ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
རྩོམ་ཡིག་ཀློག་པ།

ནགས་ཚང་ཞི་ལུའི་སྐྱིད་སྡུག་དང་འབྲེལ་བའི་ཡི་གེ

རྩོམ་པ་པོ:མཁན་ནགས་ཚང་ནུས་བློས།ཡོང་ཁུངས:མཚོ་སྔོན་བོད་རིགས་དྲ་བ།གཟིགས་གྲངས:6442ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/20 22:40:04ཚོགས་ཡར་སྤྲོད:admin

ནགས་ཚང་ཞི་ལུའི་སྐྱིད་སྡུགདང་འབྲེལ་ནས་

མགོ་ལོག་བསམ་ཚེ་ལ་སྤྲིངས་པའི་ཡི་གེ

གྲོགས་པོ་མགོ་ལོག་བསམ་ཚེ་ལགས།

ཁྱེད་ཀྱི་འདྲི་བ་བདག་གིས་མཐོང་སོང་། སྔོན་ལ་ལན་ཏོག་ཙམ་བརྒྱབ་ཡོད་པ་མཐོང་སོང་ངམ། ཁྱེད་རྣམས་གྱིས་ང་རང་དང་དེབ་ཆུང་འདིའི་བདེ་འཚམས་ལ་ཐུགས་ཁུར་མཛད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་མ་ཟད། གོ་སྐབས་འདི་བརྒྱུད་དེ་ད་སྔ་དེབ་ཆུང་འདིའི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཀློག་པ་པོ་རྣམས་དང་། དེབ་ཆུང་མགྲོན་ཚོང་བྱེད་མཁན། ལྷག་ཏུ་དེབ་ཆུང་མང་ཙམ་པར་ལོག་བརྒྱབ་སྟེ་བཙོང་མཁན། ཡང་ན་དེབ་ཆུང་འདིའི་རྒྱ་ཡིག དབྱིན་ཡིག ཧྥ་རན་སུ་དང་འཇར་པན་སོགས་ཀྱི་ཡི་གེར་བསྒྱུར་མཁན་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། 《ནགས་ཚང་ཞི་ལུའི་སྐྱིད་སྡུག》གི་དཔེ་དེབ་ད་ལྟ་ཉོ་རྒྱུ་དཀོན་པ་ངས་ཀྱང་ཤེས་འདུག དེབ་འདི་ནི་ནང་ཁུལ་གྱི་ཡིག་ཆ་ཡིན་པས་དཔེ་ཁང་དང་སྤྱི་ཚོགས་ཐོག་མང་པོ་འགྲེམ་སྤེལ་བྱེད་ཆོག་གི་ཡོད་པ་མ་རེད། འོན་ཀྱང་། ནགས་ཚང་ཞི་ལུའི་སྐྱིད་སྡུག་གི་དཔེ་དེབ་ནི་ཁྲིམས་འགལ་གྱི་དཔེ་དེབ་ཞིག་རྩ་བ་ནས་མིན། འདི་ནི་རྒྱལ་གཞུང་འབྲེལ་ཡོད་ལས་ཁུངས་ཀྱི་དཔར་ཆོག་པའི་ཡིག་རྟགས་གནང་རྗེས། རྒྱལ་གཞུང་ཟི་ལིང་དཔར་ཁང་ནས་དཔར་བསྐྲུན་བྱས་པ་ཡིན། ཁྲིམས་མཐུན་གྱི་ཡིག་རྟགས་ནི་དཔེ་དེབ་ཐོག་ཏུ་ཡོད་པ་འདི 青新出(2007)准字第77号 ཡིན་ལ། ལོངས་པ་མིན་པས་རིག་ཡོད་ལ་འོན་པ་མིན་པས་གོ་ཡོད།

དཔེ་ཆ་བལྟ་འདོད་མེད་པ། ཡང་ན་བལྟས་ཀྱང་སྙིང་དོན་མི་ཤེས་མཁན་ཞེ་སྡང་གི་ཕོར་བའི་ཟས་བརྫད་རེ་གཉིས་ཀྱི་ཁ་ཚོད་མེད་ཀྱི་ཅི་བཤད་ངས་ཀྱང་གོ་མྱོང་ལ། འདི་ནི་བྱ་རྒོད་གནམ་ནས་འཕུར་ན་རྒྱབ་ཆད་ས་ནས་འདྲོག་ཟེར་བའི་དཔེ་ལྟར་ཁོང་ཚོའི་རང་འཚངས་འགེབ་པ་དང་ཡང་ན་རང་གི་ལྟོ་ཟས་ཙམ་གྱི་ཆེད་དུ་ཡིན་པས་ངས་འདི་དག་སྙིང་རྗེ་རེད་བསམས་པ་ལས་ཞེ་སྡང་ཅི་ཡང་མེད། གཡོ་སྒྱུ་ཅན་ནི་བདེན་དྲང་མི་འཕྲོད་ཁོང་ཚོར་ཁག་ཡོད་རྒྱུ་མ་རེད། འོན་ཀྱང་ཐོག་མཐའ་ཀུན་ཏུ་ལོ་རྒྱུས་ཀྱི་ར་སྤྲོད་བྱས་ཟིན་པ་ནི་དཔེ་དེབ་ཞིག་ལྟ་མཁན་ཡོད་མེད་ལྟ་ཆོག་དང་མི་ཆོག་ཟེར་བ་ནི་སྐྱ་སྟོང་རེ་གཉིས་ཀྱིས་དབང་ཤུགས་ཀྱིས་བཀག་སྡོམ་ཐུབ་པ་ཞིག་གཏན་ནས་མ་རེད། དཔེ་དེབ་ཞིག་གི་བཟང་ངན་ཡང་ན་ལྟ་འདོད་ཡོད་མེད་ནི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཀློག་པ་པོ་རྣམས་ཀྱིས་ཐག་གཅོད་ཀྱིན་ཡོད་པ་རེད། དེ་བས་《ནགས་ཚང་ཞི་ལུའི་སྐྱིད་སྡུག》གི་མཇུག་མཐའ་ཡང་འདི་འདྲ་ཡིན་རྒྱུ་རེད། ང་རང་ཏང་གི་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཡིད་ཆེས་ཡོད། ང་ལ་ཕྱོགས་གང་ནས་བཤད་ཀྱང་ཆུང་དུས་སྐྱིད་སྡུག་ཙམ་གྱི་རང་རྒྱུས་ཀྱི་དེབ་ཆུང་འདི་འདྲ་ཞིག་འབྲི་བའི་དབང་ཆ་ཡོད་ཡོད་ཡིན། རྗེས་སུ《ནགས་ཚང་ཞི་ལུའི་སྐྱིད་སྡུག》སྐོར་གྱི་འདྲི་བ་ཅི་ཡོད་ན་ང་རང་གིས་ཁྲིམས་མཐུན་གྱི་ཁྱེད་རྣམས་ལ་ལན་འདེབས་ཀྱིན་ཡིན།

《ནགས་ཚང་ཞི་ལུའི་སྐྱིད་སྡུག》འབྲི་མཁན་ནགས་ཚང་ནུས་བློས།
༢༠༡༡ལོའི་ཟླ་༤བའི་ཚེས་༨ཉིན་ལ།

·རྩོམ་ཡིག་གོང་མ:དགེ་བསྐུལ་གྱི་དུང་བརྡ། །
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༢༢
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རོང་སྟོན་མ་བུའི་འཕྲིན་ཡིག་བཞུཊ། 2011/3/30 19:32:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:31:52 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:13:33 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:13:21 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS