ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མཆོད་སྤྲིན།
རྩོམ་ཡིག་ཀློག་པ།

ལྷ་མོ་དབྱངས་ཅན་མའི་ཐུཊ་རྗེ་བསྐུལ་བའི་གླུ་དབྱངས།

རྩོམ་པ་པོ:བསེ་ཚང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2282ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/21 14:15:28ཚོགས་ཡར་སྤྲོད:admin
༄༅།།ཤེས་རབ་ཀྱི་ལྷག་པའི་ལྷ་མཆོག་ལྷ་མོ་དབྱངས་ཅན་མ་ལ་རྩེ་གཅིག་
གདུང་ཤུགས་དྲག་པོས་ཐུགས་རྗེ་བསྐུལ་བའི་གླུ་དབྱངས་
དྲང་སྲོང་བདེན་ཚིག་ལྷ་ཡི་རོལ་མོ།

༄། །ཨོ་སྭ་སྟི། གང་སྐུ་ཆུ་ཤེལ་རྡུལ་མང་བརྩེགས་པའི་སྐུ། །གསུང་སྙན་དྲུག་ཅུའི་ཡན་ལག་ཚངས་པའི་དབྱངས། །
ཐུགས་རྗེ་ཀུན་སྙོམས་མཁྱེན་བརྩེ་བདག་ཉིད་ཅན། །རྒྱལ་ཡུམ་དབྱངས་ཀྱི་ལྷ་མོར་སྙིང་ནས་འདུད། །
སྟོན་མཚན་ཟླ་བའི་མདངས་འཛིན་སྨིན་ལེགས་གཟུགས། །བཅུ་དྲུག་ལང་ཚོ་སྨིན་པའི་གཞོན་ལུས་ཅན། །
སྒེག་འཛུམ་པདྨོའི་ཞལ་དཀྱིལ་རི་དྭགས་མིག །མཚར་སྡུག་མཛེས་པ་ལྷུན་རྫོགས་ངག་གི་ལྷ། །
འཁྲི་ཤིང་གཞོན་ནུའི་གར་མཁན་ལུས་ཕྲ་མའི། །འཇམ་མཉེན་པད་རྩའི་ལག་སོར་བསྐྱོད་པའི་རྩེར། །
གདངས་སྙན་དཔྱིད་ཀྱི་རྒྱལ་མོ་དགྱེས་པའི་དབྱངས། །སྐལ་བཟང་རྣ་བའི་རྒྱན་དུ་འདོད་འཇོ་མ། །
ཁྱོད་ཀྱི་ལྷག་བསམ་ལྟོ་བར་མ་ཁུར་བའི། །ལུས་ཅན་རྒྱལ་བའི་སྤྱན་གྱི་ཡུལ་མིན་ཀྱང༌། །
རྨོངས་པའི་དྲ་བར་ཚུད་པའི་ཉམ་ཐག་བདག །ད་དུང་ཡལ་བར་འདོར་རམ་བརྩེ་ལྡན་མ། །
འཇིག་ཚོགས་ལྟ་བའི་མཆེ་བ་སྙིང་ལ་ཟུག ། མི་བཟད་སྡུག་བསྔལ་གསུམ་གྱི་ཞགས་པས་འཆིང། །
ཤེས་རབ་མིག་ལྡོང་རྨོངས་མུན་དྲར་བཅུག་པའི། །བུ་ཡི་གདུང་བར་བརྩེ་བས་མི་གཟིགས་སམ། །
ཐུགས་རྗེ་ཀུན་སྙོམས་འགྲོ་ལ་ཕན་བཞེད་ཀྱང་། །སྙིགས་མའི་འགྲོ་ལ་རྗེས་བརྩེ་ཡལ་བོར་ན། །
དཔག་མེད་བསྐལ་པའི་སྔོན་ནས་ཐུགས་བསྐྱེད་ཀྱི། །སྙིང་སྟོབས་རེ་ཞིག་ལྷོད་པར་མ་གྱུར་ཏམ། །
འོན་ཀྱང་ལས་ཀྱི་རྒྱ་ལས་མ་འགོངས་པའི། །སྐལ་དམན་ཉེས་པར་ཟད་ཀྱི་མགོན་ཁྱོད་ནི། །
རིང་ནས་དོན་གཉིས་མཛད་པ་ལྷུན་གྲུབ་ཕྱིར། །ཐུགས་རྗེ་བཏང་སྙོམས་སྐྱོན་གྱི་དྲི་མས་དབེན། །
དྲན་པས་གདུང་བའི་བུ་ཡིས་མ་ལ་བཞིན། །རྟག་ཏུ་ལྷ་ཁྱོད་ཁོ་ནར་རེ་འཆའ་བར། །
བརྩེ་བའི་མ་ཡིས་ཡིད་འོང་བུ་ལ་བཞིན། ། གསང་གསུམ་འབྲལ་མེད་ཐུགས་རྗེ་བྱིན་རླབས་མཛོད། །
ཡེ་ཤེས་འོད་ལྔ་འབར་བའི་ལྡིང་ཁང་དུ། །ལོངས་སྤྱོད་ལྷུན་རྫོགས་ཐབས་ཤེས་ཟུང་འཇུག་སྐུ། །
མཁའ་མཉམ་འགྲོ་ལ་ཐུགས་རྗེ་སྙོམས་འཇུག་ཀྱང༌། །སྐལ་དམན་ཆུ་བུར་མིག་གི་ཡུལ་མ་གྱུར། །
དེའི་ཕྱིར་ཆོས་ཀྱི་ཀློང་ནས་གཟུགས་སྐུའི་གར། ། རགས་པའི་མཛེས་སྡུག་སྒྱུ་མའི་རྩེད་འཇོའི་འཕྲུལ། །
མངོན་སུམ་གཟུགས་སུ་འཆར་བའི་བདེ་དགའ་ཡིས། །དབང་བོ་མྱོས་པའི་དགའ་སྟོན་མྱུར་དུ་སྩོལ། །
ཡིད་འཕྲོག་མཛེས་སྐུའི་ཉམས་འགྱུར་སྟོང་གི་གར། །སྙན་འཇེབས་གསུང་དབྱངས་སྲིད་པའི་གདུང་སེལ་སྨན། །
འགྲོ་ལ་རྗེས་ཆགས་བརྩེ་ཆེན་བདུད་རྩིའི་བཅུད། །མངོན་སུམ་ལོངས་ལ་སྤྱོད་པའི་སྐལ་ཐོབ་ཤོག །
རྨོངས་སེལ་ཤེས་རབ་འོད་སྟོང་འབར་བའི་གཟིས། །བློ་གྲོས་འདབ་བརྒྱ་ཅིག་ཅར་གྲོལ་བ་ཡིས། །
འབུམ་ཕྲག་གཞུང་ལུགས་འཆད་རྩོད་རྩོམ་པ་ལ། །ཐོགས་མེད་རྣམ་དཔྱོད་རྩལ་དགུ་རྫོགས་པར་ཤོག །
ཐོས་པ་རྒྱ་མཆོའི་རྦ་རླབས་མཁའ་ལ་རྩེན། །བསམ་བྱུང་གློག་འོད་འཁྱུག་པའི་རྩེད་འཇོ་མ། །
སྒོམ་པ་གཡོ་མེད་ལྷུན་པོའི་མཛེས་སྡུག་རྫོགས། ། སྤངས་རྟོགས་ཡོན་ཏན་མཛོད་ལ་མངའ་བརྙེས་ཤོག །
གཙུག་ལག་གཞུང་བརྒྱ་མང་དུ་ཐོས་པས་མཁས། ། བསླབ་གསུམ་རྣམ་དག་བག་ཡོད་ཁྲིམས་ཀྱིས་བཙུན། །
གཅིག་ཏུ་འགྲོ་ལ་སྨན་པའི་ལྷག་བསམ་བཟང༌། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །
བཤད་སྒྲུབ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། ། བདེ་བར་སྒྱུར་བའི་མངའ་བདག་ཆོས་ཀྱི་དབང། །
ཕན་བདེ་སྲོག་གི་ཀ་བ་ཐུབ་པའི་བསྟན། ། མི་ནུབ་རིང་དུ་འདེགས་པའི་མཐུ་ལྡན་མཛོད། །
གཟུང་འཛིན་རྣམ་པར་རྟོག་པའི་ལས་ཀྱི་རླུང། །མི་ཤིགས་སྙིང་གི་ཐིག་ལེར་དབང་བསྡུས་ནས། །
གནས་ལུགས་དོན་གྱི་རང་ཞལ་རྗེན་མཐོང་བས། །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག །
ཙིཏྟའི་འདབ་བརྒྱད་ལྟེ་བའི་དྷུ་ཏིའི་དབུས། །སྟོང་ཆེན་སྤྲོས་བྲལ་འོད་གསལ་དགའ་མ་མཆོག །
འོད་ལྔའི་སྒྱུ་མའི་ལང་ཚོར་རོལ་བ་ཡིས། །ཟུང་འཇུག་བདེ་དགའི་དགའ་སྟོན་མྱོང་བར་ཤོག །
དེ་ལྟར་གདུང་དབྱངས་སྙན་པའི་གླུ་བ་མོ། །མགྲིན་མཛེས་སྨྲ་བྱེད་སྟེགས་བུའི་རྩེར་འཛེགས་ཏེ། །
ཁྱོད་སྙན་ནོར་བུའི་བུ་གར་སོན་པ་ལ། ། ཐུགས་རྗེས་དགོངས་ཤིག་གསོལ་བ་དོན་ལྡན་མཛོད། །
གང་གི་གསང་གསུམ་བྱིན་རླབས་ནུས་མཐུ་དང༌། །རྩེ་གཅིག་དད་པས་རྟེན་འབྱུང་བསླུ་མེད་མཐུས། །
ཇི་ལྟར་སྨོན་འབྲས་བདེ་བླག་འགྲུབ་པ་དང༌། །ཤིས་པའི་དགའ་སྟོན་ཕྱོགས་མཐར་ཁྱབ་གྱུར་ཅིག །
ཅེས་ཤེས་རབ་ཀྱི་ལྷག་པའི་ལྷ་མཆོག་ལྷ་མོ་དབྱངས་ཅན་མ་ལ་རྩེ་གཅིག་གདུང་ཤུགས་དྲག་པོས་ཐུགས་རྗེ་བསྐུལ་བའི་གླུ་དབྱངས་དྲང་སྲོང་བདེན་ཚིག་ལྷ་ཡི་རོལ་མོ་ཞེས་བྱ་བ་འདི་ནི་སྙན་ངག་སྨྲ་བ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མིང་ཅན་ནས་སྤྱི་ལོ༡༩༩༣ལོའི་ཟླ་༤ཚེས་༢༩བོད་ཆུ་བྱ་ལོའི་ཟླ༣ཚེས༨དགེ་བར་པེ་ཅིན་ནང་བསྟན་སློབ་གླིང་ནས་ཐོལ་བྱུང་དུ་སྨྲས་པའི་དགེ་བས་ཚེ་རབས་ཐམས་ཅད་དུ་ངག་དབང་ལྷ་མོས་རྗེས་སུ་འཛིན་གྱུར་ཅིག །
·རྩོམ་ཡིག་གོང་མ:གཞས་ཚིག ཕ་མ།
·རྩོམ་ཡིག་འོག་མ:༼མཚོ་སྔོན་པོ་ཟིན་བྲིས༽
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དབྱངས་ཅན་མར་བསྟོད་པ། 2012/8/2 18:21:39
·དབྱངས་ཅན་ངག་གི་དཔལ་མོ་ལ་བསྟོད་པ། 2011/7/28 22:09:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:51:32 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:47:58 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 10:08:40 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS