ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

གངས་རིའི་ཁུ་བྱུག་གླེང་བ།

རྩོམ་པ་པོ:གངས་རི་སྐྱབས།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2109ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/6 16:01:06ཚོགས་ཡར་སྤྲོད:admin

གངས་རིའི་ཁུ་བྱུག་གླེང་གླེང་བ།

གངས་རི་སྐྱབས།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་བོད་མདོ་སྨད་ཡུལ་དུ་སྒྲ་སྙན་རྡུང་ལེན་གྱི་སྲོལ་འབྱེད་པ་བོ་ཐོག་མའི་གྲས་ཀྱི་གཅིག་སྟེ། ཀུན་ལ་རྒྱུས་མངའ་ཆེ་བའི་རྡུང་ལེན་པ་གྲགས་ཅན་བདུད་བྷེ་འམ། དངོས་མིང་ལ་བདུད་འདུལ་རྡོ་རྗེ་ཞེས་འབོད་པ་ལགས།   རྩྭ་ཐང་གི་རྫི་གླུའི་དབྱངས་རྟའི་ཁྲོད་ནས་སྒྲ་སྙན་རྡུང་ལེན་གྱི་རྒྱུད་སྐུད་རེ་རེ་སོར་མོས་དཀྲོལ་བཞིན་འཚར་ལོངས་བྱུང་ཞིང་།  ཁུ་བྱུག་གི་མགྲིན་ངག་དང་གཅིག་ཏུ་ལྟ་བའི་ཁོའི་ལང་ཚོའི་གླུ་སྐད་རེ་རེས། མཐའ་ཡས་པའི་སྤང་ཐང་དང་རྫ་རིའི་དཔང་བསྟད་ནས་ཆས་འོངས་དུས། བོད་ཞིང་འབྲོག་མང་ཚོགས་ཀྱིས་མགྲིན་གཅིག་ཏུ''གངས་ལྗོངས་ཁུ་བྱུག''ཅེས་པའི་མཚན་སྙན་ལེགས་པར་གསོལ་མྱོང་

རྡུང་ལེན་པ་བདུད་བྷེ་ཡི་བརྩོན་སེམས་གཏན་ནས་ལྷོད་མ་མྱོང་ལ། ཁོ་རང་ཆེས་དགའ་བའི་སྒྲ་སྙན་གྱི་རྒྱུད་སྐུད་ཕྲ་མོར་ནམ་ཡང་འབྲལ་མ་ཕོད། ཁོའི་ཆོད་སེམས་དང་ལྷན་སྐྱེས་ཀྱི་མགྲིན་ངག་རེ་རེ་ཡིས་བོད་ཞིང་འབྲོག་མང་ཚོགས་ཀྱི་སྡུག་གི་མུན་པ་སེལ་བའི་གྲོགས་སུ་གྱུར་བ་དང་།  གཞེན་སྐུལ་གྱིས་དམངས་སེམས་མཐའ་ནས་སྐྱོར་མྱོང་བའི་མཐུན་རྐྱེན་དུ་འགྱུར་མྱོང་ཞེས་གླེང་སྤོབས། ཁོ་རང་ཆུང་ངུའི་སྐབས་དུས་ཀྱི་མཐུན་རྐྱེན་མ་འགྲིག་སྟབས། དེང་གི་གཞོན་སྐྱེས་ཕལ་མོ་ཆེ་ནང་བཞིན་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་ནའང་། ཁོ་རང་གི་ལྷན་སྐྱེས་ཀྱི་སྐད་ངག་དང་སྒྱུ་རྩལ་གྱི་ཚོར་རྟོགས། སྒྲ་བརྙན་རྡུང་དཀྲོལ་གྱི་བྱང་རྩལ། རང་རིགས་ལ་དགའ་བའི་གཏན་ཚུགས་ཀྱི་རང་གཤིས་སོགས་ཀྱིས་ཁོ་རང་ནམ་ཡང་བརླགས་མ་མྱོང་བར་བཤད་ཐུབ། ཁོང་གིས་རང་རེའི་བོད་མི་རིགས་ཀྱི་རླབས་ཆེ་བའི་མི་སྣ་དང་མཛེས་ཤིང་སྡུག་པའི་རྩ་ཐང་། ལར་ཞེན་གྱི་སྤོབས་པས་སྨྱོས་པའི་རིགས་མཐུན་སྤུན་ཟླ་དག་གི་མཛད་རྗེས་དག མངོན་སུམ་འཛེམ་མེད་ཀྱིས་ངག་ལ་གྱེར་ཕོད་པའི་བོད་ཀྱི་ཚབ་མཚོན་རྡུང་ལེན་པ་ཞིག་ཡིན།  ཁོང་གིས་སྒྲ་ཐག<<ཅོ་ཀའི་དྲུག་འགྱུར>><<སྐལ་བཟང་ལྷ་མོ>><<བརྩེ་ལྡན་གྱི་གངས་ཕྲུག>><<དགའ་སྤྲོའི་སྙིང་གཏམ>><<ཁེར་རྐྱང་གི་སེམས་པ>><<ང་དང་ཁུ་བྱུག་གཉིས་ཀ >><<གངས་དཀར་ལྷ་མོའི་འབོད་བརྡ>>སོགས་སྒྲ་ཐག་བརྒྱ་ཕྲག་ཅིག་དཔར་སྐྲུན་འགྲེམ་སྤེལ་གྱིས་བོད་ཀྱི་སྒྲ་བརྙན་རྡུང་ལེན་སྒྱུ་རྩལ་གྱི་ཟིན་ཐོ་གསར་བ་ཞིག་འཇོག་ཐུབ་ཡོད་པའང་ཀུན་གྱིས་མཁྱེན་གསལ་རེད།

རྡུང་ལེན་པ་ཁོང་བོད་ཀྱི་སྒྲ་བརྙན་རྡུང་ལེན་པའི་གྲས་ཀྱི་ཆེས་སྒྲ་ཐག་མང་ཤོས་དང་། སྤྱི་ཚོགས་རང་བཞིན་གྱིས་ཆེས་གདེང་འཇོག་ཐོབ་པའི་རྡུང་ལེན་པ་ཞིག་ཆགས་ཡོད་ལ། ཁོའི་གླུ་སྐད་བོད་མདོ་སྨད་གཙོ་བོར་གྱུར་བའི་དབུས་གཙང་དང་ཁམས་བཅས་བོད་ས་ཁྱོན་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དངོས་སུ་མཐོང་ཐུབ། ཐེངས་གཅིག་ཁམས་སྡེ་དགེ་ནས་ཡིན་པའི་རྒད་པོ་ཞིག་བདག་བཤད་དོན''ཨ་མདོའི་ཕྱོགས་ཀྱི་རྡུང་ལེན་པ་བདུད་བྷེ་ནི་ང་ཚོའི་ཕ་ཡུལ་དུའང་ཆེས་དགའ་ཤོས་ཀྱི་གླུ་བ་ཞིག་ཡིན། ཁོས་བླངས་པའི་གླུ་དག་ལ་ནང་དོན་ཡོད་པ་མ་ཟད། སྨྲ་སྒོ་དག་ཅིང་འབྲུ་གསལ་བའི་ཁྱད་ཆོས་འདུག ཁོའི་འོད་སྡེར་དག་ལ་ཉན་ཉན་ནས་ངའི་ཕ་ཡུལ་གྱི་རྒན་རྒོན་ཚོས་ཨ་མདོའི་རྡུང་ལེན་གྱི་ནང་དོན་རྟོགས་ཐུབ་པ་བྱུང་ཡོད་ཅེས་བཤད་པ་དང་། ངའི་ཕ་ཡུལ་གྱི་རྒན་རྒོན་ཚོ་གླུ་བ་ཡ་དུང་ལས་བདུད་བྷེ་ལ་དགའ་བོ་འདུག''ཅེས་ལབ་སོང་

དེང་སང་བོད་ཀྱི་ན་གཞོན་གླུ་བའི་གྲས་ན་བདུད་བྷེ་ཡི་གླུ་སྐད་ལས་ཐོལ་རྒལ་གྱི་གོམ་ཁའི་རྐྱོང་སྐུམ་མི་ཐུབ་པའི་རིགས་ཀྱང་མང་བོ་བྱུང་གིན་འདུག་ལ། དེའི་ནང་རེ་གཉིས་བོད་ནང་ཁུལ་ན་སྤྱི་ཚོགས་ཀྱིས་དགའ་བསུ་ཐོབ་བཞིན་པའི་དེང་དུས་བོད་ཀྱི་ན་གཞོན་གླུ་བའི་ཚབ་མཚོན་དུའང་འབོད་རུང་བའི་བསྟོད་པའི་ཁ་གཡང་བསྒྲགས་ཆོག་མོད། ཁོང་ཚོས་ཀྱང་གླུ་ཚིག་ཕལ་ཆེར་ལ་སྦྱོར་བཞིན་པའི་གདངས་ཀྱངརྡུང་ལེན་མཁན་བདུད་བྷེ་ཡིས་བཏོན་ཚར་བའི་སྔོན་ཆད་ཀྱི་གདང་རྙིང་དག་ལས་འགོང་ཐུབ་ཀྱི་མེད་པ་དེ་རེད། ཡིན་ནའང་། ཁོ་ཚོཕྱི་སྡོད་བོད་མིའི་གླུ་བ་ཚོ་དང་མི་འདྲ་བར་གུས་བརྩི་རང་བཞིན་གྱི་ཀུན་སྤྱོད་ཤིན་ཏུ་ལེགས་པས། ཁོ་ཚོས་བླངས་པའི་འོད་སྡེར་མང་ཆེ་བའི་ནང་དུ་བདུད་བྷེ་ཡི་གདངས་ཅེས་པའི་ཁ་གསལ་བོར་བཀོད་ཡོད་པའང་མིག་དཔེར་འཛིན་རུང་བ་ཞིག་རེད། བོད་ཀྱི་གླུ་བྲོའི་སྒྱུ་རྩལ་གྱི་ཐད་ནས་བལྟས་ན་ང་ཚོའི་གླུ་བ་ཚོས་སྟབས་གང་བདེ་དང་། ལག་གང་ཡོང་བྱས་ཏེ་མི་གཞན་གྱི་སྒྱུ་རྩལ་གྱི་ཐོན་དངོས་རྣམ་གང་བྱུང་བེད་སྤྱོད་ཀྱིས་ཉི་མ་གཏོང་བ་ནི་བློ་ཕམ་གྱི་གཞི་ཞིག་ཏུ་ཡང་ཅི་ལ་མི་འགྲོ།

མི་ཁ་ཤས་ནང་ན་བདུད་བྷེ་ཡི་མི་གཞིར་ཁྱད་གསོད་དམའ་འབེབ་ཀྱི་སྐད་ཆ་བཤད་ནི་ཡང་ཡོད་པ་རེད།  དེ་ཡང་ང་ཚོའི་སྤྱི་ཚོགས་ལ་རྒྱུན་འབྱམས་སུ་སོང་བའི་གཅུང་ནད་དྲག་པོ་ཞིག་ཡིན། ཡང་ལ་ལས་བདུད་བྷེ་ནི་ཆང་འཐུང་ཐན་ལྟས་ཤིག་ཡིན་པ་དང་།  མཉམ་འདྲེས་མཉམ་འདུག་གི་གྲོགས་པོ་དགའ་ཉེ་ཚོར་མགོ་སྐོར་གཏོང་བ་སོགས་ཀྱིས་ཅུང་མ་འགྲིག་མ་འཐུས་པའི་འཆལ་གཏམ་སྒྲོག་མཁན་འདུག དེ་ང་ཚོ་རང་ཉིད་ཕྱི་རྟིང་དུ་ཟེགས་ཡོད་པའི་ཉམས་འཇོག་བྱ་དགོས་པར་འདོད། སྔོན་ཆད་འཇར་མིན་གྱི་གདངས་རྩོམ་མཁས་དབང་པེ་ཐྰོ་ཕིན་ལྟ་བུ་རེད། ཁོའི་རོལ་དབྱངས་བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་འགུག་ཤུགས་རེ་རེས་ཡོ་རོབ་གླིང་དང་འཛམ་གླིང་སྤྱི་དབང་དུ་བསྒྱུར་མོང་བའི་རླབས་ཆེན་རོལ་མོའི་གདངས་རྩོམ་པ་བོ་ཞིག་རེད། ཁོའི་རང་གཤིས་མཁྲེགས་ཤིང་གཏན་ཚུགས་ཀྱི་སྤོབས་པ་མངའ་སྟབས། ཐ་མར་སྲིད་གཞུང་གིས་རྒྱང་ཕུད་བཏང་སྟེ་བཟི་དུག་བཞེས་པ་དང་གྲོང་མཐར་མཁྱམས་ནས་ཞིང་དུ་གཤེགས་དགོས་ཐུག་པའི་ལོ་རྒྱུས་ཡོད་པ་རེད།

སྤྱིར་ངེས་དོན་གྱི་རྩོམ་པ་བོ་དང་སྒྱུ་རྩལ་པ་གང་ཡིན་ན། སོ་སོར་གཏན་ཚུགས་ཀྱི་བསམ་བློའི་གཞི་རྐང་ཚུགས་དགོས་པ་ནི་ཆེས་གལ་ཆེན་རང་བཞིན་ཞིག་རེད་སྙམ། འོན་ཀྱང་མི་དེ་གང་བྱུང་མིས་བེད་སྤྱོད་ཀྱི་ལག་རྡོ་ལྟ་བུར་འགྱུར་མི་ཐུབ་པའི་མཁྲེགས་གཤིས་ཅན་ཞིག་ཆགས་དགོས་པ་ངོ་མ་ཡིན། མཁྲེགས་གཤིས་ཅན་གྱི་མི་དེའི་རིགས་སྤྱི་གཏང་མིའི་སྣང་ངོར་མི་འགྲོ་བའི་སྐབས་ཀྱང་ཡོད་སྲིད་མོད།  བདེན་དྲང་གི་རྒྱ་ཁར་ཡང་ལྕི་མི་འདྲ་བའང་སྔར་ནས་བསམ་ཤེས་གནང་ཐུབ་དགོས། སྤྱིར་ཀུན་སྤྱོད་ལ་མི་འཛེམ་པའི་མི་འདིའི་རིགས་ཀྱིས་ཅི་ཡང་འཇོན་པའང་ཁས་ལེན་དགོས་པ་ལྟ་བུ་ཞིག་ཏུ་འཁུམས་ལ། མི་འདིའི་རིགས་ཀྱི་ནང་སྙིང་བསྔོགས་ཏེ་རིན་ཐང་གཞལ་དགོས་པ་དང་། སྒྱུ་རྩལ་གྱི་ཐོན་དངོས་རེ་རེའི་རིན་ཐང་གིས་མི་དེ་ཉིད་ལ་བདེན་དཔང་གི་འོད་སྣང་སྤྲོས་འོང་བ་ཡང་ཆོས་ཉིད་ཅིག་ཏུ་ཆགས་ཡོད་དོ།

༢༠༠༩ ༡༠  ༦ཉིན།

·རྩོམ་ཡིག་གོང་མ:སྟོན་པ་སངས་རྒྱས།
·རྩོམ་ཡིག་འོག་མ:ཚ་རླབས་འཕྱུར་བའི་ཚ་བ་མདའ་སྨྱུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:22:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:40:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:40:55 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS