ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

འཛམ་གླིང་ན་ཆེས་དགའ་བསུ་ཐོབ་པའི་གཏམ་བཤད་པ་ནིས་ཁུ་ཧོ་ཁྲི།

རྩོམ་པ་པོ:ཁམས་མེ་ཞགས།ཡོང་ཁུངས:ན་གཞོན་གསར་པ།གཟིགས་གྲངས:2658ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/26 9:58:41ཚོགས་ཡར་སྤྲོད:admin

འཛམ་གླིང་ནས་ཆེས་དགའ་བསུ་ཐུབ་པའི་གཏམ་བཤད་པ་གྲགས་ཅན་ནིས་ཁུ་ཧོ་ཁྲི།

གསར་འགོད་པ། ཁམས་མེ་ཞགས།

ནིས་ཁུ་ཧོ་ཁྲི་ནི་༡༩༨༢ལོར་ཨི་སུ་ཁྲུ་ལེ་ཡ་(澳大利亚)རྒྱལ་ཁབ་ནས་སྐྱེས་པའི་མི་ཞིག་ཡིན། ཁོའི་བསྡུས་མིང་ལ་ནིས་ཁུ་ཞེས་འབོད།
ཁོ་ཨ་མའི་ཁོག་ནས་སྐྱེས་དུས་ནས་འགྲོ་བ་མིའི་རིགས་ལ་མངའ་བའི་རྒྱུན་ལྡན་གྱི་རྐང་ལག་བཞི་ཀ་མེད། འོན་ཀྱང་ཁོ་ལ་མཛུབ་མོ་གཉིས་ཅན་གྱི་རྐང་པ་ཆུང་ཆུང་མཐོ་གང་ཙམ་ཞིག་ཡོད། ཆུང་དུས་སློབ་གྲྭ་འགྲིམ་སྐབས་སློབ་གྲོགས་སོགས་རིག་ཚད་མཐོང་ཚད་ཀྱིས་རྐང་ལག་བཞི་པོ་མེད་པའི་ནིས་ཁུ་ལ་མིག་ཟུང་ཅེར་ནས་འཕྱ་སྨོད་བྱེད། ཁོའི་ལག་མིན་རྐང་མིན་གྱི་མཛུབ་གཉིས་ཤ་ལྷེ་དེ་ལ་བལྟས་ནས་ཁྲེལ་བགོད་བྱེད། ཁོའི་སྙིང་ཉེ་བའི་ཕ་མ་སྤུན་སྲིང་ལས་གཞན་པའི་མི་བུ་ཡོད་དོ་ཅོག་ཁོ་ལ་འཕྱ་སྨོད་བྱེད་ཅིང་དབང་པོ་ཀུན་ཚང་གི་མི་བུ་ཚད་ལྡན་རྐྱང་རྐྱང་རེད། སློབ་གྲྭར་འགྲོ་དུས་མཐོང་ཆུང་གི་ཉམས་འགྱུར་ལ་བཟོད་མ་ནུས་ཤིང་འཕྱ་སྨོད་ཀྱི་ཧབ་དགོད་ལ་བསྲན་མ་ཐུབ་པས་རང་མེད་བྱེད་པའི་འདུ་ཤེས་ལན་གྲངས་དུ་མར་སྐྱེས་ནས་རང་མེད་བྱེད་པའི་ལས་ལ་ཞུགས་མྱོང་ཡང་ལམ་དུ་མ་སོང་། ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་ཁོང་གི་ཕ་མ་དང་དགེ་རྒན་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཅི་ཡང་བྱེད་ཕོད་པའི་སྙིང་སྟོབས་ཤིག་རྙེད་པ་དང་རང་ཉིད་དུས་ཅི་སྲིད་བར་དུ་འཚོ་དགོས་པའི་དམ་བཅའ་བཞག
དེ་ནས་བཟུང་ཁོས་འཕྱ་སྨོད་དང་བརྙས་བཅོས་ཀྱི་ཉམས་འགྱུར་རྣམས་བཏང་སྙོམས་སུ་བཞག་ནས་སློབ་སྦྱོང་ལ་སྡུག་རུས་ཤུགས་དྲགས་བྱེད་ཀྱིན་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་བརྒལ། སློབ་འབྲིང་འདོན་སྐབས་སློབ་འབྲིང་སློབ་མའི་ཚོགས་པའི་ཚོགས་གཙོ་གཞོན་པ་ཡིན་ཞིང་རྗེས་སུ་སློབ་ཆེན་དང་དངོས་གཞི་ཚན་ཁག་(本科)གི་བསླབས་གནས་ཀྱང་ཐོབ།

ནིས་ཁུ་རྩལ་སྦྱོང་གི་རིགས་ལ་ཤིན་ཏུ་དགའ་བས། རླབས་ཤུད་པ། རྟ་ཞོན་པ། ཆུ་རྐྱལ་བ། རྐང་རྩེད་སྤོ་ལོ། གོལ་སྤོ་སོགས་ཀྱང་རྩེ་ཤེས། ཁོའི་མཛུབ་མོ་གཉིས་ཅན་གྱི་རྐང་པ་ཆུང་ཆུང་དེས་ཡི་གེ་འབྲི་བ། འཐེབ་གཞུང་ངོས་སུ་ཡི་གེ་གཏགས་པ། ལག་འཕྲིན་ལམ་ནས་འཕྲིན་ཐུང་སྐུར་ཐུབ་པ་མ་ཟད་རང་གར་གྱི་མི་ལྟར་མགྱོགས་མྱུར་ལྡན། དེས་སྐར་མ་གཅིག་ལ་ཡི་གེ་འབྲུ་༤༣གཏགས་ཐུབ། རྐང་པ་ཆུང་ཆུང་དེས་ཡི་གེ་འབྲི་ཐུབ་པ་མ་ཟད་ནིས་ཁུའི་ཁ་ཡིས་སྨྱུ་གུ་བཟུང་ནས་ཡི་གེ་འབྲི་ཤེས།ནིས་ཁུ་ལོ་༡༧ནས་མགོ་བརྩམས་ཏེ་གཏམ་བཤད་བྱེད་སྟངས་བསླབས་པ་རེད། སྤྱིར་ན་ཁོའི་ཁ་སྣ་མིག་གསུམ་དང་གཟུགས་ཕུང་ཐུང་ཐུང་དེ་ལ་ཉམས་འགྱུར་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་ཡང་སྒོས་ཁོས་དངོས་སུ་བརྒྱུད་མྱོང་བའི་ལམ་བུ་དེ་ནི་བརྙས་བཅོས་དང་འཕྱ་སྨོད་ཀྱིས་ཁེངས་པའི་ལམ་འཕྲང་དོག་མོ་ཞིག་ཡིན་པས། ཁོའི་རྒྱུད་རིམ་ཁྲོད་ཀྱི་དཀའ་ལ་སྡུག་པའི་ལས་དབང་སྐྱ་བོ་དང་སྦྲགས་ནས་སྙིང་སྟོབས་དང་བརྩོན་འགྲུས། མདུན་ལམ་དང་ཁ་ཕྱོགས། བདེ་བ་དང་སྡུག་བསྔལ་སོགས་རྩལ་དུ་བཏོན་ནས་གཏམ་བཤད་བྱེད་པས་མི་རྣམས་ཀྱི་ཡིད་སེམས་དབང་མེད་དུ་འཕྲོག་ཅིང་མིག་ནས་མཆི་མ་གཏོར་མཁན་ནི་རྩིས་ལས་འདས་པ་བྱུང་། ཁོའི་གཏམ་བཤད་ལ་ཉན་རྗེས། ལེ་ལོས་བཟི་སོང་བའི་མི་རྣམས་ཁད་ཀྱིས་སང་ནས་སྤོབས་པ་ངང་གིས་འཕེལ་ཞིང་བརྩོན་འགྲུས་རྟག་ཏུ་བརྟེན། ཁ་ཕྱོགས་དང་མདུན་ལམ་བོར་བའི་མི་རྣམས་གཉིད་ལས་དཀྲོགས་ཏེ་གང་ཞིག་ལ་དམིགས་ནས་འདུར་རྒྱུགས་བྱེད་མགོ་བརྩམས།

ཁོང་གི་གཏམ་བཤད་ཀྱི་ཤན་ཤུགས་དེས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དོག་མོ་ཡོམ་ཡོམ་དུ་སྒུལ་ནས་འགྱུར་བ་ཆེན་པོ་བྱུང་བས་འཛམ་གླིང་ཡུལ་གྲུ་ཀུན་ནས་དགའ་བསུ་ཆེན་པོ་ཐུབ། དེ་ལྟར་ཞུམ་མེད་ཀྱི་སྤོབས་པ་མངའ་བའི་ནིས་ཁུ་ནི་འཛམ་གླིང་གི་གཏམ་བཤད་པ་གྲགས་ཅན་དུ་གྱུར་ཞིང་རྒྱལ་ཁབ་སོ་སོར་གདན་འདྲེན་བྱས་དང་བྱེད་བཞིན་པ་རེད་ལ། ད་སྔ་རྒྱལ་ཁབ་༣༤ལ་གཏམ་བཤད་དུ་ཕེབས་ཤིང་གཏམ་བཤད་ཐེངས་༡༥༠༠བྱས།ཉེ་ལམ་ཟླ་༥པའི་ཚེས་༡༥དང་༡༦གཉིས་ལ་རྒྱ་ནག་གིས་གདན་འདྲེན་ཞུས་པ་ལྟར་རྒྱ་ནག་གི་གནའ་དུས་ཀྱི་རྒྱལ་ས་ཁྲང་ཨན་དང་ཝོས་ཧང་གཉིས་སུ་ཕེབས་ཤིང་གཏམ་བཤད་ཀྱི་འདུ་ར་ཆེན་མོ་ཐེངས་གཉིས་བསྡུས་ཤིང་གཏམ་བཤད་བྱེད་ཡུལ་ནི་ས་གནས་དེ་གཉིས་ཀྱི་སློབ་ཆེན་པ་གཙོར་བྱས་པའི་རིག་གནས་པའི་སྡེ་ཁག་རེད་འདུག
གང་ལྟར་རྐང་ལག་བཞི་ཀ་མེད་པའི་ནིས་ཁུའི་ལོ་རྒྱུས་ནི་མི་ཞིག་ལ་བཤད་ན་མིག་གིས་མ་མཐོང་བར་དུ་སུས་ཀྱང་ཡིད་ཆེས་བྱེད་མི་ཐུབ་པའི་ངོ་མཚར་བའི་གནས་ཤིག་ཏུ་གྱུར་འདུག

ངོ་ཚ་དང་འཕྱ་སྨོད་ལ་འཇིགས་ནས་རང་སྲོག་གཅོད་པ་ལ་ལན་གྲངས་དུ་མར་བརྩོན་པའི་སེམས་ཆུང་ཞིག སྙིང་སྟོབས་ཤིག་གིས་སྣ་ཁྲིད་ཅིང་བརྩོན་འགྲུས་ཤིག་གིས་རྒྱབ་སྐྱོར་ནས་ལམ་འཕྲང་དོག་མོ་ཡོད་ཚད་བརྒལ་ནས་ཆས་སོང་བས། དེ་རིང་སུ་ལའང་ངོ་གདོང་གཏད་ཕོད་པའི་ཁོག་རྒྱ་ཅན་ཞིག་ཏུ་གྱུར་ནས་ཡངས་ཤིང་རྒྱ་ཆེ་བའི་མཐའ་མེད་ཀྱི་རྩ་ཐང་ཆེན་མོ་ཞིག་ཏུ་སླེབས་འདུག དེ་ནི་ནིས་ཁུའོ། །
འགྲོ་མི་ཤེས་ཤིང་ཟ་མི་ཤེས་ལ་ཐ་ན་ཡན་ལག་ཙམ་ཡང་མེད་པའི་རྐང་རྡུམ་ལག་རྡུམ་སྤོ་ལོ་དང་འདྲ་བ་ཞིག སྙིང་སྟོབས་ཤིག་གིས་སྣ་ཁྲིད་ཅིང་བརྩོན་འགྲུས་ཤིག་གིས་རྒྱབ་སྐྱོར་ནས་ལམ་འཕྲང་དོག་མོ་ཡོད་ཚད་བརྒལ་ནས་ཆས་སོང་བས། དེ་རིང་ཐམས་ཅད་ཀྱིས་རེ་ཞིང་ཡོད་ཚད་ཀྱིས་སྨོན་པའི་མཚན་དང་སྙན་གྲགས་དེ་ལག་པས་བཟུང་མེད་ལ་རྐང་པས་མནན་མེད་ཀྱང་ཁོའི་གཡས་ལོགས་དང་གཡོན་ལོགས་ནས་རང་འཁོར་བྱེད་ཀྱིན་གདའ། དེ་ནི་ནིས་ཁུའོ། །
དབང་པོ་ཚང་ཡང་རུང་རྐང་ལག་མེད་ཀྱང་ཆོག གནས་ལུགས་ནི་ནམ་ཡང་བདེན་པ་བདེན་རྐྱང་དང་དྲང་མོ་དྲང་རྐྱང་ཡིན་པས། མི་མཐོ་དམན་སུ་ཡིན་རུང་། མི་རིགས་གང་དང་གང་ཡིན་རུང་། དབྱེ་འབྱེད་རྩ་བ་ནས་མེད་པར། སྙིང་སྟོབས་ཤིག་གིས་སྣ་ཁྲིད་ཅིང་བརྩོན་འགྲུས་ཤིག་གིས་རྒྱབ་སྐྱོར་ཏེ་ད་ལྟ་ཉིད་ནས་བགྲོད་མགོ་ཞིག་བརྩམས་ན། འགྲུབ་མི་སྲིད་པའི་བྱ་བ་ཞིག་འཇིག་རྟེན་གྱི་ཁམས་ན་ཡོད་མི་སྲིད་ཅིང་་་རྟོགས་མི་ཐུབ་པའི་ཆོས་ཤིག་སྲིད་པ་འདི་ནས་རྙེད་དུ་མེད་པ་མངོན་སུམ་དུ་མཛུབ་སྟོན་བྱེད་ཀྱིན་འདུག དེ་ཡང་ནིས་ཁུའོ། །
༢༠༡༡ལའོ་ཟླ་༦པའི་༩ཉིན་མེ་ཞགས་སུ་འབོད་པ་དེས།

·རྩོམ་ཡིག་གོང་མ:ཨེ་ཝྃ་ཆོས་སྨན་གླིང་ལྔའི་བརྡ་རྟགས་སྙིང་པོ།
·རྩོམ་ཡིག་འོག་མ:གཞས་ཚིག ཁམས་པའི་ཕོ་རྒོད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་རི་མོའི་སྒྱུ་རྩལ་མཁས་ཅན་ཨ་མདོ་བྱམས་པ། 2011/5/24 10:11:30
·ཏཱ་ན་དགེ་འདུན་བློ་བཟང་ལགས་ 2011/3/1 22:39:01
·ཁམས་གོ་འཇོའི་ན་གཞོན་ལྷ་རིས་པ་ཞིག། 2011/1/25 18:10:44
·རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་དང་ཁོའི་ལྷ་རིས་སྒྱུ་རྩལ། 2010/9/27 22:28:29
·རི་མོ་སྒྱུ་རྩལ་པ་ཞིག་གི་མི་ཚེའི་གཏམ་གླེང་། 2010/5/19 8:41:05
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:15:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:43:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:01:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS