ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

བོད་ཀྱི་གླུ་གཞས་སྐོར་གྱི་སྐད་ཆ་ཐན་ཐུན།

རྩོམ་པ་པོ:ཚེ་ཐར།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2453ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/27 17:22:24ཚོགས་ཡར་སྤྲོད:admin
བོད་ཀྱི་གླུ་གཞས་སྐོར་གྱི་སྐད་ཆ་ཐན་ཐུན།
ཚེ་ཐར།
ད་ལྟ་བོད་ཁམས་ཀུན་ལ་ཆེས་ཁྱབ་སྤེལ་ཏུ་འགྲོ་བ་ནི་གླུ་གཞས་དང་རོལ་མོ། གླུ་བ་དང་། གླུ་མ།  ད་རུང་ཚོང་ར་ན་རྒྱུག་བྲིན་པའི་འོད་སྡེར་དང་འབོད་བརྡའི་(铃声)སྐོར་རེད།  ལོ་རབས་དགུ་བཅུ་ནས་ད་བར་དུ་སྒྲ་ཐག འོད་སྡེར་རེ་རེ་བཞིན་དར་ཡོང་ནའང་། རྒྱུ་ཡི་ཆ་རྐྱེན་དང་ཁོར་ཡུག་གི་དབང་གིས་གཞས་པ་ཆེད་ལེན་མཁན་དང་རོལ་མོ་ཆེད་ལས་བ་མེད་པས་ད་བར་དུ་ཚིག་དབྱངས་གྲ་དག་ཅིག་བོད་ལ་ཡོད་པ་ཉུང་ཉུང་རེད།  དེའི་ཕྱིར་བོད་ཀྱི་རྩོམ་པ་པོ་སྨན་བླ་སྐྱབས་དང་། འབྲུག་ལྷ་རྒྱལ། གླུ་བ་རྡོ་རེད་སོགས་ཀྱིས་དགོང་ཚོགས་དང་སྤྲོ་ཚོགས། འོད་སྡེར་ནང་གཞས་ཚིག་ཡག་པོ་འབྲི་བཞིན་པ་དང་། དབུས་ཕྱོགས་ཀྱི་དབྱངས་རྩོམ་པ་པོ་སངས་ནོར།སྐུ་གཤེགས་པབསྟན་འཛིན་སྤེལ་ནོར།  བློ་ཚེ་སོགས་དང་།   མདོ་ཁམས་ཀྱི་ཀུན་དགའ་ཚེ་བརྟན་དང་བཀྲ་ཤིས་རྡོ་རྗེ། འཇམ་དབྱངས་བསྟན་འཛིན། པད་མ། གསང་བདག་སོགས་ཀྱིས་བསམ་པ་གཞི་གཅིག་ཏུ་འཁྱིལ་ཏེ་དབྱངས་སྙན་མོ་རྩོམ་གྱིན་ཡོད་པས་བོད་ཡུལ་ལ་གཞས་དབྱངས་གཞས་ཚིག་སྙན་མོ་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད།
བོད་ཀྱི་དཔུང་སྡེའི་ཁྲོད་ནས་གསར་སྐྱེས་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་དང་བླ་ནག་སྐལ་ལྡན་རྒྱ་མཚོ།  ཚ་བ་མདའ་སྨྱུག  ཟུར་གསུམ་མ།  དུང་།  རྨ་ཡུལ་སངས་ཕྲུག   འབའ་ཀླུ་ཚ་བཅས་ཀྱིས་དེང་རབས་རོལ་གཞས་དང་བོད་ཀྱི་རྡུང་ལེན།  སྒྱུ་རྩལ་ཕྱོགས་ལ་རྩོམ་འབྲི་ཐར་ཐོར་གནང་བཞིན་ཡོད་པ་མ་ཟད། ད་རུང་གཞས་མཁན་རྣམས་ལ་ཚ་འདྲི་གཏིང་འདྲི་མང་པོ་འདོན་ཡོད་ནའང་བོད་ཀྱི་རྡུང་ལེན་པ་མང་པོས་ཚོང་ར་ལ་བཀྲམ་པ་ནི་དབྱངས་ཀྱི་གད་སྙིགས། གཞས་ཚིག་གི་རོ་མ་ལས་ཡིད་ཚིམ་པའི་ཚིག་དང་དབྱངས། སྡེབ་སྦྱོར་མཉམ་པའི་གླུ་གཞས་དཀོན་པོ་འདུག   ཡིན་ནའང་༢༠༠༩ལོར་བལྟས་ཡོང་ན་གཞས་དང་ཚིག   འོད་སྡེར་གྱི་ཕྱི་ཤོག་ཇུས་འགོད་དང་རྒྱུ་སྤུས་སྔོན་གྱི་འོད་སྡེར་དང་བསྡུར་ན་ཚིག་དབྱངས། ཐ་ན་ཡིག་ནོར་བཅས་ཇེ་བཟང་ཕུན་ཚོགས་ཀྱི་རྒྱུ་རུ་གཏོང་བཞིན་པའི་འོད་སྡེར་དང་གླུ་བ་རེ་གཉིས་དཔྱིད་མགོའི་མེ་ཏོག་བཞིན་འཁྲུངས་བཞིན་པ་ནི་གཞས་པ་སྒྲོལ་མ་སྐྱབས་ཀྱི་འོད་སྡེར་ཕ་ཡུལ་དང་རྩམ་པ།  གཞས་མ་རིག་འཛིན་སྒྲོལ་མའིའབྲི་མོ་དུང་ཆུང་དཀར་མོ  གཞས་མ་སྒྲོན་པེའི་གསེར་གྱི་སྐར་ཚོམ་གཞས་མ་མཁའ་འགྲོའི་རེ་སྒུག་གི་ལོ་ཟླ། སོགས་དང་།   མཚོ་སྔོན་བརྙན་འཕྲིན་དང་རླུང་འཕྲིན་གཉིས་ཀྱིས་བསྒྲུབས་པའི་དགུང་ཚོགས་དང་། གླུ་གཞས་ཆེད་ཚོགས་འོད་སྡེར་དག་རེད།   འོད་སྡེར་དེ་དག་ནང་གི་ལ་ལར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་ཀྱི་ཡིག་གཟུགས་ཧི་མ་ལ་ཡ་བེད་སྤྱོད་གཏོང་བཞིན་པའི་དགའ་འོས་པ་ཞིག་རེད།    རྗེས་ཕྱོགས་བོད་ཀྱི་གཞས་མཁན་དང་དབྱངས་མཁན་རྣམས་པའི་དམིགས་སུ་བཟུང་ཏེ་སྒྱུུ་རྩལ་བ་སྨན་བླ་སྐྱབས་ཀྱིས་གཞས་ཟེར་བ་དེ་ནི་སེམས་ཀྱིས་བྲིས་ཤིང་སེམས་ཀྱིས་བླངས་ན། ད་གཟོད་སེམས་ཀྱིས་ཉན་ནས་སེམས་ཀྱིས་མྱང་རྒྱུ་ཞིག་ཏུ་འགྱུར་སྲིད་ཟེར་བ་སེམས་ལ་བཅངས་ཏེ་མ་འོངས་བར་རོལ་མོའི་བླ་སྲོག་དང་རོལ་མོའི་མྱང་བྱ་རྙེད་ཐུབ་པར་སྨོན། །

·རྩོམ་ཡིག་གོང་མ:གཞས་ཚིག རྒྱ་ཚ་ཞལ་དཀར །
·རྩོམ་ཡིག་འོག་མ:གཞས་ཚིག སྦྲ་མཐིང་སྨུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་གཞས་ལ་བཅངས་བའི་ལྷག་བསམ་དཀར་པོ། 2011/11/28 18:56:10
·གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར། 2011/8/1 22:35:21
·ད་ཐེངས་ཀྱི་བོད་ཀྱི་གླུ་དབྱངས་འགྲན་ཚོགས། 2011/2/7 12:36:48
·སི་ཁྲོན་ནས་གཉེར་བའི་བོད་ཀྱི་གླུ་དབྱངས་འགྲན་ཚོཊ་སྐོར། 2011/2/6 13:30:13
·གླུ་ཚིག་རེད་དམ་འདོན་པ་རེད། 2010/8/1 22:51:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:07:00 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:13:32 [来自: 112.5.248.152]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:13:08 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 63 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS