ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
རྩོམ་ཡིག་ཀློག་པ།

གོ་ལའི་ཡང་རྩེ་ནས་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

རྩོམ་པ་པོ:རྒྱལ་མཚན།ཡོང་ཁུངས:དྲ་ཐོགགཟིགས་གྲངས:2170ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/2/19 9:27:56ཚོགས་ཡར་སྤྲོད:admin
གོ་ལའི་ཡང་རྩེ་ནས་འབབ་པའི་ཆུ་ཀླུང་ཆེན་པོ་ལྔ།

བོད་ཡུལ་ནི་ཆུ་ཀླུང་དང་མཚེའུ་མང་བའི་ས་ཆ་ཞིག་ཡིན་པ་དང་། ཡུལ་འདིའི་ཤར་ཕྱོགས་སུ་རྨ་ཆུ་དང་འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་དང་། ལྷོ་ཕྱོགས་སུ་ཡར་ཀླུང་གཙང་པོ། ནུབ་ཕྱོགས་སུ་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ་སོགས་ཡོད།

རྨ་ཆུ་རྒྱ་མཚོར་འབབ་པའི་བརྗིད་ཉམས།

རྨ་ཁུགས་དང་པོ།

རྨ་ཆུའི་མགོ་ཁུངས།

རྨ་ཆུ་ནི་བ་ཡན་ཧ་རིའི་རི་རྒྱུད་ནས་བཞུར་ཏེ་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་མཐར་པོ་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་5464ཙམ་ཡོད་ལ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ75442ལྷག་ཡོད།

འབྲི་ཆུའི་མགོ་ཁུངས།

འབྲི་ཆུའི་ཁུགས་སོ་དང་པོ།

འབྲི་ཆུ་ནི་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དགུ་མདོ་དང་། སྨར་ཁམས་རྫོང་དང་བདེ་ཆེན་སོགས་བརྒྱུད་ཅིང་། དེ་ནས་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ཁུལ་བཅུ་གཅིག་ལྷག་བརྟོལ་ཏེ་ཧྲང་ཧེ་རུ་ཏུང་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་6300ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི180ཙམ་ཟིན།

རྗ་ཆུའི་འགག་འཕྲང་

རྗ་ཆུའི་ཟམ་ཆེན།

རྗ་ཆུར་རྫ་ཆུ་དང་ངོམ་ཆུ་ཞེས་པའི་གཙང་ལག་གཉིས་ཡོད་པ་ལས་རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་ཀྱི་རི་བོ་ཤྭ་ར་སྐྱ་ནས་འབབ། ངོམ་ཆུ་ནི་ཧོར་སྦྲ་ཆེན་རྫོང་ཁོངས་ཀྱི་ཝ་མོ་ལ་རྒྱུད་ནས་བབས་ཏེ་ཆབ་མདོ་གྲོང་བརྡལ་དུ་རྫ་ཆུ་དང་ཟླ་འགྲིལ་ནས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འདྲེས། དེ་ནས་འབར་མ་དང་། ལའོ་སི། ཐའེ་ན། ཁམ་པོ་ཀྲེ་ཡ། ཝེ་ཏི་ནམ་སོགས་རྒྱལ་ཁབ་བརྒྱུད་མཐར་ཀྲུང་གོའི་རྒྱ་མཚོ་ལྷོ་མར་འབབ། རྗ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ2179 དང་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི16.4 ཙམ་ཟིན།

རྒྱལ་མོ་རྔུལ་ཆུའི་བཞུར་ཉམས།

དཔྱིད་དུས་ཀྱི་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད།

རྒྱལ་མོ་རྔུལ་ཆུ་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རི། སྦྲ་ཆེན། སོག དཔལ་འབར། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་བརྒྱུད་ནས་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་པོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོར་འབབ། བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ3240 ཡོད་པ་དང་བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་325.000 ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས།

ཡར་ཀླུང་གཙང་པོའི་རང་བྱུང་མཛེས་ལྗོངས།

ཡར་ཀླུང་གཙང་པོའི་འགག་འཕྲང་

ཡར་ཀླུང་གཙང་པོ་ནི་ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ལ། གཡུ་འབྲུག་སྔོན་མོ་འཕྱོ་བ་བཞིན་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་དུ་བབས་རྗེས་སྨན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་རི་བོ་གནམ་ ལྕགས་འབར་བར་སྐོར་བ་རྟ་རྨིག་འདྲ་བ་ཞིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་ནས་མཐར་རྒྱ་གར་དུ་འབབ་པ་དེར་གཙང་པོ་བྷར་མ་པོ་ཏི་ར་ཟེར། དེ་ནས་བྷང་ག་ལ་བརྒྱུད་བྷང་ག་ལ་མཚོ་ཁུག་ཏུ་འབབ། ཡར་ཀླུང་གཙང་པོ་འདི་ས་དགའ་རྫོང་སོགས་བོད་ནང་ཁུལ་གྱི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ1940 དང་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༌24.6 དང་། སྤྱིའི་བཞུར་རྒྱུན་ལ་སྤྱི་ལེ2840 དང་སྤྱིའི་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི93.5 ལྷག་ཡོད། གཙང་པོའི་སྟོད་རྒྱུད་ཀྱི་སའི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྤྱི་ ཁྲེ3950 ཙམ་ཡོད་པས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གཙང་པོ་ཞིག་ཡིན།

·རྩོམ་ཡིག་གོང་མ:ནམ་ཞིག་ས་སྟེང་གི་ཆུ་བོ་དག་སྐམ་པར་གྱུར་ཚེ།
·རྩོམ་ཡིག་འོག་མ:ཡང་སྤྲུལ་དེ་ཉིད་གསལ་བྱེད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:16:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:44:28 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:02:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS