ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

རག་ར་རིན་པོ་ཆེའི་རང་རྣམ།

  རྩོམ་པ་པོ:རག་ར་ཡོང་ཁུངས:གཞོན་གསར་དྲ་བ།གཟིགས་གྲངས:2439ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/11/8 22:20:54ཚོགས་ཡར་སྤྲོད:admin

རག་ར་རིན་པོ་ཆེའི་རང་རྣམ།

                   ཨ་འདུས་སྐལ་བཟང་རྒྱ་མཚོས་འོས་སྦྱོར་བྱས།

    དཔལ་ས་སྐྱའི་ཆོས་སྡེ་ཆེན་པོའི་ཡ་གྱལ་གོང་དཀར་ཆོས་སྡེའི་ཁོངས་ནས་བཅུ་ཕྲག་རིག་གནས་ཀྱི་མཛད་བཟང་ཡུན་དུ་གནས་ཆེད། ༸ས་སྐྱའི་མཁས་གྲུབ་རིན་བྱོན་གྱི་མཛད་པ་དང་། མཐའ་དབུས་ཀྱི་ཆོས་སྡེའི་བྱུང་རབས། རིག་གནས་དོན་དུ་གཉེར་བ་ལ་མཚུངས་པར་སྤྱོད་པའི་བློ་ལྡན་དག་གིས་༼ཆོས་དུང་དཀར་པོ་༽ཞེས་པ་རིག་གནས་དུ་མའི་གནས་ལུགས་བཀོད་པའི་གླེགས་བམ་སྤེལ་འགྲེམ་གནང་བཞིན་པའི་ཐོག་ཏུ། གུས་པའི་ལོ་རྒྱུས་ཤིག་བྲི་དགོས་ཞེས་པའི་གསུང་ངོ་མ་བཟློག་པར། འདིར་སྲིད་པའི་གནས་སྐབས་ཀྱི་འཚོ་བ་བདེ་སྡུག་ལུང་བསྟན་སྣ་ཚོགས་མྱོང་བ་རྗེས་དྲན་སྐོར་ཞུ་བ་ནི། གུས་རང་ནི། ༸ཕ་བཀྲས་མཐོང་ས་དབང་དམ་པ་སྡེ་དགེ་ས་སྲུང་དང་ཆབས་ཅིག ༸རྒྱལ་བ་༸སྐུ་གོང་མས་སྡེ་དགེ་རྒྱལ་སྲས་དང་སྲས་མོ། མདུན་འཁོར་རྣམས་ཀྱི་འཚོ་འཛིན་དུ་ཡོད་སྐབས། ཤིང་གླང་ ༡༩༢༥ བོད་ཟླ་ ༡༡། ༡༢ ལ་མ་སྒྲོལ་མ་ཚེ་རིང་ཞུ་བའི་བུར་སྐྱེས། སྡེ་དགེ་མཁན་ཆེན་བསམ་གཏན་བློ་གྲོས་ནས་མིང་ལ་རིག་འཛིན་རྣམ་རྒྱལ་ཞེས་སྩལ། དེ་དུས་ཤར་ནས་རྒྱ་ནག་དང་། ལྷོ་ནས་ཨིན་ཅིས་འཇིགས་བསྐུལ་བྱེད་བཞིན་པར། ཕ་དམ་པས་མཁན་ཆེན་འདི་ཉིད་ཆོག་གྲྭ་བཅས་བསྟན་སྲིད་ཀྱི་ཞབས་བརྟན་ལ་ཡང་ཡང་གདན་ཞུ་གནང་བའི་སྐབས་ཡིན་འདུག རྗེས་སུ་ན་ལོངས་སྐབས་ཐོས་པ་ལྟར། དེ་དུས་ཨིན་ཅིས་ ཀོཝེཊར་ ཟེར་བའི་དེང་སང་པཀིསྟན་ནང་ཡོད། དམག་སྒར་ནས་དམག་དྲངས་རྒྱུའི་བེར་སྒྲ་ཆེན་པོ་བྱུང་སྟེ། འཇིགས་བྱེད་ཀྱི་རྣལ་འབྱོར་པ་མཁན་ཆེན་དེ་ཉིད་གདན་ཞུས་ཀྱིས། དམག་བཟློག་མཛད་སྐབས་ཟན་ལིངྒ་གི་ལྟེ་བ་ནས་ཁྲག་ཐོན་པ། ཕ་དམ་པའི་ཞབས་ཕྱི་ནས་ཀྱང་མཐོང་འདུག་ཅིང་། དེ་རྗེས་གཏོར་བཟློག་གི་ཚེས་ཆ་དང་། ཀོཝེརཊར་ལ་ས་ཡོམ་རྒྱབ་སྟེ་དམག་སྒར་ལ་སྐྱོན་ཆེ་བྱུང་བའི་ཚེས་ཆ་དུས་མཉམ་བྱུང་ཚུལ་དང་། རྗེས་སུ་མཁན་ཆེན་གཤེགས་ཏེ་སྐུ་གདུང་ཞུགས་ལ་ཕུལ་སྐབས་སྐུ་རུས་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་གྱུར་ཚུལ་ཕ་དམ་པ་ནས་ཐོས། དེ་དུས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་མཁན་ཆེན་གཞན་དགའ་ནས་སྤྱོད་འཇུག་གསན་རྗེས་ཡིན་འདྲ། མཁན་ཆེན་གཞན་དགའ་གཤེགས་ཏེ་སྐུ་གདུང་ཟངས་ཀྱི་སླ་ང་ཆུང་དུ་ཞིག་ཏུ་མཇལ་ཚུལ་གསུངས་པ་དྲན། དེ་ནས་ཕ་དམ་པ་སྡེ་དགེ་ས་སྲུང་མདའ་དཔོན་སྐབས་རང་ལོ་དྲུག་བར་སྡེ་དགེ་ལྕང་རྭར་ལུས། སྐྱེ་བའི་སྐབས་ཀྱི་གཏམ་སྟེ་དང་པོའོ། །
    རང་ཉིད་ལོ་གཉིས་གསུམ་སྐབས་ཚ་བ་དཔའ་ཤོད་ནས་༸སྐུ་མདུན་སྐུ་གོང་མར་ཐུགས་དམ་ཞུས་ཏེ་རཀཿརའི་སྐྱེ་སྲིད་ཀྱི་མང་ཐོབ། རང་ལོ་ལྔ་དྲུག་ཙམ་ལ་ཕ་མ་གཞིས་སྐོར་ལ་བཀའ་འཁྲོལ་བྱུང་སྟེ་གཙང་གཞིས་རྩེ་མཁའ་རག་ཏུ་ཕེབས། ལོ་གཅིག་དང་ཕྱེད་ཀ་ཙམ་སྡོད་རིང་དཀའ་ཆེན་སྒྲོལ་མ་ཞུ་བ་ཀློག་དཔོན་མཛད། ལོ་གཅིག་དང་ཕྱེད་ཀའི་རྗེས་སུ་དེ་དུས་ཁམས་ཕྱོགས་སུ་དམག་འཁྲུག་གི་དུས་ལ་བརྟེན། གློ་བུར་དུ་རྨ་ཁམས་སུ་དམག་ཉེས་དང་མདོ་སྤྱི་ང་ཕོད་བགྲེས་པ་གློ་བུར་གཤེགས་ཚབ་ཏུ་ཕ་དམ་པ་ཆབ་མདོར་ཕེབས། ངོས་རང་དཔའ་ཤོད་དུ་གཏོང་བ་གནང་། བསྡུས་གྲྭ་སོགས་བསླབ་སྟེ་ལོ་གཉིས་ལྷག་སོང་རྗེས། སྲིད་སྐྱོང་རྭ་སྒྲེང་སྐབས་མདོ་སྤྱི་ནས་དགོངས་པ་འཁྲོལ་ཏེ། ལྷ་སར་ཕེབས་འཕྲལ་རང་ཉིད་འབྲས་སྤུངས་སུ་ཆོས་ཞུགས་བྱས། ཕར་ཕྱིན་སྔོན་འགྲོ་དོན་བདུན་ཅུའི་འཛིན་གྲྭར་སླེབས། རྒན་བསྟན་པ་ཆོས་གྲགས་སོགས་བསྟེན། གཞུང་ཆེན་ཁོང་དུ་མ་ཆུད་པ་སོགས་ཀྱི་ངལ་བ་ཡོད་བཞིན་པའི་མུར། ལོ་ངོ་གསུམ་བཞིིའི་ནང་ཕ་མ་གཉིས་ཀ་ཕྱི་མར་གཤེགས། དེ་དུས་ཨུ་རུ་སུས་སོག་ཡུལ་དུ་བསྟན་པ་གནོད་ཚབས་ཆེར་སོང་ནས། སྒོ་མང་གྲྭ་ཚང་ལ་སོག་པོ་དང་ཨ་མདོའི་གྲྭ་རྒྱུན་ཉུང་དུ་སོང་བས། དགའ་གདོང་ཆོས་སྐྱོང་ལ་ལུང་ཞུ་ཕུལ་བའི་ལན་ལ། འཁོན་རིགས་རྡོ་རྗེ་འཛིན་པ་གདན་དྲངས་ཏེ་མགོན་པོའི་གཡུལ་བཟློག་ལ་འབད་གསུངས། དེ་ནས་༸ས་སྐྱ་བདག་ཆེན་སྒྲོལ་མ་ཕོ་བྲང་ཀུན་དགའ་རི་ཆེན་དང་། ༸བདག་མོ་སྐུ་འཁོར་ཆོག་གྲྭ་བཅས་ལྷ་སར་ཕེབས་ཏེ། ཕ་དམ་པ་བསྙུན་སྐབས་སུ་ཆོས་འབྲེལ་ཐོབ་འདུག གྲྭ་ཚང་གི་འདུ་ཁང་དུ་མདོས་ཆོག་གི་གྲ་སྒྲིག་ཧ་ཅང་རྒྱས་ཤིང་ས་ནམ་ཤིན་ཏུ་ཆེ་བས་འདུ་ཁང་ཁེངས་པ་ལྟ་བུ་དང་། ཆོ་ག་གྲུབ་པའི་ཉིན་མཐའ་མར་མདོས་ཕྱི་རོལ་དུ་དྲངས་པའི་རྗེས། དགའ་གདོང་ལྷ་ཕེབས་ཏེ་དབུ་མཛད་ལ་བརྡ་བྱས་ཏེ། ཚོགས་ཁང་གི་སྒོ་་ནས་དུང་རྒྱ་རོལ་མོ་དང་བཅས་ལྷ་གཡོག་མེད་པར་༸བདག་ཆེན་རིན་པོ་ཆེའི་བཞུགས་ཁྲིའི་བར་གར་འཆམ་དང་བཅས། སྐུ་མདུན་དུ་གད་མོ་རྟ་སྐད་འདྲ་བ་ཞིག་དང་བཅས། ལུང་བསྟན་ངོ་མཚར་ཅན་ཤོ་ལོ་ཀ་བདུན་བརྒྱད་ཅིག་གི་ཚིག་དོན་ལ་མང་པོས་རྗེས་ཟློས་བྱེད་ཟེར་བ་ཐོས། དེ་སྐབས་རང་ལ་སློབ་གཉེར་གྱི་རིམ་པ་མང་ཡང་། ཚེ་རབས་ལས་རྩིས་སུ་འདུལ་བ་པོད་བཅུ་གསུམ་དག་ཏོན་མ་བྱས་ན་ས་མཐར་འཁྱམ། ཟེར་བ་འདུག་པས། ཀློག་ན་དོན་ནི་ཨེ་ཤེས་བསམ། ཁང་ཚན་ནས་པོད་ཅིག་གཡར་ཏེ་ཞལ་ཕྱེ་བ་དང་། འདུལ་བ་ཀ་པ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ་སོགས་དང་། དགའ་ལྡན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་ནས། གཟིགས་པ་ལྔ་ལ་གཟིགས་པ་ན། ཡུལ་ཨང་ག་ན་ཨང་གའི་རྒྱལ་པོ་སོགས་ཨང་ག་དང་མ་ཧ་དྷི་དམག་གྲ་སྒྲིག་ཚུལ་སོགས་ནས་དབུ་ཚུགས་འདུག་པས། མཚན་མོ་སྣུམ་ཞུའི་འོད་ལ་བརྟེན་ནས་མགོ་འཁོར་ཏེ། དེ་རྗེས་ཤིང་སློང་དང་ཆོས་མཚམས་ཡིན་ན་མ་གཏོགས་ཀློག་མི་ཆོག་པ་བྱུང་། རྒན་ངག་དཔལ་གྱིས། དྲུག་སྡེ་ལ་མགོ་འཁོར་ནས་དཔེ་ཆ་འཐུད་མ་ཤོར་བ་གྱིས་གསུངས། བརྡ་རྙིང་དྲི་བ་ཞུ་ས་རྒན་ཁོང་རང་ཡིན། རྟག་ཏུ་ཆོས་མཚམས་སྒུག་ནས་བསྡད། བྱིས་པའི་གནས་སྐབས་དེ་གཉིས་པའོ། །དེ་རྗེས་ཕ་མའི་འདས་མཆོད་དང་ཆབས་ཅིག སྤུན་རྣམས་ནས་རྒྱ་བལ་དུ་གནས་སྐོར་དུ་འགྲོ་རྒྱུའི་གྲོགས་བྱས། གཙང་ལ་གཞིས་སུ་འགོར་སོང་བས། ཤག་རོང་དགེ་བཤེས་འུ་ཐུག་པའི་ཡི་གེ་འབྱོར། དེ་ནས་དབུ་མའི་འཛིན་གྲར་ཞུག་ཏེ་ལོ་གཉིས་གསུམ་རིང་སློབ་གཉེར་གང་ཐུབ་བྱས་ཏེ་གཞུང་ལ་གོ་བ་ཕྲན་བུ་རྙེད་དེ་འཛིན་གྲྭ་འོག་མར་བབས་ཏེ་སློབ་གཉེར་བྱེད་འདོད་ཀྱང་། དེ་ནས་ནི་ཤག་རོག་དགེ་བཤེས་ཀྱིས་ཉོ་འཕར་བ། གཞིས་དགོན་ལ་འགྲོ་རན་པ། བླ་བྲང་སྐྱོ་བོའི་རྒྱུ་མཚན་བཀོད་དེ། དགེ་བཤེས་ཀྱི་མིང་ཐོབ་ནས་རྒྱུད་སྨན་དུ་ཞུགས། གྲྭ་རྐྱང་གི་འཚོ་བའི་བདེ་བ་ལོ་ཤས་རིང་བཀའ་ཆོས་མང་དུ་ཐོབ། ཞོར་དུ་སུམ་རྟགས་ཁྲིད། དེ་ནས་ ༡༩༤༥ ཨ་མདོ་དགེ་འདུན་ཆོས་འཕེལ་ལྷ་སར་ཕེབས། བླ་ཆེན་དཔོན་ཆེན་མང་པོ་དང་། དགེ་བཤེས་མཁས་པ་མང་པོ་མཇལ། སྙན་ངག་དཔེ་ཁྲིད་ཞུས་པར། དེ་འགྲིག སྙན་གཞུང་མ་འཁྲིད་གོང་ལ་སྙན་ངག་བསྟན་བཅོས་ཁ་ཤས་ཀློག་ན། དཔེར་བརྗོད་རྙེད་བདེ་བ་འོང་གསུངས། དེ་དུས་ཚང་མས་འཚང་ཁའི་སྐབས་ཡིན་ཡང་། དཔེ་འཁྲིད་ཕལ་ཆེར་ཆད་མེད་མཛད། སྐབས་དེར་དགེ་ཆོས་རིན་པོ་ཆེ་ལ་ཉེས་འཛུགས་ཡོང་བསམ་པའི་ཟུར་ན་མེད་ཀྱང་། ༸གོང་ས་ཆེན་པོ་སྐུ་ན་ཕྲ་ཞིང་། གཞུང་ཞབས་ལྷག་བསམ་ཅན་ནི་ཕལ་ཆེར་མགོ་སྟེགས་ས་མེད། བསྟན་སྲིད་ལ་གཅེས་སྤྲས་བྱེད་མི་ཤེས་པའི་དུས་དེར་དགེ་ཆོས་རིན་པོ་ཆེར་དམར་པོའི་ཁ་ཉེས་བྱུང་། མཁན་པོ་ཞིག་གིས། གྲྭ་སར་སློབ་གཉེར་བྱས་པ་ཞིག་གིས། ཨུ་རུ་སུའི་ལྟ་བ་བཟུང་ཡོད་ན། ཁོ་སྐྱིད་ཆུའི་ཇོ་བོ་རགས་རྡོའི་འོག་ཏུ་མནན་དགོས་ཟེར་བ་སོགས། བློ་ཕམ་ཡི་ཆད་སྐྱེ་བའི་རྒྱུ་རྐྱེན་ལ་བརྟེན་དེ་ནས་རྒྱ་གར་ལ་འགྲོ་འདོད་ཀྱི་རྨི་ལམ་འགོ་ཚུགས། གཞོན་ནུའི་སྐབས་ཏེ་གསུམ་པའོ། །
    དེ་དུས་རྒྱ་གར་ལ་ནི། སྡོམ་ལྡན་མཚུངས་སྤྱོད་ཀྱི་གྲོགས་མེད་པས། སྡོམ་པ་འབུལ་རྒྱུའི་སྐོར་བཤད་ས་མ་རྙེད། རེ་གཉིས་ལ་དྲིས་ཀྱང་། འོ་ཛི། རེ་བ་རེ་བ་ཟེར། གྲོགས་པོ་ཉེ་ཤོས་ཤིག་ལ་དྲིས་པར། ཇོ་བོ་རིན་པོ་ཆེ་ནི་སངས་རྒྱས་སྐུ་དངོས་ཡིན་པ་ལ་སྡོམ་པ་ཕུལ་རྐྱང་གྱིས་ཟེར། དེ་ནས་ཤག་རོག་དགེ་བཤེས་ལ་དྲིས་པར། རྣམ་རྟོག་མ་སློངས། དམག་བྱུང་ན་ནི་ལག་པ་སྟེགས་ཙམ་བྱས་ཏེ་དེ་གས་གོ་ཆོད་ཟེར། དེའི་གོང་༸སྐྱབས་རྗེ་རྨོག་ལྕོག་རིན་པོ་ཆེ་ལ་བརྟག་པ་ཞུས་པའི་བཀའ་ལན་ཞིག་ཡོད་པ་དེའི་ནང་། ཚེ་རིང་ཞིང་འགལ་རྐྱེན་ཆེ་རིགས་མེད་པ་ཤར། དུས་དབང་གིས་བར་གཅོད་ཆེ་ངོ་ཞིག་ཤར་བས། དེ་ལས་བཟློག་ཐབས་སྐུ་ཉིད་ཀྱིས་དཔྱད་པར་མཛོད། ཅེས་འདུག་པས། ཞུ་ཡིག་ཅིག་ཕུལ་ཏེ། བར་ཆད་ནི་རྒྱ་དམག་ཡོང་སྙམ་པ་དང་། སྡོམ་པ་བསྲུང་ཨེ་ཐུབ་སྙམ་པ་གཉིས་པོ་གང་ཡིན་ཡང་བླ་མས་ཐུགས་རྗེས་གཟིགས་ཞེས་ཞུས། དེའི་རྗེས་སུ་ ༡༩༤༧ ལ་རྒྱ་གར་དུ་སླེབས། ཀ་ལོན་སྦུག་དང་། ཤནྟི ནིཀེཏན་དང་། དེ་ནས་པུ་ན་བཅས་ལ་ལོ་གཉིས་ཙམ་སཾསྐྲིཏ་སྦྱངས་ཁུལ་བྱས།  ༡༩༥༦ ལོ་མཇུག་ཏུ། ལྡི་ལི་རླུང་འཕྲིན་ཁང་དུ་སླེབས། ཕྱི་ལོ་ ༡༩༥༩ ༸གོང་ས་ཆེན་པོ་༸སྐུ་འཁོར་རྒྱ་གར་ལ་ཕེབས་རྗེས་རླུང་འཕྲིན་ལས་ཁུངས་ནས་སྐྱབས་བཅོལ་བའི་ཆེད་དུ་ཧིན་དཱི་སྐད་སློབ་དགོས་ཞེས། རང་དང་ལྷ་ལུང་པའི་ལྕམ་དགེ་སློབ་ཀྱི་ཚུལ་དུ་ལོ་གཅིག་ལྷག་ཙམ་ཆད་མེད་བྱས། དར་མའི་སྐབས་ཏེ་བཞི་པའོ། །
    དེ་ནས་རེ་བསམ་གང་ཡང་མེད་པ་ལ། གློ་བུར་དུ་སྐྱབས་བཅོལ་བའི་ཕྲུ་གུ་ཉི་ཤུ་སིཝིཛར་ལེཎྜ་ལ། པེསྟལོཛི་རྒྱལ་སྤྱིའི་བུ་གྲོང་ནས་ལེན་རྒྱུར། དྷརམ་ས་ལར་ཕ་མའི་ཚབ་དགོས་ཚུལ་ཞུས་ཏེ། ངེད་ཁྱོ་ཤུག་གཉིས་ ༡༠༦༠ སྭིཝི་སི་བུ་གྲོང་དུ་སླེབས། དེ་ནས་ལོ་གཉིས་ཙམ་རྗེས་ལ་ཨོས་ཊེརེ་ཡ་ནས། བོད་ལ་ལོ་བདུན་བསྡད་མྱོང་བའི་ཧེན་རིཁ་ཧཱརེར་གྱིས། རྒྱལ་ས་ཝིཡནཱ་ལ་བོད་ཀྱི་འགྲེམ་སྟོན་བྱེད་རྒྱུར་རོག་ལ་ཡོང་དགོས་ཟེར་བས། དངོས་ཆས་གྲས་གླེགས་བམ་ཧ་ཅང་སྤུས་ལེགས་གཉིས་འདུག་པ་ཞལ་ཕྱེ་དུས་༸ས་སྐྱའི་གཟིམ་ཆུང་གི་ཕྱག་དཔེ་ཡིན་ངེས་འདུག མཐིང་ཤོག་གསེར་བྲིས། པོད་གཅིག་རིགས་གཏེར་སོགས་དང་པོད་གཅིག་ས་ཆེན་གོང་མ་རྣམ་ལྔའི་བོད་ཀྱི་སྒྲའི་བསྟན་བཅོས་རྩ་འགྲེལ་རྣམས་འདུག ཧཱརེར་ལ་འགྲེམ་སྟོན་ཚར་ན་དཔེ་བཤུ་རྒྱུར་ཉིན་ཤས་གནས་ཚང་གི་རོག་བྱེད་རོག་ཟེར། ཉིན་བཞི་ལྔའི་རིང་སྨྲ་སྒོ་རྩ་འགྲེལ་༸ས་པཎ་གྱི་སྒྲ་ལ་འཇུག་པ་སོགས་དཔེ་བཤུས་ནས་སིཝིཊ ཛར་ ལེནྜལ་ཡོང་། ཕརེན་སེ་ལ་རྨེའུ་བསམ་གཏན་ལ་ཡི་གེ་ཕུལ་ཏེ། གནས་བརྒྱད་སོགས་འཕྲུལ་སྤར་སྤུས་ལེགས་དང་། ཡང་ཤེས་རིག་དྲུང་ཆེ་ཀརྨ་སྨོན་ལམ་ལ་རྟོགས་བརྗོད་རྒྱ་དཔེ་ཞིག་བཀའ་མངགས་ཞུས་པར། མི་ཐི་ལ་རིག་གནས་ཁང་ནས་སྤར་བཏབ་པ་ཅིག་འབྱོར་བའི་ནང་གླེང་བརྗོད་དུ། སྙན་ངག་མཁན་ཡབ་དགེ་བའི་དབང་པོ་ནི། སྤྱི་ལོ་ ༩༩༠ ནས་ ༡༠༠༠ བར་དང་། རྟོགས་བརྗོད་ཡལ་འདབ་གསུམ་བྲིས་ནས་ལུས་པར་སྟོན་པས་རྨི་ལམ་དུ་བསྐུལ་ནས་རོ་ ༢༧ རྗེས་ ༡༠༥༢ ས་ག་ཟླ་བའི་ཡར་ངོ་ཚེས་བརྒྱད་དུས་ཆེན་ཉིན་གྲུབ། 1རྟོགས་བརྗོད་འདི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་སྤྱི་ལོ་ ༡༢༠༢ ལ་བོད་ཀྱི་མཁས་པའི་གཙུག་རྒྱན་༸ས་སྐྱ་པཎྜིཏའི་ཕྱག་ཏུ་ཕུལ། ཞེས་གསལ། དཔེ་མཛོད་ཁང་ནས་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས། ཤོང་དཔང་གི་སྙན་ངག་རྩ་འགྲེལ་བྲིས་མ་ཞིག་གནང་བ་དེ་ནི་བལ་ཡུལ་གསེར་ཀོང་མཚན་ཞབས་རིན་པོ་ཆེའི་ཕྱག་ཏུ་འབྱོར་ཏེ་༸སྐུ་མདུན་ལ་ཕུལ་ཞེས་གསུངས། དེ་ནས་ལོ་ཤས་རིང་ཕྲུ་གུར་ཡི་གེ་སློབ་ཞོར་དུ། ཡལ་འདབ་དང་པོ་སོགས་ཡལ་འདབ་བཅས་ལ་མཆན་འགྲེལ་རེ་བྲིས། དོན་གཉེར་ཅན་ཁ་ཤས་ལ་ཡལ་འདབ་གཉིས་ཁྲིད། བློ་ཁོག་རྙེད་ནས་སི་ཏུའི་སུམ་རྟགས་ཐོག་བྱིས་འཇུག སྒྲ་འཇུག་སོགས་ནས་བསྣན་ཏེ་ཞེས་ལུང་སྟོན་པ་ལ་འཇུག་པ་ཞེས་པ་ཞིག་བྲིས་ནས་རིག་གནས་ཆེ་ཤོས་ཞིག་ལ་ཕུལ་ཡང་། གསར་བཟོར་དགོངས་ཏེ་ཤོག་བུ་ལག་མཐིལ་ཙམ་གྱི་སྟེང་དུ། བཀའ་ནན་ཕེབས་འདུག་ཀྱང་། གནས་བརྒྱད་སོགས་ཐུགས་རྒྱུས་ཡོད་བཟོ་མ་མཐོང་། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་རི་སློབ་དཔོན་ཟླ་བ་གྲགས་པས་མཛད་ཚུལ་ཇོ་ནང་པའི་རྒྱ་གར་ཆོས་འབྱུང་དུ་གསལ། ཕྱི་ལོ་ ༡༩༩༢ ཨ་མྱེས་རྨ་ཆེན་ནས་རིག་གནས་ཚོགས་འདུའི་དབུ་འབྱེད་ལ་༸གོང་ས་ཆེན་པོས་རང་རེའི་གཞུང་ཆེན་མོའི་བརྗོད་བྱའི་སྐད་དང་། ཕལ་མོ་ཆེའི་སྐད་ཀྱི་བར་གྱི་ཚིག་དབུལ་ཕྱུག་གི་སྟོང་ཆ་ཆེན་པོ་ཡོད་པ་འདི། ཁྱེད་རང་རིག་གནས་པ་ཚོས་བསང་ཐབས་བྱེད་དགོས་ཞེས་བཀའ་གནང་སོང་། དེའི་ཕྱི་ལོ་དྷ་ས་རིགས་སློབ་དབུ་འཛིན་དགེ་བཤེས་བློ་རྒྱ་ནག་ཐུགས་རེ་གནང་བ་བཞིན། ལོ་སྔ་རྗེས་གཉིས་ལ་རིགས་སློབ་གོང་འོག་དང་། ས་ར་ཧ་དང་སྒྲོལ་མ་གླིང་དུ་ལུང་སྟོན་པ་ལ་འཇུག་པའི་སྒོ་ཞེས། སི་ཏུའི་གསུང་གཞི་གཞག་ཐོག གནས་བརྒྱད་དང་། མཁས་འཇུག་སྨྲ་སྒོ་ནས་ན་ལའི་འཇུག་པ་བཅུ་སོགས་དཔེ་འཁྲིད་ཞུས། དེ་ནས་ས་སྐྱ་རིགས་སློབ་དབུ་འཛིན་མཁན་རིན་པོ་ཆེ་རྒྱ་མཚོ་ནས་ཐུགས་རེ་གནང་བ་བཞིན་དཔེ་འཁྲིད་དུ་བཅར་ཏེ། བླ་སྤྲུལ་དགེ་འདུན་དང་བཅས་པར། ལོ་དང་པོར་འགྲོ་མགོན་ཆོས་འཕགས་ལ་འཇམ་མགོན་པཎྜིཏ་ཆེན་པོའི་ཞལ་ཆེམས་སྩལ་བའི་ནང་ཚན་ཤོང་སྟོན་གྱི་རྟོགས་བརྗོད་ཡལ་འདབ་གཅིག་གཉིས་དང་། ཤོང་དཔང་ལོ་ཙཱ་བ་རྣམ་གཉིས་ཀྱིས་བསྒྱུར་མཛད་པའི་སློབ་དཔོན་དཎྜིའི་མེ་ལོང་རྩ་འགྲེལ་ནས་ལེའུ་དང་གཉིས་ནས་དཔེ་འཁྲིད་ཞུ་རྒྱུའི་སྐལ་བཟང་ལན་གཉིས་ཐོབ་པ་མ་ཟད། འཁོན་རིགས་ཁྲི་ཆེན་རྡོ་རྗེ་འཆང་ཡབ་ཡུམ་ནས་གཟིགས་པ་བླ་མེད་ཐོག ཐུབ་པའི་དབང་པོའི་བསླུ་མེད་རྟེན་འབྲེལ་སྙིང་པོའི་བྱིན་རླབས་དང་ཆབས་ཅིག་༸ས་ཆེན་པཎྜིཏ་ཆེན་པོའི་སྐུའི་སྣང་བརྙན་ཞིག་དད་པའི་རྟེན་དུ་ཐོབ། དེ་ནས་རྩ་འགྲེལ་ལ་སླར་ཡང་ཞུ་དག་བྱས་ཏེ། དྷ་ས་དཔེ་མཛོད་ཁང་ནས་སྤར་བསྐྲུན་བཀྲིན་ཆེ་བྱུང་བས། སྤར་ཕུད་རེ་ཆོས་བདག་པོ་ལ་འཕྲོད་པའི་ཚུལ་དུ་༸བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་དང་། ས་སྐྱའི་གཙུག་ལག་སློབ་དཔོན་དབུ་འཛིན་ལ་ཕུལ། རྒ་བའི་གནས་སྐབས་ཏེ་ལྔ་པའོ། །

·རྩོམ་ཡིག་གོང་མ:ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་བཞུགས།
·རྩོམ་ཡིག་འོག་མ:རང་གི་རིགས་ལ་སྐུལ་བའི་བདེན་གཏམ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 10:37:19 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:02:05 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:00:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS