ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> ཚངས་མགུར།
རྩོམ་ཡིག་ཀློག་པ།

བརྩེ་བར་བརྒྱུས་པའི་གཞས་ཆུང་།

རྩོམ་པ་པོ:མྱི་ཆེན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1774ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/15 22:17:05ཚོགས་ཡར་སྤྲོད:admin
བརྩེ་བར་བརྒྱུས་པའི་གཞས།

མྱི་ཆེན།

བྱམས་པའི་རེ་བ་མཚོ་ཡིན། །
བརྩེ་བ་ཡིད་བཞིན་ནོར་བུ། །
མཚོ་གཏིང་ནོར་བུས་བརྒྱན་ན། །
འཇིག་རྟེན་སྣང་བ་འདི་ཡིན། །

ཆུང་ནས་འདྲིས་པའི་བྱམས་པ། །
རིན་ཆེན་གསེར་གྱི་ལྷག་རེད། །
སྙིང་གཏམ་བཤད་འཕྲོར་ལུས་པ། །
སྐྱེ་བ་འདི་ཡི་སྡུག་བསྔལ། །

འཇིག་རྟེན་སྡུག་གི་མཚོ་མོ། །
བརྩེ་བའི་གྲུ་ཆུང་འདེད་ས། །
སྡེ་ཆེན་མི་ཁའི་གྲོང་འདི། །
སྐྱིད་ཀྱི་ལོ་ཟླ་བཙལ་ས། །

གློ་བུར་རྙེད་པའི་ལམ་གྲོགས། །
བརྩེ་བའི་སྒོ་གླེགས་བརྡུང་ས། །
དུངས་ཀའི་གཞིས་ཁྱིམ་དྲོན་མོ། །
ཁྱེད་དང་འུ་གཉིས་འདུག་ས།།

མཆོད་འབུལ་ལྷ་ལ་བྱེད་དོན། །
བརྩེ་བ་འཁྲུངས་པའི་ཆེད་ཡིན། །
རིན་ཆེན་མི་ཚེ་ཐུང་ཐུང་། །
སྡུག་ལ་གཟད་དོན་མི་འདུག །

བརྩེ་བའི་དར་སྐུད་སྣེ་ན། །
ཁྱེད་དང་འུ་གཉིས་མཐུན་ཡོད། །
ནང་སེམས་མར་ཁུ་འདྲ་བོ། །
དུངས་ཤ་ཉིལ་ལེ་འཁྱིལ་ཡོད། །

སྣང་བ་འཇའ་ཚོན་འདྲ་བོ། །
དབང་ས་ཁྱེད་ལས་མི་འདུག །
ལྷ་སའི་ཇོ་བོའི་མདུན་ནས། །
སྨོན་ལམ་ལན་བརྒྱར་ཞུས་ཡོད། །

ཁྱེད་བརྩེ་དྲན་ཐེངས་རེ་ལ། །
བྱ་ཞིག་ཡིན་ན་བསམ་བྱུང་། །
མཛའ་བའི་གཞས་ཆུང་ལེན་བཞིན། །
ཁྱེད་དྲུང་སྙེག་ན་བསམ་བྱུང་། །

ཐག་རིང་ཐག་རིང་མ་གསུང་། །
སེམས་དང་སེམས་པ་འདྲེས་ཡོད། །
ལུས་པོ་བྱ་སྤུ་འདྲ་བོ། །
ཚོར་བ་ཞིག་གིས་བསྒུལ་ཡོང་། །

སང་ལོའི་དབྱར་ཟླ་ཚེས་ན། །
བརྩེ་བའི་གུར་ཞིག་ཕུབ་ཆོག །
གུར་གྱི་ཕུག་ག་དྲོན་མོ། །
འུ་གཉིས་སྐྱིད་ཉལ་རྒྱག་ས། །

བརྩེ་བའི་མེ་ཏོག་འཁྲུངས་སའི། །
བྱ་དར་ཆུ་བོ་ཤག་ཤག །
བར་ཆད་རླུང་བུ་མེད་པར། །
སྐྱིད་པའི་གོམ་འགྲོས་གཤིབ་ཆོག །

ཉི་མ་ལྷ་སའི་མཛེས་ལྗོངས། །
སྡུག་གི་ཁ་སྣོན་ཞིག་རེད། །
ཁྱེད་དང་འུ་གཉིས་བརྩེ་བ། །
ཁོར་ཡུག་འདི་ལས་བྲོས་འགྲོ། །

རང་དབང་ནམ་མཁའ་འདྲ་བོ། །
བརྩེ་བ་འདི་ཡི་ཕུགས་རེད། །
སྣང་མཐུན་ཕོ་མོ་འདི་དག །
འུ་གཉིས་བསྡུར་ཐུབ་མི་འདུག །

ལུས་སེམས་འདྲིས་པའི་བྱམས་པ། །
ཐེངས་གཅིག་གྱེས་པའི་ཉིན་ཞག །
བཙན་པོའི་དབང་ཞིག་མིན་ཀྱང་། །
སྐྱོ་བ་སངས་ཐབས་མི་འདུག །

སྟོད་ཀྱི་དབུས་པའི་གྲོང་ནས། །
དྲན་པའི་བྱམས་པ་ཆུང་ཆུང་། །
ཉིན་དང་མཚན་ལ་སྦྲེལ་བའི། །
མིག་ཆུ་དྭངས་པའི་སྨོན་ལམ། །

མྱི་རྐྱང་འཁྱམས་པོའི་གཤིས་ཀས། །
མནར་གཅོད་གང་མང་བཏང་ཡོད། །
ང་ཡི་སེམས་འདི་མཐོང་དུས། །
སྐྱོ་དོན་མེད་པ་ལོས་མཁྱེན། །

སྐྱིད་གཤོང་གཙང་བོའི་འགྲམ་གྱི། །
ཁྲུང་ཁྲུང་གཤོག་འགྱུར་ཅན་པོ། །
བརྩེ་བར་བརྒྱུས་པའི་གཞས་ཆུང་། །
སྙིང་གི་བྱམས་པར་སྐྱེལ་རོགས། །
2009 12 7 ཉིན་ལྷ་སར་བྲིས།

·རྩོམ་ཡིག་གོང་མ:མགོ་ལ་མེ་ཤོར་བ
·རྩོམ་ཡིག་འོག་མ:སྨན་བླ་སྐྱབས་ཀྱིས་ཡུལ་ཤུལ་ས་འགུལ་ལ་ཕུལ་བའི་མྱ་ངན་གཞས་ཚིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·མཛའ་གླུ། 2013/4/17 16:10:17
·ཁ་བས་སྐུལ་བའི་གཞས་ཆུང་། 2012/4/11 21:13:47
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:04:05 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:32:28 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:55:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS