ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

༅།། གཙང་ཁུལ་གྱི་གཏམ་དཔེ་འགའ་ཞིག་ལ་དཔྱད་པ།

  རྩོམ་པ་པོ:བསོད་ནམས་མཆོག་སྐྱིད།ཡོང་ཁུངས:སྤང་རྒྱན་མེ་ཏོགགཟིགས་གྲངས:2244ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/7/8 11:49:15ཚོགས་ཡར་སྤྲོད:admin

                 ༅།། གཙང་ཁུལ་གྱི་གཏམ་དཔེ་འགའ་ཞིག་ལ་དཔྱད་པ།

                                                                 རྩོམ་པ་པོ།  བསོད་ནམས་མཆོག་སྐྱིད།

 

       བོད་ཀྱི་གཏམ་དཔེ་དེ་གདོད་མའི་སྙན་རྩོམ་ནང་ནས་ཆེས་སྔ་བའི་གྲས་ཡིན་ལ་སྐབས་དེའི་བོད་མིའི་ནང་བསམ་པའི་འགྱུར་བ་མཚོན་པ་མ་ཟད།དེ་ནི་བོད་ཀྱི་རྩོམ་རིག་ཁྲོད་དུ་ཐུན་མོང་དང་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀྱི་ངག་ཐོག་ཏུ་བྱུང་བ་ཞིག་ཡིན། འོན་ཀྱང་ད་ལྟའི་ངོས་ནས་བཤད་ན་གཏམ་དཔེ་ཕྱོགས་བསྒྲིགས་དང་། གེ་སར་རྒྱལ་པོའི་སྒྲུང་སོགས་ལ་བལྟས་ནས་གཏམ་དཔེ་ཁ་ནས་བཤད་པ་མ་གཏོགས་ངག་ཐོག་ཏུ་ཆུ་རྒྱུག་རྒྱུག་ཤོད་ཐུབ་མཁན་ནི་ཧ་ཅང་དཀོན། ཡིན་ནའང་གཙང་ཁུལ་གྱི་མི་མང་པོའི་ཁ་ནས་གཏམ་དཔེ་འཆད་ཡོང་བ་དང་། རང་རང་གི་ཁྱད་ཆོས་ངེས་ཅན་ལྡན། དེ་དག་ཕྱོགས་བསྡུས་དང་ཞིབ་འཇུག་བྱེད་པར་ཡང་དོན་སྙིང་མི་ཆུང་ཙམ་ལྡན་ཡོད།

གཙང་ཁུལ་གྱི་གཏམ་དཔེའི་ནང་དོན་དང་ཚིག་སྦྱོར་ལ་དཔྱད་པ།

          གཏམ་དཔེར་ཡུལ་ལམ་ས་གནས་ཀྱི་རང་བཞིན་དང་དུས་ཀྱི་རང་བཞིན་སོགས་ལྡན་ཡོད་པས། གཙང་ཁུལ་གྱི་གཏམ་དཔེ་རྣམས་ཁུལ་གཞན་གྱི་གཏམ་དཔེ་དང་བསྡུར་སྐབས་མི་འདྲ་བའི་ཆ་ཡོད་ལ་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ཀྱང་མི་ཉུང་བ་ཙམ་མཆིས་པས་འདིར་དེའི་ནང་དོན་དང་ཚིག་སྦྱོར་གཉིས་ལ་ཅུང་ཟད་དཔྱད་ཁུལ་ལགས་ན།

༡ བསམ་བློའི་ནང་དོན།

      རྩོམ་རིག་གི་རྣམ་པ་གང་འདྲ་ཞིག་ཡིན་རུང་དེ་ལ་བསམ་བློའི་ནང་དོན་ཞིག་མེད་ན་ག་ལ་འགྲིག་སྟེ། དེ་ཡང་སྲོག་གི་དབང་པོ་མ་ཞུགས་ན། མི་རོ་མཛེས་ཀྱང་སུ་ཡིས་ལེན་ཞེས་པ་ལྟར་རྩོམ་ཡིག་གི་སྙིང་དོན་ནམ་ནང་དོན་ནི་དེའི་བླ་སྲོག་ལྟ་བུ་ཡིན། ཡང་སྒོས་སུ་ཞོག་དཀྲོག་པའི་མར་དང་གཏམ་བཤད་པའི་སྙིང་པོ་དེ་ཡིན་པས་རྒྱ་ཆེ་ཞིང་གཏིང་ཟབ་པའི་འཚོ་བའི་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོད།

འཇིག་རྟེན་མི་ཆོས་ཀྱི་དོན་མཚོན་པའི་གཏམ་དཔེ།

      བོད་མི་རིགས་འདི་ཉིད་གནའ་སྔ་མོའི་དུས་ནས་མི་ཆོས་དང་མཐུན་པའི་ལས་ཀ་ཞིག་བྱེད་དགོས་རྒྱུར་གཙིགས་ཧ་ཅང་ཆེན་པོ་བྱེད་མཁན་གྱི་མི་རིགས་ཤིག་ཡིན། ལྷག་པར་དུ་མིའི་ཀུན་སྤྱོད་ནི་ཨང་དང་པོར་འཇོག་གི་ཡོད། དེ་དག་ལས་རིགས་གཅིག་ནི་སྤྱི་ཚོགས་སྟེང་གནས་པའི་སྐྱེ་བོ་མ་རབས་ཚོའི་བརྟུལ་ཞུགས་ལ་སྨྲས་པའི་གཏམ་དཔེ་ཡིན་ཏེ། དཔེར་ན། སྟོབས་ལྡན་ལ་མི་རོ་བྱུང་ན། ཤོར་རྒྱུགས་ཡིན་ནོ།དེ་ཡང་སྤྱི་ཚོགས་འདིར་གནས་པའི་རི་ཁྲོད་ཀྱི་སྒོམ་སྒྲུབ་པ་དང་། དགོན་པའི་ནང་གི་རབ་བྱུང་པ་ཚོ་དང་། མཐོ་པོའི་ཁྲི་ལ་བཞུགས་པའི་དཔོན་པོ་དང་། ཉམས་ཆུང་ལྟོ་སློང་ནས་འཚོ་བའི་སྤྲང་པོ་སོགས་སུ་ཡིན་ཡང་རྒྱུ་ནོར་ལ་མི་དགའ་བ་ནི་སྤྱིར་མེད་པ་དེ་བསྟན་ཡོད། དེའི་དོན་ལ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན། ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན། ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།ཞེས་གནད་ལ་འཁེལ་བ་ཞིག་གསུངས་ཡོད།

གཅིག་ཤོས་ནི་སྤྱི་ཚོགས་འདིར་ཡོད་པའི་ཡ་རབས་ཀྱི་སྐྱེས་བུ་འགའ་ཞིག་ལ་བསྟོད་པའི་གཏམ་དཔེ་ཡིན། དཔེར་ན་ཆང་ཞིམ་པོ་མེད་ཀྱང་། བླུགས་དེའི་འཁྱེར་ཕྱོགས་ཡག་བྱུང་།དེ་བཞིན་ཨམ་ཕྲག་ལ་རྔན་པ་ཡོད་ན། ལག་པ་ལ་སྡོད་ཐབས་མེད།ཅེས་པ་ སྤྱི་ཚོགས་འདིའི་སྟེང་གནས་པའི་མི་གཏོང་ཕོད་ཅན་གྱི་བྱ་སྤྱོད་ལ་བསྟོད་ནས་སྐྱེ་བོ་རྣམས་ལ་མི་གཞན་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མིར་རྒྱུན་དུ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་དགོས་པའི་གཞན་ཕན་གྱི་སེམས་ཤིག་ལྡན་དགོས་པ་བསྟན་ཡོད།

ཁྱིམ་སྐྱོང་སྐོར་གྱི་གཏམ་དཔེ།

      ཁྱིམ་ཚང་ཞིག་ལ་ཆ་མཚོན་ན་ཕ་མ་གཉིས་ཀྱིས་འགོ་འདྲེན་བྱས་ན་བུ་ཕྲུག་རྣམས་ལ་སློབ་གསོ་ཡག་པོ་གཏོང་དགོས་པ་དང་། ཁྱིམ་མི་ཡོངས་འཆམ་མཐུན་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་ལྟར་བཟའ་ཚོ་ཕན་ཚུན་དབར་ཡང་དག་པའི་འདུ་ཤེས་འཛིན་སྟངས་ལ་ཕན་པའི་གཏམ་དཔེ་གནད་དུ་འཁེལ་བ་མང་པོ་ཡོད་དེ། དཔེར་ན། གནོན་མཁན་མེད་པའི་གོ་སར། ཁྲིམས་མེད་རྐང་རྐྱང་ལག་རྐྱང་།དེ་ཡང་ཆེ་ས་ནས་བརྗོད་ན་རྒྱལ་ཁབ་གཅིག་ལ་ཁྲིམས་ལུགས་ཀྱི་ལག་ཆ་ཆ་ཚང་བ་ཞིག་མེད་ན་དབང་ཆེ་ཆུང་ལ་གཞིགས་ནས་ཉམས་ཆུང་ཚོར་བརྙས་བཅོས་གཏོང་ཤག་ཤག་བྱེད་པ་དང་། ཆུང་ས་ནས་བརྗོད་ན་ཁྱིམ་ཚང་ཞིག་གི་ནང་ཕ་མ་གཉིས་རྟག་པར་རྩེད་མོ་དང་ཆང་རག་ལ་རོལ་ནས་བསྡད་དེ་ཕྲུ་གུ་སོ་སོ་རང་སྣང་གང་འདོད་ལྟར་བྱས་ནས་ཕ་མའི་འོས་འགན་དེ་མ་འཁྱེར་ན། ནམ་ཞིག་ཕྲུག་གུས་ཁྲེལ་མེད་ཀྱི་ལས་ཀ་མང་པོ་བྱེད་པར་ཐེ་ཚོམ་ཡེ་ནས་མེད་དོ་ཞེས། ཕ་མ་ངན་པའི་རིགས་ལ་མི་འོས་པའི་གསལ་བརྡ་བཏང་ཡོད། ཡང་བྱ་ཕོ་རི་ལ་འགྲོ་དུས། བྱ་མོས་སྒོ་ང་བཏང་སོང་།ཞེས་པ་དེ་ནི་བཟའ་ཚང་ཕན་ཚུན་དབར་ལ་ཡིད་ཆེས་མི་ཐུབ་པའི་ལས་ཀ་གང་བྱུང་མང་བྱུང་བྱེད་པ་སྟེ་ནང་གི་སྐྱེས་པ་དེ་ཕྱི་རོལ་དུ་ལས་དོན་སྒྲུབ་པར་འགྲོ་སྐབས་བུད་མེད་དེས་སྐྱེས་པ་གཞན་དང་ཁ་མཐུན་བྱས་པའི་བྱ་སྤྱོད་ལ་གནད་དུ་འཁེལ་བའི་ཟུར་ཟ་བྱེད་པ་ཞིག་ཡིན།

རང་ཉིད་ཀྱིས་རང་ཉིད་སྐྱོབས་དགོས་པའི་སྐོར།

དཔེར་ན། རང་དམ་ཆོས་དཔེ་ཁྲི་འདྲ་མ་བྱུང་ན། ཨ་ཇོ་བླ་མ་ཡིན་ཡང་ཕྱི་མའི་ཡར་འདྲེན།ཞེས་དེ་ཡང་འགྲན་རྩོད་ཀྱི་སྤྱི་ཚོགས་འདིའི་ནང་དུ་མི་གང་འདྲ་ཞིག་ཡིན་རུང་རང་སོ་སོ་རང་ཉིད་ལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་བགྲོད་དང་མཐུན་པའི་ཡོན་ཏན་ཞིག་མེད་ན། ནམ་ཞིག་མི་འདི་ཉིད་ཡོན་ཏན་ཅན་གྱི་སྐྱེ་བོ་ཚོའི་བྲན་གཡོག་ཏུ་ཚུད་རྒྱུར་ཐེ་ཚོམ་སྤུ་ཙམ་ཡང་མེད་པས། སྤྱིར་འགྲོ་བ་ཀུན་དང་ཡང་སྒོས་སུ་ན་གཞོན་ཚོས་རང་རེའི་མི་རབས་རྗེས་མ་དེ་སྔར་བས་ཡག་པ་ཡོང་ཆེད་དུ་རང་ནུས་ཡོད་རྒུས་ལོ་ན་ཆུང་དུས་ནས་རིག་པའི་གནས་ལ་འབད་བརྩོན་ཆུ་བོའི་རྒྱུན་ལྟར་བྱེད་དགོས་པ་ལས་མི་ཚེ་གཅིག་རང་གི་ཕ་མ་དང་སྤུན་མཆེད་ལ་རེ་བ་ཁོ་ན་བཅོལ་ནས་བསྡད་ན་མི་འགྲིག་པའི་སྐོར་བཤད་ཡོད། དེ་ཡང་ཁ་ཆེ་ཕ་ལུ་ལས། མི་ལ་རེ་བའི་ཇ་ཆང་ལོངས་སྤྱོད་ལས། རང་གི་རྩྭ་རྐྱང་ཆུ་རྐྱང་བྲོ་བ་ཞིམ། ལས་ངན་ཤན་པའི་དྲེག་ཁུ་བཟའ་བ་ལས། དམར་དད་ལངས་ན་ཤིག་ཀྱང་ཟ་བ་དགའ།ཅེས་པ་དང་དོན་འདྲ་བའོ།

མི་དང་མིའི་དབར་གྱི་འབྲེལ་བའི་སྐོར།

དཔེར་ན། འགྲོ་སྟངས་ཡེ་ཤེས་ནོར་བུ་མ་ཤེས་ན། གཏམ་ཡིག་རྩིས་ས་རྡོའི་བང་ཆེན་འདྲ།དེའི་ནང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་ནང་རང་ཉིད་ལ་ཤེས་བྱ་ཡོན་ཏན་གྱིས་ཕྱུག་ནའང་ད་ལྟའི་དུས་དང་མཐུན་པའི་མི་དང་མིའི་དབར་གྱི་ཆེས་རྙོག་དྲ་དང་ལྡན་པའི་སྣང་ཚུལ་ཁ་གཏད་གཅོག་མ་ཐུབ་ཚེ་རང་ལ་ཡོན་ཏན་ག་ཚོད་མཆིས་ཀྱང་འབྲས་བུ་བློ་ཡིད་ཚིམ་པ་ཞིག་ཐོབ་དཀའ་བར་བསྟན་ཡོད། དེས་ན་ད་ལྟའི་ཤེས་ཡོན་ཅན་རྣམས་ལ་ཅོང་བརྡ་ཞིག་བཏང་ཡོད་དེ། རིགས་པའི་གཞུང་ལུགས་ཡང་དག་ཤེས་པའི་ཐོག་ལག་ལེན་དངོས་ནང་བེད་སྤྱོད་བྱེད་ཐུབ་པ་མ་ཟད། མི་དང་མིའི་དབར་དུ་དཔེ་དེབ་ཀྱི་ཤེས་ཡོན་ཙམ་མིན་པར་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་དོན་དངོས་ཀྱི་ཤེས་བྱ་ལ་བརྩོན་དགོས་པའི་གཏམ་གྱི་བཅུད་དེ་ཡིན།

གྲོགས་པོ་གང་འདྲ་ཞིག་སྒྲིག་དགོས་པའི་སྐོར།

དཔེར་ན། བློས་ཕོ་ལྷར་བཅོལ་ན། སྲོག་རྒྱང་འཁོར་དུ་བསྐྱལ།ཞེས་དང་ཡང་བློ་གྲོད་པར་བཀལ། གྲོད་པས་ཆུ་གློད།ཅེས་པ་ནི་རང་ཉིད་ལ་གྲོགས་པོ་དགོས་པ་མ་ཟད། ལྷག་པར་དུ་བློས་འགེལ་ཐུབ་པའི་གྲོགས་པོ་ཡག་པོ་ཞིག་དགོས་གལ་ཆེ། རང་གིས་སྒྲིག་པའི་རོགས་པ་དེའི་སེམས་རྒྱུད་དེ་ཡག་པོ་མེད་ན་ནམ་ཞིག་རང་ཉིད་བསླུ་བའི་བདག་པོ་ཆགས་རྒྱུར་ཐེ་ཚོམ་ཡེ་ནས་མེད་པས། རྒྱུན་དུ་བརྟག་དཔྱད་ཞིབ་འཇུག་བྱས་ནས་གྲོགས་པོ་འཚོལ་དགོས་པ་དེ་བཤད་ཡོད། གཞན་ཡང་། སེར་སྣ་ཅན་ལ་སྤུན་མི་འཁོར། གཡོ་སྒྱུ་ཅན་ལ་གྲོགས་མི་འཁོརཞེས་པ་དེ་ནི་གལ་ཏེ་རང་ཉིད་གཅིག་ནས་གཏོང་ཕོད་ཅན་ཞིག་མིན་ལ། གཉིས་ནས་རྟག་ཏུ་གཡོ་སྒྱུའི་ཐབས་ལ་བརྟེན་ནས་མི་གཞན་གྱི་ཡིད་ཆེས་ཐོབ་ཐབས་བྱེད་པ་དེ་ནི་དུས་ནམ་ཞིག་རང་གིས་རང་ཕུང་བར་བྱེད་པའི་རྒྱུ་ལས་གཞན་མ་འདས་པས། དུས་དང་རྣམ་པ་ཀུན་ཏུ་དམ་ཚིག་གཙང་མ་སྲུང་དགོས་པར་གདམས་པའི་གཏམ་ཞིག་ཡིན།

སྤྱི་ཚོགས་ཀྱི་སྣང་ཚུལ་གཞན་མཚོན་པའི་གཏམ་དཔེ།

དཔེར་ན། སེམས་བསམ་པས་བར་སྣང་ལ་འགྲོ་འདོད་ཀྱང་། རྒྱུ་དངོས་པོས་སྦར་མཐིལ་ལ་སོ་མི་ཐེབས།དེ་ནི་སྤྱི་ཚོགས་རྙིང་པའི་དབུལ་པོ་ཚོའི་འཚོ་བ་ཧ་ཅང་སྐྱོ་ཞིང་ཡ་ང་བའི་གནས་ཚུལ་དེ་མངོན་རྗེན་དུ་གསལ་བར་བྱས་ཡོད་ལ། ཁོ་ཚོའི་ཕུགས་བསམ་ཞིག་ཀྱང་ཟུར་དུ་རྟོགས་པར་བྱས་ཡོད་དེ། གལ་ཏེ་དབུལ་པོ་རྣམས་ལ་རྒྱུ་དངོས་པོ་མང་ཙམ་ཡོད་ན་ད་གཟོད་ཁོ་ཚོ་འཛམ་བུ་གླིང་གི་ཚན་རིག་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཀྱི་མི་དང་མཉམ་དུ་སྐར་མའི་ནང་འགྲོ་བར་འདོད་པ་དང་མཚུངས་སོ།

༢ ཚིག་སྦྱོར་གྱི་ཐད་ནས་འཆད་ན།

ཁོ་མོས་ཕྱོགས་བསྡུས་བྱས་པའི་གཙང་ཁུལ་གྱི་གཏམ་དཔེ་ཧ་ལམ་ཉིས་བརྒྱ་ལ་ཉེ་བ་ཡོད་པའི་ནང་ཕལ་ཆེ་བ་ཚིག་རྐང་གཉིས་དང་ཚིག་རྐང་གཅིག་ལས་གྲུབ་པ་ཤ་སྟག་རེད་ལ། ཚིག་རྐང་རེའི་ཚིག་ཁྱིམ་གྲངས་དྲུག་དང་ལྔ་ཡིན། ཕལ་ཆེ་བས་དོན་གྱི་ཕྲད་ན་དང་ལ་གཉིས་མང་པོ་བེད་སྤྱོད་བྱས་འདུག ཁོ་མོས་ཕྱོགས་བསྡུས་བྱས་པའི་གཏམ་དཔེ་ལ་བོད་ཀྱི་གཏམ་དཔེ་གཞན་དང་འདྲ་བར་ཆེས་ཐུང་ཞིང་གཟུགས་སྣང་གི་རང་བཞིན་ལྡན་པ། རྣ་བར་སྙན་ཞིང་ཡིད་ལ་བཟུང་བདེ་བ། ངག་ལ་འགུག་བདེ་བ། ཡིག་འབྲུ་ཉུང་ངུས་དོན་ཟབ་མོ་གསོན་ཉམས་དོད་པོས་མཚོན་ཐུབ་པ། གཏམ་གྱི་དཔེ་མཚོན་དང་སྙིང་བཅུད་འབའ་ཞིག་ཡིན་པ། དོན་རྣམས་དཔེར་བཀོད་པ་ཞིག་ཡིན་པའི་ཁྱད་ཆོས་ཡོད།

གཞན་ཡང་དམིགས་བསལ་ཁྱད་ཆོས་ནི།

༡ རང་ཉིད་ཀྱི་ལུང་པའི་ནང་ཡོད་པའི་མི་དང་ཁྱིམ་ཚང་ཁག་གཅིག་གི་མིང་དང་མཉམ་དུ་གཏམ་དཔེ་བཤད་པས་ཁུལ་དེར་ཡོད་པའི་མི་ཚང་མས་དེ་མ་ཐག་ཤེས་ཐུབ་པ། དཔེར་ན་རྟ་ཡུག་གི་མིས་རྐུ་མདང་རིག་འཛིན་ལགས་སྒལ་གཏད་བརྒྱབ་དུས། མི་ཚོ་གཞན་ཚང་མ་ལ་བརྒྱབ་ཚར་སོང་།

༢ སྤྱིར་རང་ཉིད་ཀྱིས་བསྡུ་རུབ་བྱས་པའི་གཏམ་དཔེ་དེ་དག་ཚིག་རྐང་གཉིས་ལས་གྲུབ་པ་ཡིན་པས་ངག་ལ་འཇག་བདེ་བའི་ཁྱད་ཆོས་ཡོད། དཔེར་ན། བཅད་པའི་རྗེས་ལ། བཙུགས་པ་འདྲ་ཞིགདང་། རང་དམ་ཆོས་དཔེ་ཁྲི་འདྲ་མེད་ན། ཨ་ཇོ་བླ་མ་ཡིན་ཀྱང་ཕྱི་མའི་ཡར་འདྲེན།བཅས་ལས་མཚོན་ཐུབ།

༣ རྣམ་ཀུན་འཚོ་བའི་ནང་ཆ་རྒྱུས་ཡོད་པའི་ལག་ཆ་དང་དངོས་པོ་མང་པོའི་མིང་བེད་སྤྱད་པ་། དཔེར་ན། གཤོལ་མདར་ཞུས་ནས། གླང་ཆུང་ལ་འགྲོ་དགོས་པའི་བརྡ་རེད།དང་། ཨ་ཙ་ར་ལ་མེ་མདའི་དང་དོད།སོགས་དུ་མ་ཡོད་ཀྱང་འདིར་དཔེ་མཚོན་ཙམ་ཞུས་པ་ཡིན།

མདོར་ན། གཙང་ཁུལ་གྱི་གཏམ་དཔེ་ནི་ཡུལ་དེའི་མང་ཚོགས་ཀྱིས་དུས་ཚོད་རིང་པོའི་ནང་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་ཁྲོད་དུ་མཉམ་སྡེབ་ཐོག་བརྩམས་པའི་དམངས་ཁྲོད་རྩོམ་རིག་ཅིག་ཡིན་ལ། དེ་ལ་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་ཡོད་པས་ང་ཚོས་དེར་སྣང་ཆུང་ཡེ་ནས་བྱེད་རྒྱུ་མེད། བོད་མི་རིགས་འདི་ཉིད་གཏམ་དཔེའི་རྒྱ་མཚོ་ལྟར་གྱི་མི་རིགས་ཤིག་ཡིན་པ་མ་ཟད། སྔར་ནས་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་གྲས་ཤིག་ཡིན་པ་གཏམ་དཔེས་ཀྱང་ར་སྤྲོད་ནུས་ཤིང་། ཡོད་ཚད་རྒྱ་གར་ལ་གཏུགས་པའི་མ་དག་རྒྱུན་འབྱམས་ཀྱི་ལྟ་བ་དེ་དོར་དགོས་པ་སྨྲོས་མི་དགོས་། ང་ཚོས་བོད་ཀྱི་གཏམ་དཔེ་སྤྱི་དང་ལྷག་པར་དུ་རང་ཉིད་ཀྱིས་ཕྱོགས་བསྡུས་བྱས་པའི་གཏམ་དཔེ་ལ་བལྟ་དུས། བོད་མིས་བརྗོད་འདོད་ཀྱི་དོན་གང་ཡིན་པ་དེ་དང་འཚམ་པའི་གཏམ་དཔེ་ཕུན་སུམ་ཚོགས་པོ་ཤོད་རྒྱུ་ཡོད་པ་མ་ཟད། དེ་བཞིན་ཕུན་སུམ་ཚོགས་པའི་ཐོན་སྐྱེད་ཤེས་ཡོན་དང་འཚོ་བའི་ཉམས་མྱོང་ཡོད་ལ། གཏིང་ཟབ་པའི་མཚན་ཉིད་རིག་པ་དང་། ཡང་དག་པའི་ཚན་རིག་གི་ནང་དོན་གོ་རྒྱུ་ཟབ་པའི་བསླབ་བྱ་བཅས་ལྡན་པའི་གཏམ་དཔེ་ཡང་མི་ཉུང་ཙམ་ཞིག་ཡོད།

·རྩོམ་ཡིག་གོང་མ:མི་ཉག་གི་རྒྱལ་ཁམས་སུ་གནང་བའི་ཡི་གེ།
·རྩོམ་ཡིག་འོག་མ:གེ་སར་སྒྲུང་ལས༼བླ༽དང་བླ་འཛིན་གྱི་འདུ་ཤེས་ལ་རཊ་ཙམ་དཔྱད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་རྩོམ་རིག་ལམ་བུའི་ཐོག་གི་གནད་དོན་འགར་་དཔྱད་པ། 2011/7/8 12:05:40
·གེ་སར་སྒྲུང་ལས༼བླ༽དང་བླ་འཛིན་གྱི་འདུ་ཤེས་ལ་རཊ་ཙམ་དཔྱད་པ། 2011/7/8 11:54:44
·མི་ཆོས་ལ་དུང་བའི་ཚངས་དབྱངས་རྒྱ་མཚོ། 2011/1/27 20:03:46
·དགེ་འདུན་ཆོས་འཕེལ་གྱི་མི་ཇུས་བསམ་བློར་རཊ་ཙམ་དཔྱད་པ། 2010/2/17 12:24:35
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 19:28:42 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:46:21 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 13:04:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS