ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
རྩོམ་ཡིག་ཀློག་པ།

ལྷ་སའི་བར་སྐོར་གྱི་ཕྱོགས་བཞིའི་་དར་ཆེན་ངོ་སྤྲོད།

རྩོམ་པ་པོ:ཆབ་སྤེལ།ཡོང་ཁུངས:ཆབ་སྤེལ་གསུང་རྩོམ་ལས།གཟིགས་གྲངས:1678ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/10/23 20:18:37ཚོགས་ཡར་སྤྲོད:ཚངས་དབྱངས་དྲ་བ།

ལྷ་སའི་བར་སྐོར་གྱི་ཕྱོགས་བཞིའི་་དར་ཆེན་ངོ་སྤྲོད།

ཆབ་སྤེལ།

ལྷ་སའི་བར་སྐོར་གྱི་ཕྱོགས་སོ་སོར་དར་ཆེན་བཞི་ཡོད་པ་དེ་དག་སུ་ཞིག་གིས་དུས་ནམ་ཞིག་ལ་ཅིས་དོན་དུ་བཙུགས་པ་རེད་ཅེ་ན།

༡  བར་སྐོར་ཤར་ལྷོའི་གདོང་རྩེ་ཟུར་གྱི་དར་ཆེན་ལཤར་སྐྱ་རེངསཟེར་ཞིང་།   དེ་ནི་རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ༡༤༠༩རབ་བྱུང་བདུན་པའི་ས་གླང་ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སེར་ཚོགས་གསར་འཛུགས་མཛད་པའི་རྗེས་དྲན་དུ་བཙུགས་གནང་བ་ཡིན།

༢  གཙུག་ལག་ཁང་གི་ནུབ་ངོས་ཐང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་དར་ཆེན་ལཇུས་ཡག་དར་ཆེནཟེར་ཞིང་། དེ་ནི་སྤྱི་ལོ༡༦༤༡རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་ལོར། སོག་པོ་གུ་ཤི་ཧན་གྱིས་བར་ཁམས་བེ་རི་དཔོན་དོན་ཡོད་རྡོ་རྗེ་དྲག་ཤུགས་ཀྱིས་གཏོར་ཕམ་བཏང་བའི་གཏམ་ལྷ་སར་འབྱོར་སྐབས། ཏཱ་ལའི་ལྔ་པའི་ཕྱག་མཛོད་བསོད་ནམས་ཆོས་འཕེལ་སོགས་དགེ་ལུགས་ཕྱོགས་ཀྱི་འགོ་གཙོ་རྣམས་ཀྱིས་རང་ཕྱོགས་ཀྱི་ཇུས་འགོ་ཚུགས་པའི་རྟགས་མཚན་དུ་བཙུགས་པ་དང་། དེའི་འགྲམ་གྱི་ཁང་པར་ཁོང་ཚོ་ཚོགས་ནས་སོག་པོའི་དྲག་ཤུགས་སྤྱད་དེ་གཙང་པ་སྡེ་སྲིད་གཏོར་རྒྱུའི་ཇུས་གཞི་བཏིངས་པས་ཁང་པ་དེའི་མིང་ལའངཇུས་འདིང་གནསཞེས་བཏགས་པར་དུས་ཕྱིས་ཀྱང་དེ་ལྟར་འབོད་ཀྱི་ཡོད།
༣  བར་སྐོར་བྱང་ཤར་ཟུར་གྱི་དར་ཆེན་ལདགའ་ལྡན་དར་ཆེནཟེར་ཞིང་།  དེ་ནི་ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་སྐུ་གཤེགས་ཁའི་སྔ་རྗེས་སུ། ལ་དྭགས་དང་སིང་པ་ངན་འབྲེལ་གྱིས་སྟོད་མངའ་རིས་སྐོར་གསུམ་ཁུལ་བཙན་གནོན་བྱས་པར། བོད་ནས་སོག་རིགས་དམག་དཔོན་དགའ་ལྡན་ཚེ་དབང་གིས་གཙོ་བྱས་པའི་དམག་དཔུང་ཆེད་རྫོང་གནང་དོན་ལ་སིང་དམག་མཐར་སྐྲོད་བཏང་ཐོག  མངའ་རིས་ཚུར་བླངས་བདེ་འགོད་ཀྱི་རྒྱལ་ཁ་ཐོབ་པའི་དཔའ་རྟགས་དྲན་རྟེན་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དུས་རབས་བཅུ་བདུན་པའི་ལོ་རབས་བརྒྱད་ཅུ་པའི་ནང་བཙུགས་པ་རེད།
༤  བར་སྐོར་ལྷོ་ངོས་ཀྱི་དར་ཆེན་ལསྐལ་བཟང་དར་ཆེནཟེར་ཞིང་།  དེ་ནི་སྤྱི་ལོ༡༧༢༠རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ལོར། ཏཱ་ལའི་བླ་མ་སྐལ་བཟང་རྒྱ་མཚོ་མཆོག་ཨ་མདོ་ནས་ལྷ་སར་གདན་དྲངས་ཤིང་། རྒྱལ་བའི་ཡབ་གཞིས་ཀྱི་བཞུགས་ཡུལ་བསམ་གྲུབ་ཕོ་བྲང་དུ་གནང་བ་དང་།  དེ་གའི་མདུན་དུ་མཆོག་སྤྲུལ་འཁྲུལ་བྲལ་ངེས་ཪྙེད་བདེ་ཕེབས་ཀྱི་དགའ་སྟོན་དུ་བཙུགས་པས་མིང་ཡང་ཏཱ་ལའི་བླ་མའི་མཚན་ཟུར་ནས་དྲངས་ཏེ་སྐལ་བཟང་དར་ཆེན་ཞེས་གྲགས་པ་བཅས་ཡིན་ནོ། །
·རྩོམ་ཡིག་གོང་མ:ཁྱེད་ཀྱིས་ཚེ་སྲོག་གླུ་རུ་བཞེངས་ཐུབ་བམ།
·རྩོམ་ཡིག་འོག་མ:རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:24:01 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:37:32 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 1:27:09 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS