ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

ཧྥུ་ལུའོ་དབྱི་ཏེའི་སྒྱུ་རྩལ་གྱི་ལྟ་བ་རགས་བརྗོད།

རྩོམ་པ་པོ:རིག་སྨོན་དཀོན་མཆོགཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2329ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/10/13 9:41:48ཚོགས་ཡར་སྤྲོད:admin

ཧྥུ་ལུའོ་དབྱི་ཏེའི་སྒྱུ་རྩལ་གྱི་ལྟ་བ་རགས་བརྗོད།

རིག་སྨོན་དཀོན་མཆོག

གཅིག  ཧྥུ་ལུའོ་དབྱི་ཏེའི་ཆེ་བ་བརྗོད་པ།
ཧྥུ་ལུའོ་དབྱི་ཏི(弗洛伊德)ནི་སྤྱི་ལོ༡༨༥༦ལོར་ཨོ་སི་ཁྲུ་ཡའི་མོ་ལ་ཝེ་ཡའི ཡིའུ་ཐའེ་བའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། ཡོ་རོབ་ཏུ་སྐད་གྲགས་ཡོད་པའི་སེམས་ཁམས་རིག་པ་བ་དང་དབང་རྩའི་རང་བཞིན་གྱི་ནད་ཀྱི་སྨན་པ།    ཡིད་རྣམ་འབྱེད་ཀྱི་རིག་པའི་སྲོལ་གཏོད་པ་བཅས་རེད། ཁོང་ཉིད་སྤྱི་ལོ༡༨༧༣ལོར་ཝེ་ཡེ་ན་སློབ་གྲྭ་ཆེན་མོར་ཞུགས་ནས་གསོ་རིག་ཞིབ་འཇུག་གི་ལས་ཀ་བྱས། ༡༨༧༦ལོར་དགེ་རྒན་ཆེན་མོ་བ་པུའུ་ལུའི་ཁོའི་ལག་རོགས་ཞིབ་འཇུག་པ་བྱས་པ་དང་། སྤྱི་ལོ༡༨༨༡ལོར་གསོ་རིག་ཆེད་གཉེར་གྱི་འབུམ་རམས་པའི་མིང་བཏགས་བླངས།    སྤྱི་ལོ༡༨༩༥ལོར་པུའུ་ལུའོ་དབྱིར་དང་མཉམ་འབྲེལ་གྱིས སྨྱོན་འབོགས་ཞིབ་འཇུགཅེས་པ་དཔེ་སྐྲུན་བྱས་ཤིང་། དེས་ཁོང་ཉིད་ཀྱི་ཡིད་རྣམ་འབྱེད་རིག་པའི་རིགས་གཞུང་གི་རྨང་གཞི་བཏིང་བ་རེད།
༡༨༩༦ལོ་ནས༡༨༩༧ལོའི་བར་ཧྥུ་ལུའོ་དབྱི་ཏེས་ཡང་སྐོར་བསྐྱར་སྐོར་དང་གཏིང་ཟབ་པའི་སྒོ་ནས་ཁོང་རང་ཉིད་ལ་དབྱེ་ཞིབ་བྱས་པའི་ཁྲོད་དུ་རང་ཉིད་བྱིས་པའི་དུས་སུ་རང་གི་ཨ་མར་བྲལ་མི་ཕོད་པར་དུངས་སེམས་སྐྱེས་པ་དང་དུས་མཚུངས་རང་གི་ཕ་ལ་ཕྲག་དོག་དང་དགྲར་འཛིན་བྱེད་པ་དེ་ཤེས་རྟོགས་བྱུང་བར་བརྟེན་ཨེ་ཏི་ཕུའུ་སིའི་འཁྲེང་མདུད(俄狄浦斯情结)ཅེས་པའི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པ་རེད། པུའུ་ལུའོ་དབྱིར་གྱིས་ཁོང་གི་ཆགས་སྲེད་ཀྱི་ལྟ་བར་མོས་མཐུན་མ་བྱས་པས་ཁོང་གིས་མཁས་པ་གཞན་ཞིག་སྟེ་ཧྥུ་ལི་སི་དང་ཕན་ཚུན་འཕྲིན་གཏོང་གི་རྣམ་པའི་ཐོག་ནས་གནད་དོན་ལ་ཞིབ་འཇུག་བྱས་ཡོད། ལོ་རབས་དགུ་བཅུའི་དུས་མཇུག་ཏུ་ཨུ་རུ་སུ་དང་ཕོ་ལན་ལ་ལོག་སྤྱོད་ཤོག་ཁས་གདུག་རྩུབ་ཆེན་པོས་ཡིའུ་ཐའེ་བར་གནོད་འཚེ་གཏོང་བ་དེའི་ཤུགས་རྐྱེན་ཡོ་རོབ་ཧྲིལ་པོར་ཁྱབ་པས།ཧྥུ་ལུའོ་དབྱི་ཏེར་ཡང་རིགས་རྒྱུད་རིང་ལུགས་པའི་ཕྱིར་འབུད་དང་རྡུང་རྡེག་ཕོག་པ་རེད། འོན་ཀྱང་དཀའ་ཚེགས་ཆེ་བའི་ཁོར་ཡུག་གི་ཁྲོད་དུ་ཁོང་གིས་སྔར་བཞིན་སེམས་ཁམས་རིག་པའི་གནད་དོན་སྐོར་ཞིབ་འཇུག་བྱས་ཡོད་ལ། ༡༩༠༠ལོར རྨི་ལམ་ཞིབ་འགྲེལཞེས་པའི་དེབ་གཅིག་པར་དུ་བསྐྲུན་པ་དེ་ནི་ཁོ་པའི་ཡིད་རྣམ་འབྱེད་ཀྱི་རིག་པའི་ཚབ་མཚོན་བརྩམས་ཆོས་ཤིག་རེད།
གཞན་དུ་ཁོང་གི་བརྩམས་ཆོས་ལ ཡིད་རྣམ་འབྱེད་ཀྱི་མདོར་བཤདདང ཡིད་རྣམ་འབྱེད་ཀྱི་མདོར་བཤད་གསར་སྒྲིགསོགས་ཡོད་ལ།  ༡༩༠༩ལོར་ཁོང་ཉིད་ཨ་རིའི་ཁོ་ལ་ཁོ་སློབ་གྲྭ་ཆེན་མོའི་སློབ་སྤྱིའི་གདན་ཞུ་ལྟར་སློབ་གྲྭ་དེ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་གྱི་དུས་སྟོན་དུ་ཞུགས་པར་མ་ཟད་མཚན་འཛིན་འབུམ་རམས་པའི་མིང་བཏགས་ཀྱང་ཐོབ་པ་རེད། རྗེས་སུ་ཁོང་གི་རིག་གཞུང་ལ་དོ་སྣང་ཇེ་ཆེར་སོང་སྟེ་འཛམ་གླིང་གི་ཁྱོན་དུ་ཡོངས་ཁྱབ་ངང་བག་ཆགས་བྱུང་ཡོད། ཡིན་ན་ཡང་། ༡༩༣༨ལོར་ཧྥ་ཤི་སིའི་དམག་དཔུང་ཨོ་སི་ཁྲུར་ནང་འཛུལ་བྱས་སྟབས་ཁོང་ཉིད་ཕྱི་རྒྱལ་དུ་མི་འབྲོ་ཀ་མེད་བྱུང་ཞིང་།༡༩༣༩ལོའི་ཟླ༩བའི་ཚེས༢༡ཉིན་དབྱིན་ཇིར་གྲོངས།
གཉིས།   ཧྥུ་ལུའོ་དབྱི་ཏེའི་རྨི་ལམ་གྱི་ལྟ་བ།
ཧྥུ་ལུའོ་དབྱི་ཏེསརྨི་ལམ་ཞིབ་འགྲེལདུ་རྨི་ལམ་གྱི་གནད་དོན་སྐོར་ལ་ཕྱོགས་གསུམ་ནས་ལྟ་ཚུལ་བཏོན་ཡོད་དེ།
༡ རྨི་ལམ་ནི་བསམ་པའི་འགུལ་སྐྱོད་ཅིག་ཡིན་པ་དང་དེའི་ཀུན་སློང་ནི་ནམ་ཡིན་རུང་རེ་འདོད་བློ་ཡིད་ཚིམ་པ་ཞིག་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་ལ། རྨི་ལམ་ནི་རེ་འདོད་ལས་བྱུང་ཞིང་དེའི་ནང་དོན་ནི་རེ་འདོད་ཚིམ་པར་བྱེད་པ་དེ་རེད། རྨི་ལམ་གྱིས་བསམ་པ་མཚོན་པར་བྱེད་པའི་གོ་སྐབས་ཤིག་འབྱུང་བར་བྱས་པར་མ་ཟད། འཁྲུལ་སྣང་ཉམས་མྱོང་གི་བྱ་ཐབས་ལ་བརྟེན་ནས་བློ་ཡིད་ཚིམ་པའི་རེ་འདོད་ཅིག་མཚོན་གྱི་ཡོད།
༢ རྨི་ལམ་ནི་རྟོག་པ་འོག་འགྱུས(潜意识)རང་ཉིད་མཚོན་པར་བྱེད་པ་ཞིག་ཡིན་ལ། རྟོག་པ་འོག་འགྱུ་དེ་མིའི་སེམས་ཀྱི་གཏིང་རིམ་དུ་མནན་ཡོད་མོད།  དེ་ཤིན་ཏུ་གྲུང་ཤ་དོད་པ་ཞིག་ཡིན་པས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྟོག་པ་སྔོན་མའི་ཁྱབ་ཁོངས་ལས་བརྒལ་ཏེ་ཕྱིར་ཡོང་གིན་ཡོད།
༣ ཧྥུ་ལོའུ་དབྱི་ཏེས་རྨི་ལམ་དང་སྨྱོ་ནད་བར་ཕན་ཚུན་འདྲ་བའི་ཕྱོགས་ཡོད་པ་དང་། རྨི་ལམ་དུ་སྟབས་བདེའི་དོགས་པ་ཚ་ནད་སྐོར་གྱི་སེམས་ཁམས་རིག་པ་ཚུད་ཡོད་པར་ངོས་འཛིན་པ་ནི། རྨི་ལམ་དང་དབང་རྩའི་རང་བཞིན་གྱི་ནད་རིགས་སྐོར་འགྲེལ་བཤད་བྱེད་སྐབས་ཚང་མ་རྟོག་པ་འོག་འགྱུའི་རིག་པའི་གཞུང་ལུགས་ལ་རྒྱབ་རྟེན་བཅོལ་བའི་རྐྱེན་གྱིས་ཡིན་ལ། ཁོང་གིས་རྨི་ལམ་དང་སྨྱོ་ནད་ཚང་མ་རྟོག་པ་འོག་འགྱུའི་འགུལ་སྐྱོད་ཆོས་ཉིད་དང་འཚམས་པའི་སྐོར་ཕྱོགས་སྡོམ་བྱས་པའི་སྡོམ་ཚིག་ནི་རྟོག་པ་འོག་འགྱུས་རྟོག་པ་སྔོན་མའི་ཁྲོད་དུ་དོ་སྣང་མི་བྱེད་པར་སྣང་ཆུང་བྱེད་པའམ་ཟུར་དུ་ཕུད་མ་ཐག་པའི་དོན་སྤྱི་དེ་དག་དང་འབྲེལ་བ་འཛུགས་རྒྱུར་དགའ་པོ་ཡོད་ཅེས་བསྟན་པ་དེ་ཡིན།
མདོར་ན།  ཧྥུ་ལོའུ་དབྱི་ཏེས་དེ་སྔ་མི་རྣམས་ཀྱིས་རྨི་ལམ་ནི་རང་བྱུང་ལས་འདས་པའི་ལྷ་འདྲེས་བློ་སྒོ་འབྱེད་པའི་སྐོར་གྱི་ཤོད་སྲོལ་རྩིས་མེད་དུ་བཏང་སྟེ། མིའི་སེམས་ཁམས་འགུལ་སྐྱོད་ཀྱི་ཆ་ཤས་ཤིག་དང་རྟོག་པ་འོག་འགྱུ་ལས་བྱུང་བ་ཞིག་ཡིན་པ་ནན་བཤད་བྱས་ནས། མིའི་རིགས་གཞོན་ནུའི་སྐབས་ཀྱི་བྱ་བའི་ལག་ལེན་གྱི་མཁོ་འཇོག་སྙིགས་དོར་ཞིག་དང་དོན་དངོས་ཤིག་ཡིན་པར་ངོས་འཛིན་བྱེད་དོ། །
གསུམ། ཧྥུ་ལུའོ་དབྱི་ཏེའི་རིག་རྩལ་གྱི་ལྟ་བ།
ཧྥུ་ལོའུ་དབྱི་ཏེས་རྟོག་པ་འོག་འགྱུ་དང་འདོད་ཆགས་ཀྱི་རང་ནུས་ནི་རིག་རྩལ་གསར་རྩོམ་གྱི་གཞི་རྩའི་འགུལ་ཤུགས་དང་རང་ནུས་ངར་ཤུགས་རྣམ་སྦྱངས་མངོན་འཕར(升华)བྱས་ཤིང་།     རིག་རྩལ་ནི་རྩོམ་པ་པོའི་ཡིད་མི་ཚིམ་པའི་རེ་འདོད་མཚོན་ཐབས་བྱེད་པ་ཞིག་ཡིན་པ་དང་། དེ་ནི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ཏེ་འགོག་གནོན་ཕོག་པའི་རང་ནུས་ཀྱི་འདུན་པའི་སེམས་ནད་ཤོད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཏེ། སྒྱུ་རྩལ་ནི་ཉིན་མོའི་རྨི་ལམ་དང་གཉིས་སུ་མེད་ཅེས་དང་། རྨི་ལམ་དང་སྟོང་སེམས་གཉིས་ཟུང་དུ་འབྲེལ་བ་ཞིག་ཡིན་པ་ནི། དགོང་མོར་ང་ཚོས་རྨིས་པའི་རྨི་ལམ་དེ་སྟོང་སེམས་རང་ཡིན་པ་ལས་གཞན་གང་ཡང་མ་ཡིན་པའི་རྐྱེན་གྱིས་དང་། རྟོག་པ་འོག་འགྱུའི་ཁྲོད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་འདོད་སྣ་ཚོགས་ལ་འགོག་གནོན་ཕོག་སྟེ་འདོད་བློ་ཚིམ་པ་ཞིག་མི་ཡོང་བ་དེ་རྨི་ལམ་གྱི་ཁྲོད་དུ་སྟོང་སེམས་ཀྱི་རྣམ་པའི་ཐོག་ནས་བློ་ཡིད་ཚིམ་པ་ཞིག་ཡོང་ཐུབ་ཀྱི་ཡོད་ཅེས་ཟེར། སྒྱུ་རྩལ་ནི་ཉིན་མོའི་རྨི་ལམ་རེད་ལ་རྩོམ་པ་པོའི་རེ་འདོད་སྐོང་བ་ཞིག་དང་འགོག་གནོན་ཕོག་པའི་བརྩེ་དུང་དང་རང་ནུས་ཀྱི་འདུན་པའི་སེམས་ནད་ཤོད་པ་ཞིག་ཀྱང་ཡིན།
རྩོམ་རིག་བརྩམས་ཆོས་ནི་རྟག་ཏུ་རྩོམ་པ་པོས་རང་ཉིད་གསལ་སྟོན་བྱེད་པ་ཞིག་དང་། བདག་ཉིད་ལྟེ་བར་བྱེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཅིང་། རྩོམ་པ་པོས་ཐབས་རྩལ་ཡོད་རྒུ་བཏོན་ཏེ་བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་དང་གདུང་སེམས་མཉམ་སྐྱེས་ཡོང་བ་བྱེད་པ་དང་། མི་སྣ་གཙོ་བོ་དེ་དམིགས་བསལ་གཅེས་སྲུང་བྱ་ཡུལ་དུ་འཇོག་དགོས།
སྒྱུ་རྩལ་བ་དང་དབང་རྩའི་རང་བཞིན་གྱི་སྨྱོ་ནད་ཡོད་པའི་མིའི་བར་འདྲ་སའི་ཕྱོགས་ཡོད་པ་དང་། དབང་རྩའི་རང་བཞིན་གྱི་སྨྱོ་ནད་ཡོད་པའི་མི་དངོས་ཡོད་ལ་མི་རངས་པས་དངོས་ཡོད་ལས་བྲལ་ཏེ་སྟོང་སེམས་འཇིག་རྟེན་གྱི་ཕྱོགས་སུ་བསྐྱོད་པར་བྱེད་ཅིང་། སྒྱུ་རྩལ་བས་ཀྱང་ཁོང་ཉིད་མི་རངས་པའི་དངོས་ཡོད་ཀྱི་ཁྲོད་ནས་ཕྱིར་བཤོལ་བྱས་ཏེ་རང་གི་བསམ་པའི་བཀོད་ཤུགས་ཀྱིས་བཏོད་པའི་འཇིག་རྟེན་གྱི་ཁྲོད་དུ་འཛུལ་གྱི་ཡོད་ལ། དེ་གཉིས་ཀྱི་མི་འདྲ་ས་ནི། སྒྱུ་རྩལ་བར་སྔར་བཞིན་རིག་པ་དྭངས་གསལ་གྱི་རྟོག་པ་ཡོད་པས་ཕྱིར་ལོག་གི་འགྲོ་ལམ་ཇི་ལྟར་འཚོལ་དགོས་པ་རྟོགས་པར་མ་ཟད། བསྐྱར་དུ་དངོས་ཡོད་ཚོད་འཛིན་ལ་གཞོལ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཅིང་། སྒྱུ་རྩལ་བས་གསར་རྩོམ་ལ་བརྟེན་ནས་རང་གི་རེ་འདོད་བསམ་ཚོད་ངང་ཚིམ་ཐབས་བྱེད་པ་མ་ཟད། ཀློག་པ་པོའི་རྟོག་པ་འོག་འགྱུའི་རེ་འདོད་ཀྱང་ཚིམ་ཐབས་བྱེད་ཀྱི་ཡོད་ལ། དེ་མཚུངས་སུ་སྒྱུ་རྩལ་བས་རྣམ་པ་མཛེས་པའི་སྐྱིད་སྣང་གི་ཚོར་ལྡན་བྱ་ཐབས་སྤྱད་དེ་ཀློག་པ་པོའི་མཛེས་དཔྱོད་ཀྱི་སྤྲོ་སྣང་འཕེལ་ཐབས་ཀྱང་བྱེད་ཀྱི་ཡོད་དོ། །
བཞི།  མཐའ་དཔྱད་པ།
གོང་དུ་བསྟན་པའི་ཧྥུ་ལུའོ་དབྱི་ཏེའི་རྨི་ལམ་གྱི་ལྟ་བའི་གཞུང་ལུགས་ཀྱིས་དེང་རབས་སྨྲ་བའི་རྩོམ་པ་པོ་རྣམས་ལ་ཁྲིད་སྟོན་བྱས་ཏེ། མིའི་སེམས་ཉིད་ཀྱི་འཇིག་རྟེན་སྔོག་འདོན་དང་། བང་རིམ་མི་འདྲ་བའི་སེམས་ཁམས་འབྲི་འགོད་བྱས་པ་སོགས་ཀྱིས་རྩོམ་རིག་གི་མཚོན་བྱའི་ཁྱབ་ཁོངས་རྒྱ་ཆེར་སོང་ཡོད་མོད། ཕྱོགས་གཞན་ཞིག་ནས་ཧྥུ་ལུའོ་དབྱི་ཏེས་ཕྱོགས་རེ་བའི་སྒོ་ནས་རྟོག་པ་འོག་འགྱུ་དང་འདོད་ཆགས་ཀྱི་རང་ནུས་ནི་རྩོམ་རིག་གསར་རྩོམ་གྱི་གཞི་རྩའི་འགུལ་ཤུགས་ཡིན་པ་དང་། རྩོམ་རིག་གསར་རྩོམ་བྱེད་པ་ནི་བདག་ཉིད་མཚོན་ཐབས་ཤིག་ཡིན་པ་ནན་བཤད་བྱས་པར་བརྟེན། གཞུང་ལུགས་དེ་དག་གིས་དེང་རབས་སྨྲ་བའི་རྩོམ་རིག་ལ་འགལ་རྐྱེན་གྱི་ནུས་པ་ཐོན་པའང་སྨོས་མེད་ཡིན་ལ། ཧྥུ་ལུའོ་དབྱི་ཏེའི་རིག་རྩལ་གྱི་ལྟ་བས་ཀྱང་དེང་རབས་ཀྱི་སེམས་ཁམས་རིག་པའི་ཐོག་ནས་རིག་རྩལ་ཞིབ་འཇུག་བྱེད་པ་ལ་ལེགས་ཆ་ངེས་ཅན་ཞིག་ཡོད་ཀྱང་། ཕྱོགས་རེ་བའི་ལྟ་བ་དང་ཕྱོགས་ཞེན་གྱི་ལྟ་བའང་མི་ཉུང་བ་ཞིག་ཡོད་དོ། །
·རྩོམ་ཡིག་གོང་མ:མི་འཛོམས་དགུ་འཛོམས་འཛོམས།
·རྩོམ་ཡིག་འོག་མ:ངས་ཁྱེད་ལ་མེ་ཏོག་འབུལ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གླུ་ཐལ་སྦྱར་མ་ལ་དཔྱད་པ། 2015/9/11 22:12:58
·བོད་ཀྱི་ཚད་མ་རིག་པའི་སྐོར་ཐོག་མར་གླེང་བ། 2011/10/18 22:37:26
·སྐད་ཡིག་དང་རིག་གནས་ཀྱི་འབྲེལ་བ། 2011/10/5 20:19:34
·བོད་ཀྱི་གླུ་གཞས་སྒྲ་སྦྱོང་སྐོར་གྱི་དབྱངས་ཀྱི་རྣམ་གཞག 2011/2/13 23:21:34
·བོད་ཀྱི་སྒྱུ་རྩལ་ཁྲོད་ཀྱི་ཉམས་ལ་དཔྱད་པ། 2011/1/23 14:08:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:05:14 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:24:07 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:58:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS