ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

ཁམས་ཕྱོགས་ཀྱི་གླུ་ཡི་ཁྱད་ཆོས་སྐོར་གླེང་བ།

རྩོམ་པ་པོ:བསྟན་པ་ཡར་འཕེལ་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2087ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/7/12 21:26:03ཚོགས་ཡར་སྤྲོད:admin
ཁམས་ཕྱོགས་ཀྱི་གླུ་ཡི་ཁྱད་ཆོས་སྐོར་གླེང་བ།

བསྟན་པ་ཡར་འཕེལ།  ༼ལྷ་ས།༽

རང་ཅག་བོད་མི་རིགས་ལ་ཕུན་སུམ་ཚོགས་པའི་རིག་གནས་དང༌།  ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཡོད་པ་མ་ཟད། སེམས་ཁམས་ཀྱི་ཁྱེར་སོ་དང༌།  སྐད་དང་ཡི་གེ་སོགས་མི་རིགས་གཞན་དང་མི་འདྲ་བ་ཁྱད་པར་ཅན་ཇི་སྙེད་ཅིག་ཡོད། དེ་དག་ལས་ཆ་ཤས་ཕྲ་མོ་ཙམ་ཞིག་འདིར་འཆད་པར་འདོད་པ་ནི་ཁམས་ཕྱོགས་ཀྱི་གླུ་ཡི་བརྗོད་དོན་བཏོན་སྟངས་དང༌། གསོན་ཉམས་ལྡན་པའི་དཔེ་ཡིས་དོན་མཚོན་ཚུལ་སོགས་གླུ་ཚིག་གི་ཁྱད་ཆོས་ཀྱི་སྐོར་མདོར་བསྡུས་ཤིག་གླེང་བར་བྱ་བ་ལ།   བོད་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་དང་བྲོ་གཞས་ཀྱི་ཞིང་ཁམས་ཡིན་ཞིང༌།གླུ་ནི་དགའ་དགའ་སྤྲོ་སྤྲོ་བྱེད་སྐབས་མི་རྣམས་སྤྲོ་བ་འཕེལ་བྱེད་ཀྱི་གདངས་དང་སྦྱར་བའི་དབྱངས་ཀྱི་འགྱུར་ཁུག་ཞིག་ཡིན།   ཁམས་ཕྱོགས་ཀྱི་གྲོང་གསེབ་ཁག་ཏུ་གླུ་ལེན་པའི་གོམས་གཤིས་དར་ཁྱ་ཧ་ཅང་ཆེན་པོ་ཡོད་པས་འཚོ་བ་དངོས་དང་འབྲེལ་བ་ཟབ་པོ་ལྡན་ཡོད།   གནའ་མིའི་ཁ་དཔེར་གླུ་རེ་རེ་མི་ལེན་ཀ་མེད་རེད།   ངག་རེ་རེ་མི་བཀུག་འཚམས་མེད་རེད།  སྐྱིད་ན་ཇ་ཆང་མཚར་གླུ་རེད།   སྡུག་ན་རང་སེམས་གསོ་གླུ་རེད་ཅེས་ཀྱང་ཟེར་སྲོལ་ཡོད།  ཁོ་ཚོའི་ངག་རྒྱུན་དུ་གོམས་པ་སྤོ་ཤེས་པ་དང་བྲོ་བརྡུངས་ཤེས་པ་དང༌།   སྐད་ཆ་ཤོད་ཤེས་པ་དང་གླུ་ལེན་ཤེས་ཞེས་ཤོད་སྲོལ་ཡོད་པ་ནི་འུབ་ཤོད་ལྟར་སྣང་ཡང་དོན་ངོ་མར་ཆུང་དུས་ནས་གླུ་ལ་དགའ་ཞེན་དང༌།   སྦྱངས་བརྩོན་བྱེད་དེ་གླུ་ལེན་པའི་གོམས་སྲོལ་དར་སྤེལ་གཏོང་གི་ཡོད།   བསམ་པའི་ལོངས་སྤྱོད། ཁམས་ཁུལ་གྱི་གྲོང་གསེབ་ཏུ་གླུ་གཞས་དེ་དག་དར་ཁྱབ་ཆེན་པོ་ཡོད་པ་དཔེར་ན་ཕོ་གཞོན་མོ་གཞོན་ཕན་ཚུན་དགའ་རོགས་སྒྲིག་སྐབས་འདྲིས་གླུ་བརྒྱུད་ནས་འདུན་མ་བྱེད་པ་དང༌།   གྱང་བརྡུང་བ་སོགས་ཤུགས་ལས་བྱེད་སྐབས་ཁ་གཏད་ལ་ཟུར་ཟ་བྱེད་པ་དང་སྐུལ་མ་གཏོང་བ།   རྫི་བོས་ཕྱུགས་རིགས་དཀར་ནག་འཚོ་སྐབས་རང་ཉིད་གཅིག་པུར་ལུང་སྟོང་དུ་ཡོད་པའི་སྐྱོ་སྣང་སེལ་བ་དང་རྗི་བོ་ཕན་ཚུན་བརྡ་གཏོང་བ་སོགས་འཚོ་བ་དངོས་དང་འབྲེལ་བ་ཟབ་པོ་ཡོད།
ཁམས་ཁུལ་གྱི་གླུ་ལ་རིགས་དབྱེ་ན་ཕོ་མོ་ཕན་ཚུན་བརྩེ་དུང་སྟོན་པའི་འདྲིས་གླུ་དང༌།   གཉེན་སྒྲིག་བྱེད་པ་དང༌།   ཁང་སྟོན་རྒྱག་པ་སོགས་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་གཏོང་བའི་རྟེན་འབྲེལ་གྱི་གླུ།   གླུ་པ་ཕན་ཚུན་ཤགས་འགྱེད་པའི་ཤགས་གླུ།   ཆང་འཐུང་རོལ་རྩེད་བྱེད་སྐབས་གཏོང་རྒྱུའི་རྩེད་གླུ།    གྲོགས་མེད་ཁེར་རྐྱང་དུ་སྡོད་སྐབས་སེམས་གསོའི་ཚུལ་དུ་གཏོང་བའི་སྐྱོ་གླུ་སོགས་རིགས་མི་འདྲ་བ་མང་པོ་ཡོད།
གླུ་དེ་དག་གི་བརྗོད་དོན་སྟོན་སྟངས་ནི་མེ་ཏོག་དང༌།   རྒྱ་མཚོ།  ཉི་ཟླ་སྐར་གསུམ་སོགས་རང་བྱུང་ཁམས་ཀྱི་ཡིད་དུ་འོང་བའི་སྣང་ཚུལ་དང༌།   སྟག་གཟིག་དོམ་གསུམ་དང༌།    ཤྭ་གནའ་དགོ་གསུམ་སོགས་གཅན་གཟན་དང་རི་དྭགས་ཀྱི་བྱེད་ལས།   དབྱར་དགུན་སྟོན་དཔྱིད་བཅས་དུས་ཚིགས་ཀྱི་འགྱུར་བ་ལ་སོགས་པ་དཔེར་བཞག་ནས་གང་བརྗོད་པར་འདོད་པའི་དོན་ངོ་མ་དེ་གབ་པའི་ཚུལ་གྱིས་བརྗོད་པའི་རྣམ་པ་ཞིག་ཡིན་ལ།   དཔེར་བཀོད་པའི་དངོས་པོ་དེ་དག་གི་བྱེད་ལས་དང༌།   ཆོད་ཉིད།   ཕན་ནུས་བཅས་ཀྱི་ཁྱད་ཆོས་རྣམས་བརྗོད་འདོད་ཀྱི་དོན་ངོ་མར་སྦྱར་ནས།   རྗོད་བྱེད་ཀྱི་ཚིག་གསལ་ཞིང་གསོན་ཉམས་ལྡན་པའི་ཐོག་ནས་བཏོན་པ་ཞིག་ཡིན་པས་གླུ་ཚིག་དེ་དག་ལ་གབ་ཚིག་གི་རང་བཞིན་དང་སྙན་ངག་གི་ངོ་བོ་གཉིས་ཀ་ལྡན་ཡོད།
དེ་ཡང་དཔེར་ན།  བཀྲ་ཤིས་རྟེན་འབྲེལ་གྱི་གླུ།  ས་ཡར་ཡར་འགྲོ་དང་ཡར་ཡར་སྐྱིད།    ས་ཡར་ཡར་སྤང་དང་མེ་ཏོག་རེད།    ལྷ་ཇོ་བོ་ཡོད་ས་ཡར་ཡར་རེད།
སྨོན་ལམ་བཟང་པོའི་གླུ།  དགའ་བཞིན་སྐྱིད་བཞིན་འགྲོ་མི་ཚོ།    དགའ་ཡུན་སྐྱིད་ཡུན་རིང་བ་ཤོག
ཆོས་ཉིད་རང་བཞིན་གྱི་གླུ།  ས་སྐྱིད་པོ་གཅིག་དང་སྐྱིད་མོ་གཉིས།    ས་སྐྱིད་པོ་རང་ཡུལ་ལུང་པ་རེད།
འཇིག་རྟེན་ཆོས་ཉིད་དང་སྦྱར་བའི་གླུ།  ས་མ་འདྲིས་བྱང་ཐང་སྐྱ་མོ་རེད།   འདྲིས་ཚར་ན་རང་གི་ཕ་ཡུལ་རེད།
ཕོ་མོ་ཕན་ཚུན་བརྩེ་དུང་སྟོན་པའི་འདྲིས་གླུ།   རོགས་དགའ་ལྷ་འདྲ་ཡོད་འདུག་ན།   བསམ་པ་ལྷ་འདྲ་ལོས་གཏད་རེད།   འདོ་དགའ་བྱ་འདྲ་ཡོད་འདུག་ན།    གསེར་སྒ་འཇའ་འདྲ་ལོས་གཏོད་རེད།
བརྗོད་བྱ་ཡོངས་སུ་གབ་པའི་རང་བཞིན་གྱི་གླུ།  རྫ་རི་རྫ་ཤོག་བདེ་མོ་མ།     རྫ་མོ་ཤོག་དྲིལ་འགྲོ་མི་ཡིན།    སྤང་རི་སྤང་ཤོག་བདེ་མོ་མ།     སྤང་རྒྱན་གཡུ་ལོ་འགྲོ་མི་ཡིན།
དུས་ཚིགས་ཀྱི་ཆོས་ཉིད་ལ་སྦྱར་བའི་གླུ།  དབྱར་ཟློས་ནི་དགའ་མོ་དེ་འདྲའི་ཡོད།  སྤང་སེར་ཆེན་ཁ་ལ་སེར་ཆུང་འཁྲུངས།   འབྲི་ཨ་གཟི་བརྒྱ་ལ་བེའུ་ཆུང་ཁྲིད།   དཀར་འོ་མ་མི་རག་བསམ་པ་མེད།   དགུན་ཟོས་ནི་དགའ་མོ་དེ་འདྲ་ཡོད།  དྲིལ་སྨུག་ཆུང་བརྒྱ་ལ་དྲུག་རྒྱབ་བཀལ།   རྒྱ་ནས་མི་འཁོར་བསམ་པ་མེད་སོགས་མང་པོ་ཡོད།
·རྩོམ་ཡིག་གོང་མ:ཨ་མཚར་མཚར་དགུའི་དགུ་པ།
·རྩོམ་ཡིག་འོག་མ:བོད་ཁམས་ཕྱོགས་ཀྱི་གླུ་ཚིག་འགའ་ཞིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·མིག་སྔའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གནད་འགའ། ། 2014/11/23 9:44:18
·གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་ 2014/2/28 22:59:58
·གནམ་འོག་ཁྱིམ་ཚང་གཅིག་ཡིན། 2013/10/23 18:22:51
·བོད་ཀྱི་གླུ་པ་ཡར་དུང་། 2013/7/30 16:30:05
·མི་ལ་རས་པའི་རྣལ་འབྱོར་རྟ་རྒྱུག་གི་གླུ་ 2013/4/26 10:26:09
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:20:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:38:44 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:38:03 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS