ་ལ་དངོས་ཡོད་ཀྱི་འཇིག་རྟེན་ལས་གཞན།ད་དུང་དེ་ལས་ཀྱང་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་འཇིག་རྟེན་གཞན་ ཞིག་མངའ་བས་རེད། དངོས་ཡོད་ཀྱི་འཇིག་རྟེན་འདི་མི་སུའང་དབང་མོད། ཅིག་ཤོས་དེ་ཏག་ཏག་ དཔེ་ཆ་བ་ཁོ་ནར་དབང་བ་ཞིག་ཡིན། དེ་རྐྱེན་གྱིས།དཔེ་ཀློག་གི་གོ་སྐབས་འཆོར་བའམ་ཡང་ན་དཔེ་ ཀློག་མི་ནུས་པའི་མི་དེ་དག་ནི་ཇི་འདྲའི་ལས་ངན་ཅིག་ཏུ་བསམ་ལ། ཁོ་ཚོའི་བོར་བརླག་འདི་ནམ་ ཡང་ཁ་བསབ་ཐབས་མེད། འཇིག་རྟེན་ན་འདྲ་མཉམ་མིན་པ་མང་སྟེ། རྒྱུ་ནོར་གྱི་ཆ་ནས་འདྲ་མཉམ་ མིན་པ་དང་། དབང་ཆའི་ཆ་ནས་འདྲ་མཉམ་མིན་པ་ལྟ་བུ་རེད། ཡིན་ནའང་དཔེ་ཀློག་ནུས་མི་ནུས་ དེ་མིའི་རང་སྟེང་གི་བརྩོན་སེམས་དེ་འདྲ་མཉམ་མིན་པའི་མཚོན་རྟགས་ཙམ་རེད།
མི་ཞིག་གི་ཚེ་གང་བོར་ཆ་མཚོན་ན། ཏག་ཏག་རང་ཉིད་ལ་དབང་བའི་དགའ་སྤྲོའི་ཆ་དེ་དང་། སྡུག་བསྔལ་གྱི་ཆ་དེ་ངེས་པར་བརྒྱུད་དགོས་ཤིང་། ཡང་ན་རང་ཉིད་ཀྱིས་ཕ་རོལ་བའི་ཉམས་མྱོང་ དང་མི་ཚེའི་བརྒྱུད་རིམ་ལ་བློ་འདྲིས་པའི་ཆ་དག་བརྒྱུད་དགོས་ངེས་རེད། དེའི་ཕྱིར། མིས་དཔེ་ཀློག་ གི་གོ་རིམ་འདི་བརྒྱུད་ནས། གནས་དུས་མི་འདྲ་བའི་ནང་བྱུང་བའི་མི་གང་མང་གི་འཇིག་རྟེན་ཉུལ་ ཐུབ། འདི་ལྟར། དཔེ་ཀློག་ནུས་པ་ལྡན་པའི་མི་ཡིས་གཟུགས་མེད་ཚོར་མེད་དུ་ཚད་ཡོད་ཀྱི་མི་ཚེ་ལ་ ཚད་མེད་ཀྱི་ཐོད་བརྒལ་བྱ་ཐུབ།
དཔེ་ཀློག་བྱེད་པ་ནི་རྩྭ་ཤིང་འབུ་སྲིན་གྱི་མིང་བརྡ་ཙམ་ལ་བློ་གྲོས་འཚོལ་བའི་ཆེད་དུ་མ་ཡིན་ པར། འདིས་འདས་སོང་དང་འབྱུང་འགྱུར།  དངོས་ཡོད་དང་དངོས་ཡོད་མ་ཡིན་པའི་རིག་ གནས་ལུགས་སྲོལ་མཐའ་དག་ལ་བློ་མིག་རྙེད་ཐུབ།
དེ་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ནི། དཔེ་ཀློག་བྱེད་པ་ནི་བློ་གྲོས་དང་ཡོན་ཏན་འཕེལ་བ་ཙམ་ དུ་མ་ཟད། མིའི་སྙིང་སྟོབས་ལ་བཙོ་སྦྱངས་བྱ་ཐུབ། མིས་དཔེ་ཀློག་བརྒྱུད་ནས་སྤྱོད་ལམ་ལེགས་པར་ བསྒྱུར་ཐུབ་ལ། སྔོན་བྱོན་མཁས་པ་ཚོའི་གསུང་རབ་བརྩམས་ཆོས་བཀླགས་ཏེ་ཁོང་ཚོའི་མཁས་ བཟང་གི་ཀུན་སྤྱོད་བསླབ་ཐུབ།
དེ་བས། དཔེ་ཆ་བ་ནི་འཇིག་རྟེན་ལ་སྤྲོ་སྐྱིད་ལྡན་པ་ཞིག་རེད།
·རྩོམ་ཡིག་གོང་མ:བོད་ཀྱི་འཛུགས་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན།
·རྩོམ་ཡིག་འོག་མ:འཇར་པན་དུ་སླེབས་པའི་མཐོང་ཐོས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།། 2015/6/9 15:02:06
·ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་བཀླགས་པ། 2014/6/20 16:48:22
·ཀྲུང་གོ་བའི་དཔེ་དེབ་ཀློག་ཚད་འཛམ་གླིང་གི་ཉུང་ཤོས་ཡིན་པ། 2012/10/31 11:02:43
·ང་དང་༼གངས་རྒྱན་ན་ཆུང་ཚགས་པར༽ 2011/6/12 11:39:24
·བྱ་གཞུང་དབྱངས་བྷའི་༼རྩོམ་རིག་དང་མི༽ཞེས་པ་བཀླཊ་རྗེས། 2011/5/15 11:05:04
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:33:31 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:54:39 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:00:38 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།74.22MS