ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
རྩོམ་ཡིག་ཀློག་པ།

བོད་ཀྱི་གཞས་པའི་སྡེ་ལ་འཁྱུག་ཙམ་ལྟ་བ།

རྩོམ་པ་པོ:རྫས་ལུང་ཚེ་ཐར།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2044ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/24 8:59:46ཚོགས་ཡར་སྤྲོད:admin

བོད་ཀྱི་གཞས་པའི་སྡེ་ལ་འཁྱུག་ཙམ་ལྟ་བ།

རྫས་ལུང་ཚེ་ཐར།

གླུ་གཞས་ཟེར་བ་ནི་སེམས་ལ་བདེ་བ་སྟེར་བ་དང༌།ལུས་ཀྱི་ངལ་དུབ་སེལ་བ།ཁོར་ཡུག་ལ་གཡང་ཆགས་པར་བྱེད་པ་བཅས་ཀྱི་བྱེད་ལས་ཅན་ཡིན་ཞིང༌།གནའ་བོའི་ངལ་རྩོལ་མི་དམངས་ཀྱི་འཚོ་བའི་ཁྲོད་ནས་བྱུང་བའི་གླུ་གཞས་དག་ནི་བོད་རིགས་མི་དམངས་ཀྱི་ཕུགས་བསམ་དང་བརྩེ་དུང་བཅས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་དམངས་ཁྲོད་རིག་གནས་ཤིག་ཡིན་ལ།དེ་ནི་གནའ་དེང་གི་འཚོ་བ་གང་དུའང་མེད་ཐབས་བྲལ་བའི་རིག་གནས་རྩ་ཆེན་ཞིག་རེད་འདུག  དེ་ན།ང་ཚོས་དེང་རབས་བོད་ཀྱི་གླུ་གཞས་ཀྱི་འཕེལ་འགྱུར་འདི་ལ་མིག་བཤེར་ཞིག་བྱས་ན།གཞས་པ་ཞེས་པ་ནི་ཚིག་དང་གདངས།སྐད་ངག་བཅས་ཕྱོགས་ཀུན་ལ་ཡོན་ཏན་གྱི་ནུས་རྩལ་རྫོགས་པ་ཞག་ཡིན་ན།མི་རིགས་ཡོངས་དང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་འཇོག་ཐུབ་པའི་གཞས་པ་ཡིན་སྲིད་མོད།འོན་ཀྱང་རང་རེའི་བོད་ཀྱི་གླུ་གཞས་ཀྱི་ལམ་ཕྲན་འདི་ཀྱག་ཀྱོག་ཆེ་ལ་སྣ་མང་རྙོག་འཛིང་ཅན་ཞིག་ཏུ་སྣང་ཞིང༌།ད་དུང་ཡང་གནའ་བོའི་གླུ་སྐད་བརྗིད་པོ་དག་གི་ཆར་གདུགས་འོག་ན་ཆར་བཞའ་བྱེད་བཞིན་ལུས་འདུག་ཅིང༌།ཕྲན་གྱི་ལྟ་ཚུལ་ལ་དེང་རབས་བོད་ཀྱི་གླུ་གཞས་ལེན་མཁན་གྱི་གླུ་བ་དང་དེའི་རྣམ་པ།ཁྱད་ཆོས་སོགས?ཀྱི་ངོས་ནས་རྣམ་པ་གསུམ་དུ་བགར་བར་འདོད་དེ།
དང་པོ།  བོད་ཡིག་ལ་བྱང་ཆ་ཆེར་མེད་པའི་གཞས་པ།
ཆུང་དུས་བོད་ཡིག་སྦྱངས་པའི་གོ་སྐབས་མེད་པའམ་ཡང་ན་ང་ཚོའི་འགོས་ཆེ་བའི་ནད་ཡམས་བཞིན་ཆེད་དུ་བོད་ཡིག་མ་སྦྱངས་པ་གང་ཡིན་ཆ་མ་འཚལ་ཡང་བོད་ཡིག་ཀློག་འདོན་ལ་ལྐུགས་པའི་བརྟུལ་ཞུགས་འཛིན་ཞིང་བོད་སྐད་ཀྱང་ཏ་མ་ཏིག་ལས་བཤད་མི་ཐུབ་པར་བོད་པའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་མངའ་མེད་པའི་གཞས་པ་མང་པོ་ཞིག་གིས་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་བོད་རིགས་མི་དམངས་ལ་གླུ་གཞས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། སྤྱིར་ས་ཁོངས་ལ་དབྱེ་མཚམས་ཡོད་ཀྱང་རིག་གནས་ལ་དབྱེ་མཚམས་མེད་པ་བཞིན་རིག་གནས་གང་ཞིག་སྦྱངས་ན་དེ་ནི་རང་གི་ཡོན་ཏན་དང་ཁྱད་ནོར་ཡིན་ཡང་ང་ཚོ་མི་རིགས་ཤིག་གི་ཕྱི་རབས་པའི་ཁུར་ཆེན་འཁུར་བའི་དཔུང་ཁག་ཅིག་ཡིན་པའི་ཆ་ནས་མི་རིགས་འདི་ལ་འགན་ཡང་དག་ཅིག་འཁུར་དགོས་པར་སྙམ།ང་ཚོའི་ཡིག་རྨོངས་པས་བརྒྱ་ཆ་མང་ཤས་ཟིན་པའི་མི་རིགས་འདིར་མཚོན་ན་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་རིག་གནས་ཤིག་ངོ་སྤྲོད་པའམ་ཞབས་འདེགས་ཞུ་བར་འདོད་པ་ནི་སྤྱང་ཀིའི་རྣ་བར་ཆོས་བཤད་པ་མ་ཡིན་ནམ།འོ་ན།ཁོ་ཚོ་ཅིའི་ཕྱིར་རྒྱ་སྐད་ཀྱི་གླུ་གཞས་ལེན་པར་དགའ་བ་ཡིན་ནམ་ཞེ་ན།དེ་ནི་ཁོ་ཚོས་ཕ་ཡུལ་དང་ཁེ་གྲགས?གཉིས་ལས་ཁེ་དང་གྲགས་པ་འདེམ་པ་ཤ་སྟག་སྟེ།དེང་སྐབས་དར་ཆེ་བའི་མཁོ་རྒྱུགས་རིག་གནས་འདིར་ཕྱོགས་ན་ཁོ་ཚོ་བརྙན་འཕྲིན་གྱི་འཕྲིན་ལམ་གང་ཞིག་དང་ལེ་ཚན་གང་ཞིག་ནས་ངོ་སྤྲོད་དང་འགྲན་སྡུར།ད་དུང་བྱ་དགའ་ག་གེ་མོ་ཞིག་ལོན་པར་བརྩོན་བཞིན་ཡོད་དེ།དེ་ལྟར་གྲུབ་ན་ཁོ་ཚོའི་སྙན་གྲགས་རྒྱལ་ནང་ལ་ཁྱབ་ཅིང་དངུལ་ནོར་གྱི་སྦྲང་ཆར་ཟམ་ཟིམ་རེ་འབབ་པར་རེ་བཞིན་ཡོད་ཚོད་རེད་ལ།གལ་ཏེ།སྙན་གྲགས་དང་རྒྱུ་ནོར་གྱི་ཡོང་འབབ་ཅུང་རེ་ཐོབ་ན་གནས་བབས་གང་ལའང་མི་བལྟ་བ་ནི་ང་ཚོའི་ཕྱི་རབས་པ་མགོ་ཡང་ཚོའི་གཤིས་སུ་གྲུབ་པ་དེ་ལྟར་རོ།།
གཉིས་པ། བོད་ཡིག་རྒྱ་ཡིག་གཉིས་ལ་བྱང་ཆ་ཡོད་པའི་གཞས་པ།
རང་རེའི་བོད་ཁུལ་ནས་རིག་གནས་ཀྱི་ཁོ་ལག་རྫོགས་པའི་གཞས་པ་དེ་དག་ནི་མི་རིགས་ཀྱི་རིག་གནས་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས།འཚོ་བའི་བདེ་སྡུག་བཅས་ལ་སེམས་ཁུར་ཅུང་ཡོད་པའི་གླུ་བ་འགའ་སྟེ།དཔེར་ན།གཞས་པ་ཕུར་བུ་རྣམ་རྒྱལ་དང་ཀུན་དགའ།སྒྲོལ་མ་སྐྱབས།ཤེར་བསྟན་སོགས་ནི་མི་རིགས་ཀྱི་བདེ་སྡུག་ནམ་ཡང་ཐུགས་སུ་འཇགས་ཤིང་དེ་ལ་འགན་ཁུར་གྱི་འདུ་ཤེས་ཟབ་པའི་དེང་རབས་བོད་ཀྱི་ཅུང་སྔོན་ཐོན་གྱི་གཞས་པ་དག་རེད།ཁོ་ཚོའི་གཞས་ཚིག་དང་གཞས་གདངས་ཚང་མ་རང་གིས་རྩོམ་ཐུབ་ཀྱིན་མེད་ཀྱང་དེ་ཅི་ལྟར་ལེན་པའི་ཐབས་དང་འཇོན་ནུས་ཅུང་ལེགས་པོ་མཆིས་པ་རེད།འོན་ཀྱང་ད་དུང་གཞས་པ་མང་ཆེ་བ་?ི་དེ་ལས་ལྡོག་སྟེ།མི་གཤིས་ཀུན་སྤྱོད་དང་ཤེས་རིག་ཡོན་ཚད་ཀྱི་ཆ་ནས་སྟོང་ཆ་མང་པོ་ཞིག་ལུས་འདུག་པ་རེད།གཞས་ཚིག་དང་གཞས་གདངས་དོ་མཉམ་རྒྱུ་དང་གཞས་པ་དང་གཞས་ཚིག་དོ་མཉམ་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ།གཞས་ཚིག་ཧ་ཅང་བརྗིད་པོ་མཚར་པོ་དག་བླངས་ཡང་རང་ཉིད་ཀྱི་བྱ་བྱེད་སྤྱོད་སྟངས་དང་བསམ་བློའི་བློ་སྦྱོང་དག་ཧ་ཅང་རྗེས་ལུས་ཀྱི་གནས་སུ་འཁུམས་སྟེ།ཆ་ལུགས་ཡ་མ་ཟུང་དང་སྐད་ལུགས་ར་མ་ལུག བག་མེད་རྒྱས་སྤྲས་དང་མདོ་མེད་འཆལ་སྤྱོད་ཀྱིས་མི་ཚེ་འདའ་བ་ནི་མི་རིགས་ཤིག་གིས་རེ་ལྟོས་བྱེད་སའི་གཞས་པ་རླབས་ཆེན་ཞིག་ཡིན་སྲིད་དམ།སྤྱིར་གཞས་པ་འདི་དག་ནི་ཀུན་གྱི་མིག་སྔར་བཤམས་པའི་མཆོད་རྫས་ལྟ་བུ་ཡིན་པས་ན།ཁོ་ཚོའི་བྱ་བྱེད་སྤྱོད་སྟངས་ཀྱིས་ཡོད་ཚད་ལད་བཟློས་ལ་དགའ་བའི་མི་རིགས་འདིའི་རིག་གནས་པ་དང་ཞིང་འབྲོག་མང་ཚོགས་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་པས།མགྲིན་ཚབ་པའམ་སྣེ་ཁྲིད་པ་བཟང་བོ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སྙམ།
གསུམ་པ། བོད་ཡིག་ཁོ་ན་ཤེས་པའམ་ཡིག་རྨོངས་གཞས་པ།
དུས་རབས་སོགས་རྐྱེན་གང་མང་ཞིག་གིས་ཤེས་རིག་གི་སྒོ་ཐེམ་འགྲིམ་མ་མྱོང་ཡང་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་ཆེད་ལས་དང་སྦྱོང་བརྡར་གང་མང་བྱས་མྱོང་བའི་གླུ་བ་གླུ་མ་ཚོར་ཅོ་འདྲི་བར་བྱེད་སྲིད་པས།ཁོ་ཚོར་ཡིག་རྨོངས་པ་ཞེས་སྡིགས་རྐྱང་ཞིག་གཏན་ནས་མ་རེད།འོན་ཀྱང༌།ཁོ་ཚོར་སྤྱི་ཚོགས་ཀྱི་གནས་བབས་ལ་མྱོང་རྒྱུས་དབེན་པ་དང་རིག་གནས་ཀྱི་འདུ་ཤེས་ཕྲ་བས་རྣམ་ཀུན་ཧོལ་རྒྱུག་བྱེད་རྒྱུ་ཅུང་མང་སྟེ།དེང་སྐབས་གཞས་པ་གཞས་མ་ས་ཁའི་གྲོག་མ་ལྟར་མང་པས་གང་བསམ་ས་ལ་རྡོ་ཞིག་འཕང་ན་གླུ་བ་ཞིག་གི་མགོ་ལ་ཕོག་ངེས་པ་བཞིན་ཡིན་ཕྱིར།ཁོ་ཚོས་ཁྱིམ་གྱི་ནོར་ལུག་བཙོང་བའི་རིན་གོང་དག་ཁ?ེར་ནས་ཐད་ཀར་སྙན་གྲགས་སམ་ཀུན་གྱི་ཡིད་འཇོག་ཅིག་ཐོབ་ཕྱིར་སྐད་འཛེར་དང་སྤོབས་པ་ཆེན་པོས་གླུ་གཞས་རེ་བླངས་མཐར་རང་མགོ་རང་གིས་རྡུང་པ་ཙམ་ལས་དེས་མི་རིགས་ཧྲིལ་བོའི་རྟོགས་པ་ཞིག་སད་རྒྱུ་ནི་ལྟ་ཞོགད་དུང་གླུ་བ་རང་གི་བློ་སྦྱོང་སོགས་ལ་ཡར་ཐོན་གང་ཡང་མེད་པར།ཟང་ཟིང་གི་འཚོ་བས་བསླུས་འགྲོ་བ་གང་མང་རེད།ལྷག་པར་དུ་ཤེས་བྱ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་མེད་པས།ཁོ་ཚོར་གཞས་ཚིག་དང་གཞས་གདངས་ལེགས་པོ་ཞིག་མེད་པའི་ཁར་གཞས་ལེན་སྟངས་ཀྱི་ཕྱོགས་ལའང་ཤེས་བྱ་ཧ་ཅང་ཉག་ཕྲ་བ་རེད། ཁོ་ཚོར་རང་རྐྱ་ཐུབ་པའི་འཇོན་ནུས་ཤིག་མེད་པས་གཞན་གྱི་གཞས་གང་མང་བསྐྱར་དཔར་བྱེད་པ་དང་རྡོ་ཆག་བཙན་སྒྲིག་གི་གདངས་གང་མང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་ཀིན་ཡོད་པ་རེད།དེ་མིན་ཁོ་ཚོས་ཚད་ཐིག་ཅུང་མཐོ་བའི་གཞས་རེ་རྙེད་ཀྱང་དེ་ལེན་པའི་འཇོན་ནུས་ཀྱིས་མ་གདང་ཚེ།གཞས་གང་དེ་རྩོམ་པ་པོའི་བློ་ངོར་མི་འབབ་པར་གཞས་པ་དང་གཞས་ཀྱི་བར་ཆད་ཆེན་པོ་ཞིག་ཤོར་འགྲོ་བ་རེད།དེ་བས།ཁོ་ཚོས་རང་མི་རིགས་ཀྱི་རིག་གནས་གཞིར་བཞག་གིས་རིག་གནས་གང་ལེགས་ཤིག་སློབ་སྦྱོང་དང་ལྷག་དོན་ཆེད་ལས་ཤེས་བྱར་སྦྱངས་བ་གནད་དུ་སྨིན་པར་བྱས་ཏེ།ཕ་མས་གནང་བའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་རི་ཁ་བ་ཅ?་ལ་ཞབས་ཞུ་དྲོན་མོ་རེ་བསྒྲུབ་རྒྱུ་གལ་ཆེ་བར་འདོད།
མཐར་གོང་གི་རིགས་ཀྱིས་བཀར་བའི་གཞས་པ་གཞས་མ་སུ་ཡིན་རུང་གླུ་གཞས་རྫུན་མ་རེས་ལྟད་མོ་བར་བསླུ་བྲིད་གཏོང་བ་དང༌།ཡིག་ནོར་གྱི་ཁྱིམ་ལུད་སྤུངས་ཤིང་སྐུ་དྲག་མི་དྲག་ཚོའི་དྲིལ་བསྒྲག་ཡོ་བྱད་དུ་གླས་པའི་བརྙན་སྡེར་དག་དང་རིང་དུ་གྱེས་བཞིན་སྔོན་ཐོན་མི་རིགས་དང་སྔོན་ཐོན་རྒྱལ་ཁབ་ཚོའི་ཕུལ་བྱུང་གཞས་པ་ཚོར་མིག་བལྟས་བགྱིས་ཏེ།མི་རིགས་ཀྱི་བླ་སྲོག་གིས་བརྒྱན་པའི་གླུ་གཞས་གསོན་པོ་གང་མང་ཞིག་རང་ཅག་གངས་ཅན་བོད་པའི་གཞིས་བྱེས་སྤུན་ཟླ་ཡོངས་ཀྱི་ལུས་སེམས་གསོ་བའི་སྨན་དུ་འགྱུར་བའི་སྨོན་འདུན་ཞུ། །

·རྩོམ་ཡིག་གོང་མ:རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ།
·རྩོམ་ཡིག་འོག་མ:གཞས་ཚིག ང་ཡི་བླ་མ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:14:22 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:44:56 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:12:16 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS