ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

བོད་གཞས་ལ་བཅངས་བའི་ལྷག་བསམ་དཀར་པོ།

རྩོམ་པ་པོ:ཨ་ཁོན་ཐར།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:2421ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/11/28 18:56:10ཚོགས་ཡར་སྤྲོད:admin
བོད་གཞས་ལ་བཅངས་བའི་ལྷག་བསམ་དཀར་པོ།

བདག་ནི་ཤེས་རིག་ཡོན་ཏན་གྱི་ཆུ་ཚད་ཞན་ལ་བལྟ་རྒྱ་ཐོས་རྒྱ་དང་ལྷག་པར་དུ་བོད་གཞས་ཕྱོགས་ཀྱི་ཉམས་མྱོང་ཅི་ཡང་མེད་པའི་འབྲོག་ཕྲུག་དཀྱུས་མ་ཞིག་ཡིན། དེ་བས་ངས་རང་ཉིད་ཀྱི་བསམ་ཚུལ་ཕྲན་བུ་ཞིག་གླེང་རྒྱུ་མ་གཏོགས། བོད་གཞས་ཕྱོགས་ཀྱི་དཔྱད་བརྗོད་བྱེད་པའི་ཆ་རྐྱེན་ཅི་ཡང་མེད། རྒྱུ་མཚན་དེའི་དབང་གིས་བོད་ཀྱི་གཞས་པ་གཞས་མ་རྣམས་ཀྱི་ཐུགས་དང་མི་འགལ་བར་ཞུ།
འོ་ན་ང་རང་ཉིད་ཀྱིས་བོད་གཞས་ལ་བཟུང་བའི་ལྟ་སྟངས་དང་པོ་ག་ངའདྲ་ཡིན་ཞེ་ན། གཙོ་བོ་བོད་ཀྱི་གླུ་དབྱངས་དང་སྒྲ་སྙན་རྡུང་ལེན་གཉིས་ཡིན།  དེ་ལས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་འཚོ་བ་ཉིན་རེ་བཞིན་གོང་དུ་འཕེལ་བའི་སྐབས་འདིར། བོད་ཁུལ་དུ་གླུ་བ་ཧ་ཅང་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འབྱུང་དང་འབྱུང་བཞིན་ཡོད་ལ།  དེ་དང་བསྟུན་ནས་བོད་གཞས་ཀྱི་ལེན་སྟངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་བཞིན་འདུག །  དེ་བས་བདག་གི་བསམ་ཚུལ་ལ་གླུ་དབྱངས་ཀྱི་ཕྱོགས་ལ་ཧ་ཅང་དོ་སྣང་བྱེད་དགོས་བའི་རྐྱེན་ཡང་འགའ་ཞིག་འདུག་སྙམ།  དེ་ནི་བོད་གཞས་ཤིག་ཡིན་པས་ན་བོད་རང་གི་སྐད་ཀྱི་གདངས་དབྱངས་མ་ཉམས་པའི་ཁར་གསལ་ལ་དག་པའི་བོད་སྐད་གཙང་མ་ཞིག་གི་ལམ་ནས་བླངས་ན་བོད་གཞས་རྣམ་དག་ཞིག་ཡིན་པ་ལས།  དེང་སྐབས་ལ་ལ་ཞིག་གིས་བླངས་བའི་དབྱངས་རྟ་ནི་རྒྱ་ནག་དང་རྒྱ་གར་སོགས་ཀྱི་དབྱངས་དང་འདྲ་ཆེ་བའི་ཁར་ཉན་པ་ཙམ་གྱིས་དབུས་སྐད་ཀྱི་ལམ་ནས་ལེན་པ་འདྲ། ཞིབ་ཏུ་ཉན་ན་དབུས་སྐད་མ་ཡིན་ཏེ་ཁམས་སྐད་ཡིན་པ་འདྲ། ཡང་ཞིབ་ཏུ་ཉན་ན་དབུས་སྐད་དང་ཁམས་སྐད་ཀྱང་མ་ཡིན་ལ་ཨམ་སྐད་ཡང་མིན་པ་འདྲ་ལ་ཚིག་འབྲུ་ལ་ལ་ཞིག་བརྙན་ཡོལ་གཤམ་གྱི་གླུ་ཚིག་ལ་མ་བལྟས་ན་ཅི་ཡང་གོ་རྒྱུ་མེད་པའི་སྣང་བ་ཞིག་སྟེར་སྲིད་པས།  འདི་དང་འདི་འདྲ་བའི་ལམ་ནས་བླངས་བའི་བོད་ཀྱི་གླུ་དབྱངས་ཀྱིས་བོད་གཞས་སྒྱུ་རྩལ་གྱི་རིན་ཐང་ལ་གནོད་སྐྱོན་གང་མང་ཞིག་བཟོ་བ་མ་ཟད།  བོད་རང་གི་དྲི་མ་མེད་པའི་ཕ་སྐད་གཙང་མ་དེར་ཡང་ཉམས་དམས་སུ་འགྲོ་བའི་ཉེན་ཁ་བཟོ་ངེས་རེད།  རྒྱུ་མཚན་དེའི་དབང་གིས། གླུ་དབྱངས་ལེན་མཁན་སུ་ཞིག་ཡིན་ན་གཞས་གདངས་དང་གཞས་ཚིག་གང་ལའང་བོད་རང་གི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཁྱད་ཆོས་མ་ཉམས་པའི་སྒོ་ནས་བླངས་ན། དེ་ནི་བོད་ཀྱི་གླུ་བ་རྣམ་དག་ཞིག་ཡིན་པའི་ཁར་རྒྱ་ཆེའི་ཉན་མཁན་རྣམས་ཀྱིས་ཀྱང་དགའ་བསུ་ཐོབ་ངེས་ལ།  བོད་གཞས་སྒྱུ་རྩལ་ལ་ཉམས་པ་མེད་པའི་གཟི་བྱིན་ཞིག་བསྣན་ཐུབ་ངེས་རེད་སྙམ།
གཉིས་བ་ནི།  བོད་ཀྱི་རྡུང་ལེན་སྒྱུ་རྩལ་ཡིན། བོད་ཀྱི་རྡུང་ལེན་སྒྱུ་རྩལ་ནི་སྟོད་མངའ་རིས་ནས་དར་བ་ཞིག་ཡིན་ལ།   ལེན་སྟངས་དང་དཀྲོལ་སྟངས་གང་ལའང་ཧ་ཅང་ཁྱད་ཆོས་ལྡན་པ་ཞིག་རེད་སྙམ། ཅི་རེད་ཟེར་ན།  དེང་སྐབས་ཀྱི་རྒྱའི་པི་ཝང་དང་ཕྱི་རྒྱལ་གྱི་མན་ཐོ་ལིན་ཟེར་བའི་རོལ་ཆས་འདི་དག་ནི་རྒྱུད་སྐུད་བཞི་དང་དྲུག་གི་སྟེང་དཀྲོལ་མོད།  བོད་རང་གི་སྒྲ་སྙན་སྟེ་མངའ་རིས་སྒྲ་སྙན་ནི་རྒྱུད་སྐུད་གསུམ་གྱི་སྟེང་དཀྲོལ་བ་འདི་ནི་ཐུན་མོང་མ་ཡིན་པའི་དཀྲོལ་སྟངས་ཀྱི་ཁྱད་ཆོས་རེད།  ཁྱད་ཆོས་གཞན་ཞིག་ནི།  ལེན་སྟངས་རེད།  དེ་ནི་ཚིག་སྦྱོར་ལེགས་ཤིང་གོ་དོན་ཟབ་པའི་གཞས་ཚིག་ཞིག་གསལ་ཞིང་དག་པའི་ཕ་སྐད་གཙང་མ་ཞིག་གི་དབྱངས་ཀྱི་སྒོ་ནས་བླངས་ན་ཉན་མཁན་ཡོངས་ཀྱིས་དགའ་བསུ་འཐོབ་ཐུབ་པ་མ་གཏོགས།  གསལ་ལ་མི་གསལ་བའི་སྦྲགས་སྐད་ལྟ་བུ་ཞིག་གི་ལམ་ནས་བླངས་ན་སྒྲ་སྙན་རྡུང་ལེན་གྱི་བྲོ་བ་ཉམས་སོང་བས་ཉན་མཁན་མེད།  དེའི་རྐྱེན་གྱིས་རྡུང་ལེན་སྒྱུ་རྩལ་འདིར་ཕ་སྐད་སྲུང་སྐྱོབ་ཀྱི་ནུས་བ་ཤུགས་ཆེན་ཡོད་པས་འདི་ནི་རིན་ཐང་བྲལ་བའི་སྒྱུ་རྩལ་གྱི་རིགས་ཤིག་ཏུ་བགྲང་ཆོག་ཆོག་རེད་སྙམ། འོན་ཀྱང་འདི་ལའང་ཞན་ཆ་མེད་པ་མིན་ཏེ། དཔེར་ན།  དབྱངས་རྟ་གང་འདོད་དུ་རྩོམ་པ་དང་དཀྲོལ་སྟངས། མི་རིགས་གཞན་པའི་རོལ་ཆས་ཀྱིས་དཀྲོལ་བ་སོགས་སྒྱུ་རྩལ་འདི་ཉམས་པའི་སྔ་ལྟས་ཡིན་པས་མཉམ་འཇོག་གནང་རྒྱུ་གལ་ཆེན་རེད་འདོད། འདི་དག་ནི་བློ་དམན་ཅོལ་ཆུང་བདག་གི་བསམ་ཚུལ་ལས། སྒྱུ་རྩལ་པ་དག་ལ་བྲིས་བའི་སྐྱོན་ཆ་མིན་ལ།  ལྷག་པར་དུ་བོད་གཞས་སྒྱུ་རྩལ་ལ་བྲིས་བའི་དཔྱད་བརྗོད་ནི་དེ་བས་ཀྱང་མིན།
ཨ་ཁོན་ཐར་གྱིས།
·རྩོམ་ཡིག་གོང་མ:གཞས་ཚིག ལྷ་སའི་གཏིང་ཀོང་ཆུ་མིག
·རྩོམ་ཡིག་འོག་མ:གཞས་ཚིག ཁ་བ་བབས་བྱུང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་གླུ་གཞས་སྐོར་གྱི་སྐད་ཆ་ཐན་ཐུན། 2011/8/27 17:22:24
·གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར། 2011/8/1 22:35:21
·ད་ཐེངས་ཀྱི་བོད་ཀྱི་གླུ་དབྱངས་འགྲན་ཚོགས། 2011/2/7 12:36:48
·སི་ཁྲོན་ནས་གཉེར་བའི་བོད་ཀྱི་གླུ་དབྱངས་འགྲན་ཚོཊ་སྐོར། 2011/2/6 13:30:13
·གླུ་ཚིག་རེད་དམ་འདོན་པ་རེད། 2010/8/1 22:51:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:56:10 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:56:03 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:05:53 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 60 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།37.11MS