ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཚངས་དབྱངས་ཞིབ་འཇུག
རྩོམ་ཡིག་ཀློག་པ།

རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ:དུང་དཀར་བློ་བཟང་འཕྲིན་ལས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3888ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/22 19:38:14ཚོགས་ཡར་སྤྲོད:ངེད།

རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།

༧རྒྱལ་བ་སྐུ་ཕྲེང་དྲུག་པ་འདི་ཉིད་ཡབ་སྨྱོས་རིགས་གཏེར་སྟོན་པད་མ་གླིང་པའི་དབོན་རྒྱུད་སྔགས་འཆང་རིག་འཛིན་བཀྲ་ཤིས་བསྟན་འཛིན་དང་།  ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་༡༦༨༣ལོའི་ཟླ་གསུམ་པའི་ཚེས་གཅིག་ལ་ལྷོ་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པ་ཆེན་པོའི་ཡང་སྲིད་ལ་ངོས་འཛིན་ཞུས་ཏེ་ཐོག་མར་མཚོ་སྣ་ལ་གདན་དྲངས་ནས་ཡི་གེ་དང་འདོན་ཆ་ཆོས་སྤྱོད་སོགས་ཀྱི་སྐུ་ཡོན་བསྒྲོན། དགུང་ལོ་བརྒྱད་ལ་ཕག་བྲིས་ཤོག་ཐོག་ཏུ་ཕབ། དགུང་ལོ་བཅི་གཅིག་ཐོག་ཐོལ་བྱུང་དུ་རྟ་མགྲིན་ལ་བསྟོད་ཚིག་ཤོ་ལོ་ཀ་ལྔ་སྐོར་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་བརྩམས་མཛད། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང་སྤྱི་ལོ་༡༦༩༧ལོར་རྒྱལ་དབང་དྲུག་པའི་གསེར་ཁྲིར་མངའ་གསོལ།  ཆུ་རྟ་སྤྱི་ལོ་༡༧༠༢ལོར་པན་ཆེན་བློ་བཟང་ཡེ་ཤེས་མཆོག་གིས་རབ་བྱུང་གི་སྡོམ་པ་ཕུལ།  མཚན་རིན་ཆེན་ཚངས་དབངས་རྒྱ་མཚོ་ཞེས་གསོལ།  པན་ཆེན་རིན་པོ་ཆེ་དང་སྡེ་སྲིད་རྣམ་གཉིས་ཀྱིས་གཙོས་བླ་སློབ་ སྦྲགས་མར་བསྟེན་ནས་བཀའ་ཆོས་གསན་པའི་ཁུར་བཞེས།  སྔ་གཞུག་ཏུ་ཚུལ་ཁྲིམས་དར་རྒྱས་དང་དགེ་འདུན་རྒྱ་མཚོ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་རྩ་བ་སྔགས་ཀྱི་རྒྱུད། བྱང་ཆུབ་ལམ་རིམ་སོགས་མདོ་སྔགས་ཀྱི་ཆོས་དང་དབང་ལུང་གསན་པ་མ་ཟད།  རིག་གནས་དང་མཚན་ཉིད་སོགས་ཀྱང་རྦུངས་ཏེ་འབྲས་སྤུངས་གྲ་ཚང་བཞི་དང་གཞན་པའི་ཆོས་ཐོག་ལའང་ཕེབས་པར་མཛད།  སྐུ་ཡོན་གསན་བཞེས་གནང་རིགས་ཀྱི་ནང་ནས་ཀྱང་ཕག་བྲིས་ཀྱི་བརྡ་དག་དང་བཀའ་རྩོམ་གྱི་རིགས་སྐུ་གོང་མའི་བག་ཆགས་ཁྱད་པར་དུ་སད་པ་ཤིན་ཏུ་ངོ་མཚར་ཞིང་།  དད་པ་འཕེལ་བར་སྣང་།   ལྗགས་རྩོམ་ཀྱང་རྟ་མགྲིན་སྒྲུབ་ཐབས་དང་།  སེ་ར་རྟ་མགྲིན་མཆོད་པའི་དྲིས་ལན་སོགས་མཛད།   ཁྱད་པར་དུ་རྗེ་འདིའི་ཕག་རྩོམ་སྙན་ངག་ཤོ་ལོ་ཀ་དྲུག་ཅུ་རེ་གཉིས་ཀྱི་བདག་ཉིད་ཅན་ཚངས་དབངས་རྒྱ་མཚོའི་གསུང་མགུར་ཞེས་པ་འདི་སྐད་གྲགས་ཤིན་ཏུ་ཆེ།   གདན་ས་གསུམ་དང་།  ཆོས་འཁོར་རྒྱལ་སོགས་པར་བཀའ་ཆོས་བསྩལ་བ་དང་། བཀའ་འགྱུར་གྱི་པར་གསར་བརྐོ་བསྐྱངས་རྒྱུའི་དརྗ་འཛུགས་གནང་སྟེ་པོད་ཉི་ཤུ་ལྷག་ཙམ་ལེགས་པར་གྲུབ།  ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་གསེར་ཟངས་ཀྱི་མདའ་གཡབ་དང་།  རྟེན་བཞེངས་སོགས་ཀྱང་མང་པོ་གནང་བས་མཚོན་ཆོས་སྲིད་ཀྱི་མངའ་ཐང་སྐྱོང་བའི་འཕྲིན་ལས་ལེགས་པར་སྐྱོང་བའི་དརྗ་བརྩམས།  འོན་ཀྱང་སྡེ་སྲིད་རིན་པོ་ཆེ་དང་ལྷ་བཟང་གི་འགལ་བ་ཇེ་ཆེར་སོང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་འོག་ཏུ་སྲིད་མཐར་སྐྱོང་ཚེ་ནམ་ཞིག་རང་ཡང་ཕ་རོལ་པོའི་ལག་ནས་ཐར་དཀའ་བ་གཟིགས་ཏེ་དགུང་ལོ་ཉི་ཤུའི་ཐོག་གཙང་ལ་པན་ཆེན་རིན་པོ་ཆེའི་མདུན་སར་བསྙེན་རྫོགས་བསྒྲུབ་པར་ཕེབས་སྐབས་སུ་སྔར་གྱི་སྡོམ་པ་ནས་ཀྱང་ཕྱིར་འརྗལ་མཛད་དེ་ན་བཟའ་སྐྱ་ཆས་བཞེས་སྐད།  དེ་ནས་བཟུང་རྒྱལ་བ་ཚངས་དབངས་རྒྱ་མཚོའི་བཞུགས་ཡུལ་པོ་ཏ་ལའི་ཕོ་བྲང་དུ་བཞུགས་ཀྱང་རྟུལ་ཞུགས་ཀྱི་མཛད་པ་སྐྱོང་བཞིན་དྲིན་ཅན་སྡེ་སྲིད་ཀྱི་ཞལ་ལའང་མ་གསན་པར་སྤྲོ་སྐྱིད་གནང་བར་ལྷ་ས་དང་ཉེ་བའི་རྫོང་རྒྱབ།  འོལ་དགའ།  འཕྱོང་རྒྱས་གོང་དཀར་ཁུལ་སོགས་གང་བྱུང་ལ་ཐུགས་འདོད་ལྟར་ཕེབས་ཤིང་།  ཉིན་མོ་ཕལ་ཆེ་བར་རྫོང་རྒྱབ་ཏུ་ཞབས་འབྲིང་ལོ་གཞོན་དག་ཁྲིད་དེ་ཕག་མདར་ཕེབས་པ་དང་།  མཚན་མོ་ལྷ་ས་དང་ཞོལ་གྲོང་ཁྱིམ་དུ་བཞུགས་པ་སོགས་ཕྱི་གྱར་ཚུལ་མིན་གྱི་སྤྱོད་ལམ་འབའ་ཞིག་བསྐྱངས།  ཤིང་བ་སྤྱི་ལོ་༡༧༠༥ལོར་སོག་པོ་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས།  དྲག་ཤུལ་ལ་བརྟེན་ནས་བོད་ཀྱི་སྲིད་དབང་འཕྲོག་རྗེས་མཚོན་ཁ་རྒྱལ་དབང་མཆོག་ལ་བསྐོར་ནས་མེ་ཁྱི་སྤྱི་ལོ་༡༧༠༦ལོར་རྒྱ་ནག་ཏུ་གདན་འདྲེན་པའི་ལམ་བར་མཚོ་སྔོན་བརྒྱུད་ཕེབས་སྐབས་སྐུ་གཤེགས་སྐད་དང་།  སྐུ་གདུང་ཡང་མཚོ་སྔོན་གསེར་ཁེབ་དགོན་དུ་ཡོད་ཅེས་གྲགས།   གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང་།  སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་དང་།  ལྷ་བཙུན་དར་རྒྱས་ནོ་མོ་ཥན་གྱིས་མཛད་པའི་ཚངས་དབངས་པའི་སྐུ་ཚེ་སྨད་ཀྱི་མཛད་རྣམ་ཐར་ལྷའི་ཏམ་རྗ་རའི་སྒྲ་དབངས་ཞེས་པ་སོགས་ཀྱི་ནང་རྒྱལ་དབང་མཆོག་དགུང་ལོ་རེ་བཞི་བར་བཞུགས་པའི་རྣམ་ཐར་ཞིབ་པར་བཀོད་ཡོད་པ་སྟེ།  དགུང་ལོ་ཉེར་ལྔའི་ཐོག་ལྷ་བཟང་གི་ལྐོག་གཤོམ་འོག་རྒྱལ་བའི་ཁྲི་ལས་ཕབ་སྟེ་རྒྱ་ནག་ཏུ་གདན་འདྲེན་པའི་ལམ་བར་མཚོ་སྔོན་ཀུན་དགའ་ནོར་ནས་བྲོས་བྱོལ་དུ་ཕེབས་ཏེ་སྦས་པའི་བརྟུལ་ཞུགས་འཛིན་པའི་ཕྱིར་བློ་བཟང་རིན་ཆེན་ཆོས་གྲགས་རྒྱ་མཚོ་དང་།  ངག་དབང་ཆོས་གྲགས་རྒྱ་མཚོར་མཚན་བརྗེས།  ཤིང་རྟ་སྤྱི་ལོ་༡༧༡༤ལོར་དྭགས་པོ་གྲྭ་ཚང་དུ་བཞུགས་སྐབས་དྭགས་པོ་ཞབས་དྲུང་དང་།  དྭགས་པོ་བླ་མ་སོགས་སུ་འབོད།  ལོ་བཅུའི་རིང་ལ་མཚོ་སྔོན་ཨ་རིག་ནས་བཟུང་སྟེ་ཚ་བ་རོང་དང་།  ཚ་ཁོ།  དར་རྩེ་མདོ།  གླང་ཆེན་འགྱིང་རི།  ཁམས་ཀྱི་འབའ་ལི་ཐང་།  ལྷོ་ཁ།   ཙ་རི།  ཀོང་ཡུལ།   མོན་ཡུལ།   བལ་ཡུལ།   རྒྱ་གར་སོགས་ས་ཆ་མང་པོར་གསང་སྟབས་ཀྱིས་གནས་མཇལ་གནང་།  ལྕགས་བྱི་སྤྱི་ལོ་༡༧༢༠ལོར་དཔའ་རིས་གསེར་ཁོག་དགོན་དུ་ཕེབས་སྐབས་བློ་བཟང་དཔལ་ལྡན་ཞ་ལུ་ལེགས་པ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་གནང་། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ་༡༧༢༡ལོར་རྗེ་ཉིད་ཨ་ལག་ཤ་ནས་དཔའ་རིས་གསེར་ཁོག་དགོན་དུ་ཕེབས་སྐབས་ཇག་རུང་གྲོང་རི་དགོན་གྱིས་ཞུས་པ་་ལྟར་དགོན་དེའི་མཁན་ཁྲིའི་ཁུར་བཞེས།  མེ་ལུག་སྤྱི་ལོ་༡༧༢༧ལོར་རྒྱལ་དབང་མཆོག་གིས་བོད་སོག་གི་ཡོན་བདག་བཙལ་ནས་བྲག་འགག་གི་གནས་སུ་ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་གསར་བཞེངས་ཀྱི་འགོ་བརྩམས་ཏེ་ལོ་ལྔའི་ནང་གྲུབ་ཅིང་།  དགེ་འདུན་གྱི་སྡེ་མང་པོ་བཙུག  དགུང་ལོ་སོ་དགུའི་སྟེང་ཇག་རུང་དགོན་ཪྙིང་གི་མཁན་ཁྲིའི་ཁུར་བཞེས་ནས་དགུང་ལོ་རེ་བཞིའི་བར་ལོ་ཉེར་ལྔའི་རིང་ལ་ཇག་རུང་ཡར་ལུང་དགོན་པའི་དགོན་བདག་དང་མཁན་པོ་གཅིག་ལྕོགས་གནང་།  ཤིང་སྟག་སྤྱི་ལོ་༡༧༣༤ལོར་ཏེ་ཐུང་རྡོ་རྗེ་འཆང་གི་དཀར་ཆག་པད་དཀར་ལྗོན་བཟང་ཞེས་པ་དང་།  མ་རུང་སྲིན་པོའི་གཟུགས་ཅན་ཁྲོ་གཏུམ་ཆེ་ཞེས་པའི་གུར་མགོན་འཕྲིན་བཅོལ་ལྗགས་རྩོམ་མཛད།  རབ་བྱུང་བཅུ་གཉིས་པའི་མེ་སྟག་སྤྱི་ལོ་༡༧༤༦ལོར་མདོ་སྨད་དུ་དགོངས་པ་་རྫོགས་པར་གསུངས་སོ།                           དུང་དཀར་ཚིག་མཛོད་ལས་དྲངས།
·རྩོམ་ཡིག་གོང་མ:མདའ་དང་འཕང་ངོ་སྤྲོད།
·རྩོམ་ཡིག་འོག་མ:རིག་འཛིན་སྒྲོལ་མའི་གླུ་སྙན་མྱོང་རོལ་གནང་དང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྗེ་ལམ་རིམ་པའི་རྣམ་ཐར་མདོར་བསྡུས། 2015/7/12 14:59:21
·འཕགས་པ་ཐོགས་མེད་ཀྱི་རྣམ་ཐར་སྔོན་མེད་ལེགས་བཤད་དགའ་སྟོན། 2015/6/24 11:31:41
·དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་་ལུང་རིགས་གཏེར་མཛོད།༨ 2014/11/19 13:34:06
·དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལུང་རིགས་གཏེར་མཛོད་༧ 2014/11/19 13:19:56
·དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལུང་རིགས་གཏེར་མཛོད་༥ 2014/11/12 20:48:06
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:56:37 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:52:06 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:27:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 64 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS