ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

གླུ་པ་ཨ་བསམ།

རྩོམ་པ་པོ:ཚངས་དབོན།ཡོང་ཁུངས:མཚོ་གཟིགས་གྲངས:2470ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/11/30 21:55:18ཚོགས་ཡར་སྤྲོད:admin

གླུ་པ་ཨ་བསམ།

ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་གླུ་བ་ཨ་བསམ་ནི་ཆུང་དུས་ནས་རོལ་མོའི་སྒྱུ་རྩལ་ལ་དུངས་ཞེན་ཧ་ཅང་ཆེ་བའི་བོད་ཀྱི་ན་གཞོན་གླུ་བ་ཞིག་ཡིན་ལ། ཁོས་རང་གི་དགའ་ཕྱོགས་སྐྱེད་བྱས་མཐར་གྲུབ་འབྲས་ཡང་མི་དམན་པ་ཞིག་བླངས་ཡོད་དེ།  དཔེར་ན། ༢༠༠༥--༢༠༠༦ལོར་བསྟུད་མར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་གླུ་བ་བཅུའི་མཚན་སྙན་ཐོབ་པ་དང་། ༢༠༠༦ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་ལུགས་ལོ་སར་སྤྲོ་ཚོགས་ལ་ཞུགས། ༢༠༠༧ལོའི་ཟླ༡༡པར་མི་རིགས་ལ་དུངས་པའི་རྒྱལ་ཡོངས་ན་གཞོན་གླུ་བའི་འགྲན་ཚོགས་སྟེང་བྱ་དགའ་ཨང་དང་པོ་ཐོབ། ༢༠༠༨ལོའི་ཟླ་ལྔ་བར་ཟི་ལིང་ནས་བསྡུས་པའི་སི་ཁྲོན་བུན་ཁྲོན་ས་འགུལ་ཆེན་མོ་ལ་ཞལ་འདེབས་འབུལ་བའི་བྱ་འགུལ་ཏེ་༼མཐོ་སྒང་གི་གསོལ་འདེབས༽དགོང་ཚོགས་སྟེང་འཁྲབ་སྟོན་བྱས། ༢༠༠༨ལོའི་ཟླ༩པར་ཟི་ལིང་ནས༼གླུ་སྐད་ལ་བརྒྱུས་པའི་ལང་ ཚོའི་རང་མདངས༽ཞེས་པའི་ཁོའི་ཆེས་ཐོག་མའི་གླུ་ལེན་ཆེད་ཚོགས་བསྡུས། ༢༠༠༩ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་ཀྱི་ལོ་སར་སྤྲོ་ཚོགས་སྟེང་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མཛེས་དང་མཉམ་དུ་ཁོའི་ཚབ་བྱེད་རང་བཞིན་གྱི་གླུ་དབྱངས༼སེམས་ནང་གི་གཡུ་ཆུང་དྲུག་དཀར༽ཞེས་པ་མཉམ་ལེན་བྱས་ནས་རྒྱ་ཆེའི་ཉན་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། ༢༠༠༩ལོའི་ཟླ༧པར་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་གི་མཛད་སྒོར་ཞུགས་པ་དང་། ༢༠༠༩ལོའི་ཟླ༩པར་མཚོ་སྔོན་གཅན་ཚ་རུ་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་གྱི་མཛད་སྒོར་ཞུགས། ༢༠༠༩ལོའི་ཟླ༡༠པར་ཀན་སུའུ་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ཁམས་ཀྱི་གླུ་ལེན་འགྲན་ཚོགས་ཤིག་གི་སྟེང༼བོད་ཁམས་གླུ་བ༽ཞེས་པའི་མཚན་སྙན་ཐོབ། ༢༠༡༠ལོའི་ཟླ༤པའི་ཚེས༡༧ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི༼བརྩེ་སེམས་ཡོད་ཚད་ཡུལ་ཤུལ་ལ་འབུལ་བ༽ཞེས་པའི་དགོང་ཚོགས་ལ་ཞུགས།
༢༠༡༡ལོའི་ཟླ༤པའི་ཚེས༡༤ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཡས་ཧྲུའུ་ཁུལ་ཏང་ཨུ། ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཡུས་ཧྲུའུ་ལ་ས་འགུལ་བྱུང་ནས་ལོ་འཁོར་གཅིག་ལོན་པའི་དྲིན་གཟོའི་དགོང་ཚོགས༼བརྩེ་ཆེན་འོད་ཀྱི་མདུད་པ༽ཞེས་པར་ཞུགས། ད་ལོ་ཡང་ཁོའི་ལོ་ངོ་བཞིའི་རིང་གི་དཀའ་སྤྱད་འབད་བརྩོན་ལས་བྱུང་བའི་༼ཚེ་སྲོག་གི་འབོད་སྐུལ༽ཞེས་པའི་ཆེད་བསྒྲིགས་བརྙན་འཁོར་དངོས་སུ་ལེགས་འགྲུབ་བྱུང་བར་མ་ཟད་གཟབ་རྒྱས་ངང་འགྲེམ་སྤེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན་གླུ་བ་ཨ་བསམ་ནི་ཕན་བདེ་སྙིང་རྗེའི་བྱ་འགུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་བའི་གླུ་བ་ཞིག་ཡིན་ལ། ལོ་འདི་འགའི་རིང་ཁོས་རང་གི་ཆེད་བསྒྲིགས་བརྙན་འཁོར་ལ་གྲ་སྒྲིག་བྱེད་ཞོར་གླུ་མ་དབྱངས་ཅན་ལྷ་མཛེས་དང་ཨ་ཏི་འཆི་མེད་ཚེ་རིང་སོགས་དེང་རབས་གླུ་བ་འགའ་དང་མཉམ་དུ་སྤྱི་ཕན་གྱི་གླུ་ལེན་ཆེད་ཚོགས་མང་པོ་བསྡུས་ཤིང་།  ཡོང་སྒོའི་སྒོར་མོས་ཕ་ཡུལ་གྱི་མི་མང་པོར་རོགས་སྐྱོར་བྱས་པ་ཡིན་ཟེར། དེ་མིན་ད་དུང་ཐེངས་འདིའི་བརྙན་འཁོར་ལ༼ཚེ་སྲོག་གི་འབོད་སྐུལ༽ཞེས་འདོགས་དགོས་དོན་ཡང་གཙོ་བོ་ཁོར་ཡུག་སྲུང་སྐྱོབ་ལ་རག་ལས་པ་དང་། ལྷག་པར་དུ་བརྙན་འཁོར་འདིའི་ནང་གི་ཚེ་སྲོག་གི་འབོད་སྐུལ་ཞེས་པའི་གླུ་དབྱངས་དེའི་གླུ་ཚིག་ལྟར་དུ་ཁོ་རང་གི་ཕ་ཡུལ་ཡུལ་ཤུལ་གཙོ་བྱས་ཏེ་གངས་ལྗོངས་ཡུལ་གྲུ་འདིའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་བཏང་ཡོད་པས་ཡིན་ཟེར། འདི་ལས་ང་ཚོས་ན་གཞོན་གླུ་བ་ཨ་བསམ་ལ་གཞན་དང་མི་མཚུངས་པའི་ལྷག་བསམ་དང་ཀུན་སློང་རྣམ་དག་ཅིག་ཡོད་པའང་གསལ་བོར་ཤེས་ཐུབ།

·རྩོམ་ཡིག་གོང་མ:བདེན་རིན་པོ་ཆེ།
·རྩོམ་ཡིག་འོག་མ:བླ་མའི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·མི་ཚོགས་ཀྱི་འདུ་ལོང་ཁྲོད་ནས་ནུ་བོ་མཐོང་བ། 2012/2/28 19:53:38
·འཛམ་གླིང་ན་ཆེས་དགའ་བསུ་ཐོབ་པའི་གཏམ་བཤད་པ་ནིས་ཁུ་ཧོ་ཁྲི། 2011/9/26 9:58:41
·རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་སྨོན་ལམ། 2011/7/12 16:12:41
·བོད་ཀྱི་རི་མོའི་སྒྱུ་རྩལ་མཁས་ཅན་ཨ་མདོ་བྱམས་པ། 2011/5/24 10:11:30
·ཏཱ་ན་དགེ་འདུན་བློ་བཟང་ལགས་ 2011/3/1 22:39:01
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:57:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:31:29 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:35:32 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS