ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མཆོད་སྤྲིན།
རྩོམ་ཡིག་ཀློག་པ།

དབྱངས་ཅན་ངག་གི་དཔལ་མོ་ལ་བསྟོད་པ།

རྩོམ་པ་པོ:རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:2339ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/7/28 22:09:18ཚོགས་ཡར་སྤྲོད:admin

དབྱངས་ཅན་ངག་གི་དཔལ་མོ་ལ་བསྟོད་པ་ཀུ་མུ་ཏའི་འཁྲི་ཤིང༌།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།

ན་མཿསྭ་ར་སྭ་སྟྱཻ།
མཁའ་ཁྱབ་རྒྱལ་ཀུན་གསུང་གི་དབང་ཕྱུག་ཡིད་འཕྲོག་ཕྱག་རྒྱར་ཤར་བའི་གཟུགས། །
གཟུགས་སྐུའི་འཇོ་སྒེག་སྒྱུ་མའི་འཕྲུལ་གྱིས་སྲིད་ཞིའི་མཛེས་སྡུག་བཅུད་ལེན་མ། །
མ་ལུས་ངག་གི་དངོས་གྲུབ་སྩོལ་མཁས་རྡོ་རྗེ་དབྱངས་ཀྱི་རྒྱལ་མོ་དེ། །
དེ་རིང་འདི་ན་དང་བའི་ཡིད་ཀྱིས་སྙན་ངག་མེ་ཏོག་སིལ་མས་མཆོད། །

བརྟན་གཡོའི་སྒྲ་སྙན་རྒྱ་མཚོའི་ངོས་སུ་ཚངས་ཆེན་བློ་ཡི་པིར་རྩེ་ཡིས། །
ལེགས་བྲིས་ཡིད་འཕྲོག་ཤེལ་གྱི་ལྕུག་ཕྲན་བརྒྱད་གཉིས་ལང་ཚོའི་སྐྱེ་མཆེད་ཅན། །
རོལ་སྒེག་མཐོ་རིས་ལྷ་མོའི་ཟོལ་འཆང་ཐུགས་རྗེའི་འོད་དཀར་སྟོང་འཛུམ་པས། །
སྙིང་ལ་ལེགས་བཤད་བདུད་རྩིའི་དཔྱིད་འཇོ་མཚོ་བྱུང་ངག་གི་དཔལ་མོར་འདུད། །

མཛེས་སྡུག་ཆུ་སྐྱེས་གེ་སར་གདན་བཟང་ཉ་གང་ཟླ་བས་བརྒྱན་པའི་ཁར། །
འགྱིང་བཅས་ཙོག་པུའི་སྟབས་ཀྱི་རྣམ་རོལ་མཚན་དཔེའི་གཟུགས་འཆང་གཞོན་ནུའི་ལུས། །
རབ་དཀར་ཟླ་ཟེར་ལན་སྟོང་བབས་པའི་འོ་མའི་མཚོ་ལས་འཁྲུངས་པ་ཡི། །
མཚར་སྡུག་མེ་ཏོག་ཀུན་དཱའི་རྗེས་འགྲོ་སྐལ་བཟང་མིག་གི་བདུད་རྩིར་ལྷམ། །

རབ་དཀར་ཞལ་གྱི་དཀྱིལ་འཁོར་ལ་གནས་སྨིན་མའི་འཁྲི་ཤིང་བསྐྱོད་པའི་འོག །
དཀྱུས་རིང་ཟུར་མིག་ཡོན་པོར་བསྒྱུར་བས་སྙན་གོང་ཆུ་སྐྱེས་འགུགས་པ་བཞིན། །
ཚེམས་ཕྲེང་གེ་སར་ཟེའུ་འབྲུ་གསལ་ལྡན་དམར་བའི་མདངས་ཆགས་མཆུ་ཡི་སྒྲོས། །
བནྡྷུ་ཛི་ཝའི་མཛེས་པ་ཟུམ་ཕྱིར་འཛུམ་བག་ཉམས་ཀྱིས་གཡོ་བ་བཞིན། །

བུང་བ་ལྟར་གནག་ལི་བའི་དབུ་སྐྲ་སིལ་བུར་རྒྱབ་ཏུ་འཕྱངས་བྱས་ཤིང༌། །
མཐིང་འོད་རལ་བའི་ཟུར་ཕུད་མཛེས་ཆགས་ཐོར་ཚུགས་མེ་ཏོག་ཆུན་པོ་དང༌། །
བསིལ་ཟེར་ཟླ་ཚེས་མཚན་མས་ཉེར་བརྒྱན་རིན་ཆེན་དང་པོའི་རྣ་ཆ་དང༌། །
སྣ་ཚོགས་ནོར་བུའི་རྒྱན་ཕྲེང་དུ་མས་མགུལ་དང་མྱོས་བུམ་མཛེས་པར་སྤུད། །

སིལ་སིལ་སྒྲ་ལྡན་གདུབ་ཀོར་གྱིས་མཛེས་མཉེན་འཇམ་ཕྲ་ལྡེམ་ཕྱག་ཟུང་གིས། །
རྒྱུད་སྟོང་འཕང་འགྲོ་དལ་གྱིས་འཁྲོལ་བ་སྙན་འགྱུར་རྡོ་རྗེའི་གླུ་སྒྲ་དང༌། །
མཉམ་དུ་བསྡེབས་པའི་དབྱངས་ཀྱི་ལམ་དུ་རྣམ་པ་ཀུན་ལྡན་རྒྱལ་ཀུན་གསུང༌། །
འདྲེན་པའི་ངོ་མཚར་འོག་མིན་ཞིང་ན་ཕུལ་བྱུང་གླུ་ཡི་གླེང་གཞིར་བྱེད། །

གསང་གསུམ་མཛེས་སྡུག་ཆ་ཤས་རེས་ཀྱང་ལྷ་དང་ལྷ་མིན་མིའམ་ཅིའི། །
རོལ་སྒེག་མཛེས་མ་ཀླུང་རྡུལ་གྲངས་སྙེད་མོག་པོར་བཏང་བའི་གྲགས་པ་ཡིས། །
རལ་གྲིའི་འཁྲི་ཤིང་གཡོ་བའི་ལྷ་དེའི་རྡོ་རྗེའི་ཐུགས་ཀྱི་བརྟན་འཕྲོགས་ཏེ། །
སྙིང་གི་དགའ་མར་བདག་གིར་བཞེས་ནས་སྒྱུ་འཕྲུལ་དྲྭ་བས་རྩེན་མིན་ནམ། །

རབ་དགའི་ཚལ་ན་ཟིལ་དངར་ལ་ཆགས་སྦྲང་རྩིས་མྱོས་པའི་བྷྲ་མ་རས། །
ཉི་ཟེར་ཁུ་བའི་བཅུད་ལ་འཐུང་བའི་པདྨའི་ལྗོན་པར་གླུ་ལེན་ལྟར། །
རྙོག་བྲལ་ཡིད་ཀྱི་མེ་ལོང་གཙང་མར་དབྱངས་ཅན་ཁྱོད་ཀྱི་སྣང་བརྙན་ནི། །
པྲ་ཕབ་པ་ཡི་གཟུགས་བརྙན་ཚུལ་གྱིས་གསལ་བར་དམིགས་ཏེ་ཡང་ཡང་འབོད། །

སྙིང་དབུས་ཆུ་སྐྱེས་ཟླ་བའི་གདན་ལ་མན་ཤེལ་མདངས་འཛིན་ཧྲཱྀཿཡིག་དང༌། །
འདབ་བརྒྱད་རེ་ལ་དབྱངས་ཡིག་ཟུང་རེ་གཡས་སྐོར་ཚུལ་དུ་གློག་ཕྲེང་ལྟར། །
གསལ་འཚེར་བཀྲག་བརྒྱའི་མདངས་འོད་རབ་སྣང་རྩེ་མོའི་རང་བཞིན་མཛེས་འབར་བས། །
མི་ཤེས་ཡིད་ཀྱི་མུན་དཔུང་མཐར་བྱས་གཟུངས་སྤོབས་སྣང་བ་རྒྱས་པར་མཛོད། །

ལྷ་མོ་ཅུང་ཟད་བཞད་པའི་ཟོལ་གྱིས་བརྩེ་བས་རྗེས་ཆགས་གར་གྱི་འཕྲུལ། །
རྒྱུད་མང་འཁྲོལ་བའི་རོལ་རྩེད་དང་འགྲོགས་ལྡེམ་བག་ཉམས་ཀྱི་སྟངས་སྟབས་ཀྱིས། །
བསྐྱོད་པ་ཡངས་པའི་རྣམ་འགྱུར་ངོམ་བཞིན་མི་ཤིགས་ཙིཏྟའི་ཏི་ལ་ཀར། །
དྭངས་གཙང་རྫིང་བུར་ལུས་དཀར་ཇི་བཞིན་དགྱེས་པར་རོལ་ཅིག་སྒྲ་ལྡན་མ། །

སྨིན་ལེགས་མཆུ་ཡི་འགྲམ་ཆང་མངར་མོས་ཡིད་འོང་སིནྡྷུ་ཝ་རའི་ཁ། །
ཅི་དགར་འབྱེད་པའི་རྣམ་འཕྲུལ་རྗེས་འགྲོ་ཁྱོད་བྱིན་བདུད་རྩིའི་རེག་པ་ཡིས། །
སྙིང་གི་གཏིང་འདིར་རིང་ནས་ཟུམ་པའི་ཆོས་རབ་རྣམ་འབྱེད་ཤེས་རབ་ཀྱི། །
ཡིད་བཟང་འདབ་བརྒྱ་ལྷུག་པར་གྲོལ་པའི་དངོས་གྲུབ་འདོད་རྒུའི་མཆོག་བྱིན་ཅིག །

བཅད་ལྷུག་སྤེལ་མའི་ཆུ་རིས་བཀྲ་བའི་ངག་རིག་སྤྲིན་གྱི་ལྕུག་མ་ལས། །
སྒྲ་དོན་གབ་ཚིག་བདུད་རྩིའི་ཆར་བཟང་ཀུན་དགར་འཇོ་བའི་རྩེ་དགའ་ཡིས། །
དྲན་དབང་རྨ་བྱའི་སྙིང་ལ་སིམ་སྟེར་སྙན་ཚིག་ལེགས་ལྡན་དཔྱིད་ཀྱི་དཔལ། །
ལོངས་སྤྱོད་འཁོར་ལོའི་སྐྱེད་ཚལ་ལ་དྲངས་ངག་གི་དངོས་གྲུབ་འདོད་འཇོར་མཛོད། །

སྙན་འཇེབས་དབྱངས་ཀྱི་རྒྱུད་ལས་རྣམ་འཕོས་རོ་ལྡན་འཁྱོག་པོའི་ཚིག་སྦྱོར་གྱིས། །
ཀྱོ་བས་མ་བཟུང་མཁས་རྒུའི་ཡིད་འགུགས་རིག་བྱེད་ཚིག་གི་སྒྱུ་རྩལ་སྟོང༌། །
རྫོགས་པའི་རྣམ་དཔྱོད་ཉམས་བརྒྱའི་རོལ་པས་རིག་འཛིན་དགའ་མ་དགྱེས་སྐྱེད་ཅིང༌། །
སྲས་བཅས་རྒྱལ་བས་འཛུམ་དཀར་ངོམ་པའི་སྐལ་བཟང་དགའ་བ་འཛིན་གྱུར་ཅིག །

མགྲིན་པའི་འོ་མཚོར་ངང་བའི་བུ་མོ་རྣམ་པར་རོལ་པའི་རྩེ་དགའ་ཡིས། །
བདུད་རྩིའི་རོ་ལྡན་འགྱུར་ཁུགས་སྟོང་ལྡན་ལེགས་བཤད་སྒྲ་དབྱངས་སྙན་སྒྲོགས་པས། །
གསུང་གཅིག་ཡན་ལག་རྒྱ་མཚོའི་དབྱངས་ལྡན་མི་ཟད་རྒྱན་གྱི་འཁོར་ལོ་ཡི། །
དཔལ་སྟུག་གསུང་གི་གསང་བར་རབ་འཇུག་མུ་མེད་ཞིང་ཁམས་འགེངས་པར་ཤོག །

བོད་ཤིང་བྱ་ལོའི་ཟླ་༧ཚེས་༡ཉིན་མཚོ་བྱུང་འཛུམ་པའི་མེ་ཏོག་ཏུ་འབོད་པས་རྗེ་བླ་མའི་གདན་ས་བླ་རུང་ཆོས་གྲྭ་ཆེན་མོ་རུ་བྲིས་པ་དགེའོ། །

·རྩོམ་ཡིག་གོང་མ:གཞས་ཚིག ང་ཡི་སྙིང་གྲོགས།
·རྩོམ་ཡིག་འོག་མ:གཞས་ཚིག མཚོ་སྔོན་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·དབྱངས་ཅན་མར་བསྟོད་པ། 2012/8/2 18:21:39
·ལྷ་མོ་དབྱངས་ཅན་མའི་ཐུཊ་རྗེ་བསྐུལ་བའི་གླུ་དབྱངས། 2011/5/21 14:15:28
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:22:54 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:52:02 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:37:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS