ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> གླིང་སྒྲུང་།
རྩོམ་ཡིག་ཀློག་པ།

གླིང་གི་གཏམ་དཔེ། གསུམ་པ།

རྩོམ་པ་པོ:འཇམ་དབྱངས་བློ་གྲོས།ཡོང་ཁུངས:ཧི་ཟིན།གཟིགས་གྲངས:2099ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/2/23 15:26:32ཚོགས་ཡར་སྤྲོད:ངེད།

གླིང་གི་གཏམ་དཔེ།     གསར་རྕོམ།

འཇམ་དབྱངས་བློ་གྲོས།

ཁྲོ་ཐུང་གི་བློ་མྱུར།།

མི་ཆུང་གི་ཁ་མྱུར།།

དཔའ་རྒྱ་ཚ་ཁྲོས་ན་དཀར་ཞིག་ཡོད།།

དཀར་དེའི་དཀྱིལ་ན་དམར་ཞིག་ཡོད།།

བློན་འདན་མ་ཁྲོས་ན་ནག་ཅིག་ཡོད།།

ནག་དེའི་དཀྱིལ་ན་སྨུག་ཅིག་ཡོད།།

རྒ་བདེ་རླུང་ནག་གི་དཀྱིལ་ནས་ཐོན།།

རླུང་ནག་སྔགས་ནག་གི་བསྐོར་ནས་ཐོན།།

སྔགས་ནག་དགྲ་ནག་གི་གཤེད་དུ་ཐོན།།

སྨུག་པོ་ལྡོང་འདི་ནོར་བ་མེད།།

སེར་བོ་གསེར་འདི་འཆུག་པ་མེད།།

འགག་མོའི་སྦྲ་འདབས་ཟད།།

ཇོ་རུའི་ལྭ་འདབས་ཟད།།

བློ་ཁ་རྒྱ་ཆེ་བ་སྤྱི་དཔོན་འདྲ་འདྲ།།

མཐུ་ངན་སྔགས་མང་བ་ཁྲོ་ཐུང་འདྲ་འདྲ།།

མཁར་འདི་ཡན་ཅིག་ན་འདིས་མཐོ་མེད་པ།།

མཁར་སེང་འབྲུག་སྟག་རྕེད་སྐུ་མཁར་ཡིན་ལ།།

ཐང་འདི་ཡན་ཅིག་ན་འདིས་ཆེ་མེད་པ།།

ཐང་འདི་ར་སྟག་ཐང་ཁྲ་མོ་ཡིན་ནོ།།

མི་དང་རྩེ་སྐྱེས་མཆོག་སེང་ཆེན་འདྲ་འདྲ།།

རྟ་དང་རྩེ་རྐྱང་རྒོད་གཡེར་བ་འདྲ་འདྲ།།

གྲི་དང་རྩེ་བཏབ་པ་ལན་མེད་འདྲ་འདྲ།།

ལྕག་དང་རྩེ་བསམ་པའི་དོན་འགྲུབ་འདྲ་འདྲ།།

སྐྱ་ལོ་སང་ལ་ཟོག་མང་།།

སྔོ་ལོ་སང་ལ་ལུག་མང་།།

གྲོ་ལོ་སང་ལ་རྟ་མང་།།

ཁོ་ཕྱུག་ང་ཕྱུག་ཁ་བཤད་ཡིན།།

དོན་ཕྱུག་ངོ་མ་སྐྱ་ལོ་ཡིན།།

ས་འདིར་རི་ཞིག་ཡོད།།

རི་དེ་རྨ་རྒྱལ་སྤོམ་ར།།

གནས་འདིར་སྡེ་ཞིག་ཡོད།།

སྡེ་འདི་གླིང་དཀར་སྟོད་པ།།

ཡུལ་འདིར་དཔོན་ཞིག་ཡོད།།

དཔོན་དེ་གེ་སར་རྒྱལ་པོ།།

གླིང་དམག་རྨ་ཆུར་བརྒལ་ན།།

ཆུ་རྨ་ཆུ་ཡིན་རུང་འགག་འགྲོ།།

གླིང་དམག་སྤང་ལ་གཤར་ན།།

སྤང་སྔོན་པོ་ཡིན་རུང་སེར་འགྲོ། །

·རྩོམ་ཡིག་གོང་མ:རྩོམ་རིག་གི་བླང་དོར་གསལ་བྱེད་ཀ་རྩོམ།
·རྩོམ་ཡིག་འོག་མ:རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·གླིང་གི་དཔའ་བརྟུལ་སུམ་ཅུའི་མཚན་གྱི་རྣམ་གྲངས། 2014/1/21 22:25:35
·གླིང་དཀར་བོའི་བླ་རི་རྣམ་གསུམ་གྱི་སྐོར་བཤད་པ། 2010/7/18 10:32:26
·གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ། 2010/1/27 19:25:11
·གླིང་གི་གཏམ་དཔེ། གཉིས་པ། 2010/1/7 14:21:06
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:54:59 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:54:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:32:33 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS