ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> ཚངས་མགུར།
རྩོམ་ཡིག་ཀློག་པ།

གཞས་ཚིག ལས་འཕྲོ་ལྷག་མ།

རྩོམ་པ་པོ:འབྲོང་ཕྲུགཡོང་ཁུངས:དྲ་ཐོགགཟིགས་གྲངས:1902ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/5/15 9:20:08ཚོགས་ཡར་སྤྲོད:admin
ལས་འཕྲོ་ལྷག་མ།

ཚིག   འབྲོང་ཕྲུག

ང་ཡི་མིག་ཆུའི་ནང་ན།།
ཡལ་མེད་འཛུམ་ཞིག་ལུས་ཡོད།།
དབྱར་གསུམ་ཆར་ཆུའི་ནང་ནས།།
མིག་ཆུ་ཙད་ཀྱིས་སྐམ་རུང༌།།
དགུན་གསུམ་ཁ་བའི་ཁྲོད་ནས།།
འཛུམ་མདངས་ཙག་གིས་ཕྱིད་མེད།།
(མིག་ཆུ་སེམས་ལ་འཁྱིལ་ནས།།
བྲང་ཁོག་སྐྱུར་ལ་ཕབ་ཀྱང༌།།
དྲན་པ་རླུང་གིས་ཁུར་ནས།།
ཁྱོད་ཀྱི་ཕྱོགས་སུ་ཁུར་འགྲོ།།)

དབེན་པའི་རི་ཁྲོད་འགྲིམས་ནས།།
ཁོ་ཐག་ཆོས་ལ་བཅད་རུང༌།།
དྲན་པའི་གཞུ་ལ་བཀུག་པའི།།
དུང་བའི་མདའ་མོ་སྒྲོ་མེད།།
བྱམས་པའི་སྙིང་ཁར་མ་གཏོགས།།
དམིགས་སའི་འབེན་ཞིག་མི་འདུག།
(འཛུམ་མདངས་འོད་ཀྱིས་འཚེར་ནས།།
ཁྱོད་ཞལ་གདོང་ལས་མངོན་དུས།།
བརྩེ་བ་མེ་རུ་འབར་ནས།།
དགུན་གསུམ་དྲོད་ཀྱིས་ཚེས་ཡོད།།)

ལུས་དང་ལུས་ཀྱི་བར་ཐག།
རི་ཆུ་སྟོང་གིས་བཅད་ཀྱང༌།།
མིག་ཆུའི་ཐིགས་པ་རེ་ལ།།
སེམས་གཅོང་ཞུ་འདོད་མེད་དོན།།
སེམས་དང་སེམས་ཀྱི་རྒྱུན་ཐག།
གཅོད་པའི་རལ་གྲི་གང་ཡིན།།
(ཤི་གསོན་བྱེ་མའི་ལ་ནས།།
རྨི་ལམ་སྡུག་གིས་བཟུང་ཚེ།།
ཕྱི་མིག་སྐར་མའི་ལམ་ནས།།
ཁ་ཕྱོགས་གཞན་ཞིག་རྙེད་དམ།།)

དགུན་གསུམ་ཁ་བའི་འདབ་མ།།
ཉི་མ་ཤར་ཐེངས་གཅིག་རེད།།
ང་དང་བྱམས་པའི་བརྩེ་བ།།
ཚེ་གཅིག་ལུས་གཅིག་འདི་ཡིན།།
ཕྱི་མ་རྟིང་མའི་ལས་འཕྲོ།།
ལྷ་དང་བླ་མས་མཁྱེན་དགོས།།
དྲན་པའི་ཚེས་རིས་བཅིབས་ནས། །
སྟོང་དབྱིངས་ཨ་སྔོན་གཏད་ཀྱང༌། །
ལམ་ཁའི་བགྲོད་ལམ་ཀྱ་ཀྱུས། །
སེམས་པ་དམ་ལ་བཏགས་སོང༌། །
དྭངས་གཙང་སེམས་ཀྱི་ཀློང་ན། །
མཛེས་པའི་རི་མོ་བྲིས་ཡོད། །
ལས་དང་སྨོན་ལམ་ཡོད་ན།།
མཐོང་བའི་བསྐལ་བ་ལྡན་ཡོང༌།།

·རྩོམ་ཡིག་གོང་མ:དུས་རབས་ཉེར་གཅིག་པར་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ལས།༣
·རྩོམ་ཡིག་འོག་མ:གཞས་ཚིག ཕ་ཡུལ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གཞས་ཚིག བསོད་ནམས་ཆེ་བྱུང་།། 2016/9/30 16:13:38
·རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས། 2016/5/30 19:21:58
·གཞས་ཚིག བུ་མོ་ཁྱོད། 2015/10/8 11:02:12
·གཞས་པ་བྲོ་ར། 2015/10/8 10:59:50
·གཞས་ཚིག མཚོ་བྱང་བུ་མོ། 2015/9/8 13:35:08
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:56:45 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:22:28 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:56:19 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS