ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

བོད་ཀྱི་རི་མོའི་སྒྱུ་རྩལ་མཁས་ཅན་ཨ་མདོ་བྱམས་པ།

  རྩོམ་པ་པོ:མི་གསལ།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:2210ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/24 10:11:30ཚོགས་ཡར་སྤྲོད:admin

བོད་ཀྱི་རི་མོའི་སྒྱུ་རྩལ་མཁས་དབང་ཨ་མདོ་བྱམས་པ།

 

 

   བོད་ཀྱི་སྲོལ་རྒྱུན་རི་མོ་བ་མཁས་ཆེན་ཨ་མདོ་བྱམས་པ་ནི་སྤྱི་ལོ༡༩༡༤ལོར་མཚོ་ སྔོན་གཅན་ཚ་རྫོང་དུ་འཁྲུངས།   ཁོང་ལ་བོད་ལྗོངས་ཀྱི་པིས་ཅའ་སའོ་ཞེས་པའི་མཚན་སྙན་ལྡན་པ་དང༌།  ཁོང་གིས་བརྩམས་པའི་རི་མོ་དག་ལས་ང་ཚོས་བོད་ཀྱི་ཆོས་ལུགས།  ཁོར་ཡུགམི་སྣའི་ལས་དབང་བཅས་མངོན་སུམ་དུ་ཚོར་ཐུབ།  སྤྱི་ལོ༡༩༢༡ལོར་ཁོང་གཅན་ཚ་རྫོང་གི་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌།  སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས།  ༡༩༣༦ལོར་ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།  ༡༩༤༢ལོར་དགུང་ལོ་༢༨སྟེང་ལྷ་སར་གནས་མཇལ་དུ་སོང་སྟེ་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས༡༩༥༥ལོར་དགུང་ལོ་༤༡སྟེང་ཕོ་བྲང་པོ་ཏ་ལར་སླེབས་ནས་དེ་གའི་རི་མོ་བའི་འགན་བཞེས།  ༡༩༥༦ལོར་ཕོ་བྲང་ནོར་བུ་གླིང་ག་རུ་མིང་གྲགས་ཅན་གྱི་རི་མོ་《སྟོན་པའི་ཆོས་གསུང་པ་དང་》《ཁམས་གསུམ་ལ་བསམ་གཞིགས་གཏོང་བ》གཉིས་ཕྱག་བྲིས་གནང༌།  ༡༩༨༡ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌།  བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་དང༌།བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས།  ༡༩༨༡ལོར་རྒྱ་གར་ནས་《བོད་ཀྱི་བཙན་པོ་རྣམ་གསུམ》ཞེས་པའི་རི་མོ་ཕྱག་བྲིས་གནང་༡༩༩༩ལོར་ཁོང་གིས་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས་པ་དང༌།དགུང་ལོ༨༥ལོན་པའི་ཁོང་ཉིད་ཀྱིས་སློབ་གྲྭ་དེའི་འགོ་འཛིན་དང་དགེ་རྒན་གྱི་འགན་བཞེས༢༠༠༢ལོའི་ཟླ༣པའི་ཚེས༢༨ཉིན་ལྷ་སར་འགྲོ་བའི་ལམ་བར་དུ་སྐུ་གཤེགས།

 
 
ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭའི་བརྡ་ཁྱབ།
 
 སློབ་གྲྭའི་མིང༌།
 
བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭ
  
       སློབ་གྲྭ་འཛུགས་མཁན་དང༌།     དུས་རབས་ག་དུས་སློབ་གྲྭ་དངོས་སུ་འགོ་ཚུགས་མིན།       སློབ་གྲྭ་འཛུགས་པའི་དམིགས་ཡུལ།
  ང་ཚོའི་སློབ་གྲྭ་འདི་ནི་སྒེར་འཛུགས་སློབ་གྲྭ་ཡིན།     མདོ་ཁམས་ཨ་མདོའི་ཡུལ་དུ་རིགས་ཀྱི་མྱུ་གུ་གསར་དུ་བཞད་ཅིང་རྣམ་དཔྱོད་དང༌།   བློ་གྲོས་ཁྱད་དུ་འཕགས་པའི་དགེ་རྒན་བྱམས་པ་ལགས་ཀྱིས་ཆུང་དུས་ནས་རང་ཉིད་ཀྱིས་བོད་ཀྱི་རི་མོའི་གཞུང་ལུགས་དང༌། ཆ་ཚད་ལ་སློབ་སྦྱོང་མཐར་ཕྱིན་པ་བྱས་ནས།   བར་དུ་རང་ཉིད་ཀྱིས་བྲིས་པའི་རི་མོ་ཞི་ཁྲོ་གང་ཡིན་ཡང་ཆ་ཚད་གཞིར་བཟུང་ཐོག་བོད་ཀྱི་དངོས་བྲིས་རི་མོ་ཟུང་འབྲེལ་བྱས་ནས། བགྲང་བྱ་བརྒྱད་བཅུ་ལྷག་བརྒལ་བའི་རྒྱུད་རིམ་ནང་ཐོབ་པའི་ཉམས་མྱོང་དང༌།      ལེགས་ཉེས་བླང་དོར་ལས་བྱུང་བའི་རི་མོའི་སྒྱུ་རྩལ་གྱི་སྙིང་བཅུད་ཁག་ཕྱི་རབས་པ་རྣམས་ལ་འཇོག་རྒྱུ་བྱུང་ན་བསམ་པ་དང༌། ཡང་སྒོས་བོད་ཀྱི་སྲོལ་རྒྱུན་ཐང་ཁའི་ལག་རྩལ་ཁག་ཉམས་རྒུད་དུ་འགྲོ་བར་དོག་ནས་མི་ཉམས་གོང་འཕེལ་ཡོང་སླད་དུ། ཨ་མདོ་བྱམས་པའི་ལུགས་ཞེས་པའི་རི་མོ་འདི་ཉིད་གསར་གཏོད་གནང་བ་རེད། དེ་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལུགས་མང་པོའི་ནང་ནས་དམིགས་གསལ་རང་གཞིན་གྱིས་རི་མོའི་ལུགས་ཤིག་ཏུ་གྱུར་ཡོད། དཔེར་ན། ༡༩༥༤ལོར་ ༧གོང་ས་མཆོག་རྒྱ་ནག་ལ་མར་ཕེབས་ལམ་དུ་ས་གནས་ཁག་དང་དགོན་སྡེ་ཁག་ལ་ཕེབས་པའི་མཛད་རྣམ་རི་མོར་ཕབ་པ་དེ་རྗེས་སུ་བོད་གཞུང་ལ་རང་ལ་ཕུལ་ཡོད། དེ་རྗེས་༡༩༥༧ལོར་རྒྱལ་བའི་བཞུགས་གནས་རྟག་བརྟན་མི་འགྱུར་ཕོ་བྲང་གི་ཡང་ཐོག་ཕྱག་དཔེ་ཁང་གི་ནང་དུ་མགོ་ནས་མཇུག་བར་༧གོང་ས་མཆོག་གིས་ལྗགས་བཀོད་འོག་ཁོང་རང་ཉིད་ཀྱི་   ལུགས་ཀྱི་སྟོན་པ་གཙོ་བོར་བྱས་པའི་རྒྱན་དྲུག་མཆོག་གཉིས་དེང་རབས་རི་མོའི་རྣམ་པ་ཞིག་བྲིས་ ཡོད་པ་སོགས་ཀྱིས་བདེན་དཔང་བྱེད་ཐུབ།   རི་མོ་དེ་དག་ལ་འབྲེལ་ཡོད་ཀྱི་ལས་ཁུངས་དང་དབུ་ཁྲིད་མི་སྣ་ཚོའི་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་དང་འཐོར་བཞིན་ཡོད།    ཁོང་གི་རི་མོ་ནི་རི་མོ་གཞན་དང་བསྡུར་ན་གསོན་ཉམས་ལྡན་པ་དང༌། སྣུམ་བརྗིད་བཀྲག་གསུམ་ལྡན་པ། རི་མོ་དེ་ཉིད་ལ་བལྟས་ཚེ་མི་རིགས་དེའི་སྐབས་དེ་དུས་ཀྱི་རྒྱན་དང་ཆ་ལུགས། ཡུལ་སྲོལ་གོམ་གཤིས།   ལོ་རྒྱུས་ལྡན་པའི་མི་སྣ་ཁག་དཔར་ལེན་པ་ལྟ་བུའི་ཁྱད་ཆོས་མངོན་པར་གསལ་བའི་སྒྱུ་རྩལ་འདི་ཉིད་མི་ རབས་རྗེས་མར་ཇིབཞིན་སློབ་སྦྱོང་བྱེད་ཐུབ་ཆེད།   སློབ་གྲྭ་ཞིག་གསར་དུ་འཛུགས་རྒྱུའི་རེ་བ་སྐོམ་པ་ཆུ་འདོད་ལྟ་བུ་བྱུང་ཡང༌།    རྒྱུ་རྐྱེན་དུ་མའི་དབང་གིས་སྤྱི་ལོ་༡༩༩༩ལོར་གཞི་ནས་དབུ་བརྙེས་པ་ཡིན། 
              ད་ལྟའི་སློབ་གྲྭའི་གནས་བབས་དང༌། ཁོར་ཡུག
   ང་ཚོའི་སློབ་གྲྭ་འདི་ཉིད་དབུ་བརྙེས་ནས་ད་ལྟ་བར་བགྲང་བྱ་མང་པོའི་རིང་ལ་དཀའ་ངལ་དང༌།   དགའ་སྐྱོ།    འགག་འཕྲང་མང་པོ་བརྒྱུད་ནས་མི་ཉམས་པར་གོང་ནས་གོང་དུ་འཕེལ་བཞིན་ཡོད་ཅེས་བརྗོད་ཆོག གང་ལགས་ཤེ་ན།    ད་ལྟའི་སློབ་གྲྭའི་ནང་ཁྱོན་སློབ་མ་སུམ་ཅུ་མ་ཟིན་ཙམ་ཡོད། 
ཐོག་མར་སློབ་གྲྭ་མགོ་ཚུགས་སྐབས་སློབ་ཕྲུག་གྲངས་སུམ་ཅུ་ཙམ་ཡོད་པ་དང༌། དེའི་ནང་རྒྱ་རིགས་དང༌། ཕྱི་རྒྱལ་བ་སོགས་ཡོད།
དེ་སྔོན་དང་བསྡུར་ན་ད་ལྟ་ཡང་སློབ་ཕྲུག་གྲངས་སུམ་ཅུ་ལ་ཉེ་བར་ཡོད་པ་མ་ཟད།   དེ་ནང་དུ་རྒྱ་རིགས་ཀྱང་ཡོད།     སློབ་ཐོན་སློབ་མ་ཡང་རེ་གཉིས་ཞིག་ཡོད།   ལྷག་པར་དུ་བྱམས་པ་ལགས་ཀྱི་དངོས་སློབ་ནང་ནས་བུམ་པ་གང་བྱོའི་ཚུལ་དུ་གྱུར་བ་ནི་སྤེན་པ་ཚེ་རིང་ཁོ་ན་ཡིན།    ད་ལྟའི་སློབ་གྲྭའི་དགེ་རྒན་ཡང་སྤེན་པ་ཚེ་རིང་ལགས་ཀྱིས་གནང་བཞིན་ཡོད། གང་གིས་བཀའ་དྲིན་བླ་ན་མེད་པའི་སློབ་གྲྭ་འཐོར་ཞིག་མེད་པར་སྲ་བརྟན་ངང་དུ་གནས་ཡོད།
ང་ཚོའི་སློབ་གྲྭ་ནི་སྒེར་འཛུགས་སློབ་གྲྭ་ཡིན་པས་ད་དུང་མུ་མཐུད་སློབ་ཕྲུག་དེ་བས་མང་དུ་སོང་ན་སློབ་ཁང་ཆུང་བའི་དབང་གིས་དཀའ་ངལ་ཆེན་པོའི་གནས་སུ་གྱར་ཡོད།དེར་བརྟེན་སྤྱི་ཚོགས་སྟེང་གི་སེམས་བཟང་ཅན་དང༌། ཚན་པ་ཁག   མི་སྒེར་ད་དུང་ཐེབས་རྩ་ལྷན་ཚོགས་ཁག་ལ་དེའི་ཐད་དགོངས་གཞེས་ཡོད་པར་ཞུ་ཞེས་སློབ་མ་རྣམས་ཀྱིས་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས་པའོ།
        སློབ་ཁྲིད་ཀྱི་དུས་ཚོད་དང་གོ་རིམ།
ང་ཚོའི་སློབ་གྲྭར་ཟླ་བ་རེའི་ནང་ངལ་གསོའི་དུས་ཚོད་ཉིན་གཉིས་ཡོད་པ་དང༌།དེ་མིན་གྱི་དུས་ཚོད་ཚང་མ་ཐང་ག་གཞིར་བཞག་གིས་བོད་ཀྱི་དངོས་བྲིས་རི་མོའི་སློབ་ཚན་བཀོད་བསྒྲིགས་བྱས་ཡོད། ཉིན་རེ་ལ་དུས་ཚོད་ཆུ་ཚོད་བཅུ་གཉིས་རིང་སློབ་ཚན་ཡོད། ད་དུང་དགོང་མོའི་དུས་ཚོད་ལ་བོད་ཀྱི་ལོ་རྒྱུས་དང༌།   ཐིག་རྩ། དེང་རབས་ཀྱི་སྤྱོད་ཆས་གློག་ཀླད་སློབ་ཁྲིད། རི་མོའི་དགེ་རྒན་ཆེན་མོ ་སོགས་ཀྱི་སློབ་ཚན་ཀྱི་དུས་ཚོད་བཀོད་སྒྲིགས་བྱས་ཡོད་རུང༌། ད་ལྟ་དངོས་སུ་དགེ་རྒན་ཆེན་མོ་དང་བོད་ཀྱི་ལོ་རྒྱུས་མཁས་དབང༌།     སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་གདན་འདྲེན་ཞུ་མ་ཐུབ་པའི་གནས་སུ་ལྷུང་ཡོད།
དེར་བརྟེན་བོད་ཀྱི་ལོ་རྒྱུས་མཁས་པ་དང༌།  སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་སོགས་གང་རུང་ཞིག་གིས། ལྷག་བསམ་བཟང་པོའི་བོད་མི་རིགས་ཀྱི་རིག་གནས་ཉམས་ན་མི་རིགས་དེ་ཉིད་ཉེན ཁའི་གནས་སུ་ལྷུང་བར་དགོང་གཞེས་གནང་ནས་སློབ་སྟོན་དང་སྐྱབས་འཇུག་གང་ལེགས་ཅི་ནས་ཡོངས་བའི་རེ་སྒུག་སྐོམ་པ་ཆུ་འདོད་ལྟར་བྱེད་བཞིན་ཡོད་པ་ལགས། 
                             མ་འོངས་པའི་སློབ་གྲྭའི་འཆར་གཞི།
ང་ཚོའི་སློབ་གྲྭ་འདི་ཉིད་ནི་བོད་མི་རིགས་ཀྱི་རིག་གནས་གཙོ་བོར་བཟུང་ནས། མི་རིགས་གཞན་གྱི་རིག་གནས་སྣ་མང་ལ་སྙིགས་དོར་བཅུད་ལེན་གྱིས་སློབ་སྦྱོང་བྱ་རྒྱུ་དང༌།      ལྷག་དོན་དུ་སློབ་མ་གྲངས་གང་མང་བསྡུ་རུབ་བྱེད་རྒྱུ་ཡིན།       སློབ་བསྡུའི་ཁྱབ་ཁོངས་ནི་རྒྱ་ཆེའི་སྤྱི་ཚོགས་སྟེང་དུ་གནས་པའི་ལས་མེད་གཞོན་ནུ་དང༌།   ལས་བསྒུགས།      ད་དུང་དབང་པོ་སྐྱོན་ཅན་གྱི་མི་སྣ།   དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་དང་དྭ་ཕྲུག་བསྡུ་བསྐོང༌།      སློབ་ཡོན་རྩ་བ་ནས་སྤྲོད་ཐབས་བྲལ་བའི་རིགས་ལ་སློབ་ཡོན་མེད་པའི་ཐོག་ནས་ལག་རྩལ་སློབ་ཁྲིད་བྱེད་རྒྱུའི་རེ་བ་སྙིང་ཁུང་རུས་པའི་གཏིང་ནས་འཆང་བཞིན་ཡོད་ཅེས་སྔ་ཕྱིའི་དགེ་རྒན་རྣམས་ཀྱིས་ཡང་ཡང་གསུང་བཞིན་ཡོད་ལ་དེ་ལྟར་བྱ་རྒྱུའི་ཁས་ལེན་གཙང་མ་བྱ་རྒྱུ་ཡིན་པས་དེ་ལུགས་དགོང་གཞེས་གནང་བར་མཁྱེན། མཁྱེན།
                               སྤྱི་ཚོགས་ཀྱིས་ང་ཚོར་སྤྲད་པའི་གདེང་འཇོག
   འདས་པའི་ལོ་ཤས་གོང་ལ་འབྲི་གུང་དགོན་པའི་གདན་རབས་རིམ་བྱུང་གི་རྣམ་ཐར་ཆ་ཚང་བ་དང་སྐྱོབ་པ་ཡབ་སྲས་རྣམ་གསུམ་གྱི་ཞལ་ཐང་དངོས་བྲིས་ཀྱི་ཐོག་ནས་བྲིས་པར་དགོན་དེ་གའི་གདེང་འཇོག་གང་ལེགས་ཐོབ་པ་དང༌།   ཡང་གྲུབ་དབང་པདྨ་ནོར་བུའི་སྐུ་བརྙན་དངོས་བྲིས་ཀྱིས་བྲིས་པར་རྒྱ་ཆེའི་མང་ཚོགས་མང་པོས་དགའ་བསུ་ཚད་མེད་ཐོབ་ཡོད།     གཞན་ཡང་ལྷོ་ཁ་དང་ཆབ་མདོ་སོགས་ཀྱི་དགོན་སྡེ་འགའ་ཤས་ལ་སྲོལ་རྒྱུན་གྱི་རི་མོའི་ལམ་ནས་ལྡེབས་བྲིས་བརྒྱབས་པར་   དགོན་སྡེ་དེ་དག་གི་བསྔགས་བརྗོད་ཡང་ཡང་ཐོབ་མྱོང༌།   ལྷག་པར་དུ་༢༠༡༠ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང༌། རིག་གནས་ཐིང་གིས། བོད་ཀྱི་དངོས་བྲིས་རི་མོའི་ནང་ནས།   དངོས་མེད་རིག་གནས་ཤུལ་བཞག་ཅེས་པའི་མཚན་སྙན་གནང་བ་དང༌། བོད་ཀྱི་དངོས་མེད་རིག་གནས་ཤུལ་བཞག་ཡིན་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད༌།
མཇུག་གི་ཞུ་དོན། ང་ཚོའི་སློབ་གྲྭ་ལ་རྒྱུས་མངའ་དང༌།    ཤེས་རྟོགས་གནང་འདོད་ཡོད་ཚེ་གཤམ་གསལ་གྱི་ཁ་པར་ཨང་གྲངས་བརྒྱུད་ནས་འབྲེལ་བ་གནང་རྒྱུའི་དགའ་བསུ་ཞུ། ། 
 
      རྒན་སྤེན་པ་ཚེ་རིང༌།    ༡༣༨༨༩༠༨༨༡༦༠
      ཤེས་རབ་ཉི་མ།       ༡༣༨༨༩༠༡༠༣༠༢   ཁྱིམ་སྤྱོད། ༠༨༩༡   ༦༣༤༩༨༨༢
 
 
བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭའི་སློབ་སྟོན་ཁང་གིས།
·རྩོམ་ཡིག་གོང་མ:༼མཚོ་སྔོན་པོ་ཟིན་བྲིས༽
·རྩོམ་ཡིག་འོག་མ:བྱིས་གླུ། ཨོ་ལོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འཛམ་གླིང་ན་ཆེས་དགའ་བསུ་ཐོབ་པའི་གཏམ་བཤད་པ་ནིས་ཁུ་ཧོ་ཁྲི། 2011/9/26 9:58:41
·ཏཱ་ན་དགེ་འདུན་བློ་བཟང་ལགས་ 2011/3/1 22:39:01
·ཁམས་གོ་འཇོའི་ན་གཞོན་ལྷ་རིས་པ་ཞིག། 2011/1/25 18:10:44
·རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་དང་ཁོའི་ལྷ་རིས་སྒྱུ་རྩལ། 2010/9/27 22:28:29
·རི་མོ་སྒྱུ་རྩལ་པ་ཞིག་གི་མི་ཚེའི་གཏམ་གླེང་། 2010/5/19 8:41:05
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:43:03 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 17:44:17 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 7:15:31 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS