ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བསྟོད་གསོལ།
རྩོམ་ཡིག་ཀློག་པ།

ཨེ་མ་ཧོའི་མར་མེའི་མཆོད་འབུལ།

རྩོམ་པ་པོ:ཨེ་མ་ཧོཿཡོང་ཁུངས:ངེད་གཟིགས་གྲངས:1629ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/31 16:28:39ཚོགས་ཡར་སྤྲོད:admin
ཨེ་མ་ཧོའི་མར་མེའི་མཆོད་འབུལ།

ཨེ་མ་ཧོཿ
རིག་རྩལ་འགག་མེད་སྣང་བའི་མར་མེ་འདི། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་མཆོད། ། རིག་པས་གར་ཁྱབ་མ་གྱུར་སེམས་ཅན་ཀུན། །རིག་སྟོང་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག ། ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་སུ། །སྣང་སྲིད་རྣམ་དག་སྒྱུ་འཕྲུལ་དྲ་བ་ཡི། ། རྩ་གསུམ་རྒྱལ་ཀུན་མཆོད་པའི་མར་མེ་འདི། །འོད་གསལ་སྙིང་པོའི་བསྟན་པའི་རྒྱན་དུ་འབུལ། ། བྱང་ཆུབ་སེམས་བསྐྱེད་ངེས་ཤེས་རིན་པོ་ཆེའི། །དཀོན་མཆོག་རྒྱལ་ཀུན་མཆོད་པའི་མར་མེ་འདི། ། མཐའ་ཡས་འགྲོ་ཁམས་ཞི་བདེའི་འོད་པོ་ཆེ། །མ་རིག་མུན་པའི་རྨོངས་ཚོགས་འཇོམས་ཕྱིར་འབུལ། ། ཀུན་བཟང་རིན་ཆེན་རྣམ་གསུམ་རྟེན་དང་བཅས། །བསོད་ནམས་བསགས་པའི་ཞིང་ལ་བཞུགས་སོ་འཚལ། ། མ་ལུས་འཕགས་བཞི་ཀུན་གྱི་སྤྱན་ལམ་དུ། །སྣང་གསལ་མར་མེ་དམ་པའི་མཆོད་པ་འབུལ། ། ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། ། མ་རིག་གཏི་མུག་མུན་པ་ཀུན་བསལ་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་མྱུར་མཐོང་ཤོག ། ཀུན་གསལ་མར་མེ་མཆོད་པའི་བསོད་ནམས་ཀྱིས། །ཀུན་བཟང་ཞི་བདེ་ཐོབ་པའི་དངོས་རྒྱུ་ཉིད། ། ཀུན་ལ་བྱང་ཆུབ་སེམས་མཆོག་སྐྱེ་གྱུར་ནས། །ཀུན་བཟང་རྒྱལ་སྲིད་ཀུན་གྱིས་ཐོབ་གྱུར་ཅིག །
དྲ་ཐག་ཅིག་མཐོང་བའི་རྐྱེན་ལས་ཤྲྰིཿསྨྱོན་པས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ།།

·རྩོམ་ཡིག་གོང་མ:ཨ་བུ་བདེ་གཡང་དྲན་མཆིད།
·རྩོམ་ཡིག་འོག་མ:གྲུབ་དབང་རྫོཊ་ཆེན་པའི་བསྟན་པ་རྒྱས་པའི་སྨོན་ལམ
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:28:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:36:24 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:09:09 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS