ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བསྟོད་གསོལ།
རྩོམ་ཡིག་ཀློག་པ།

རྗེ་བཙུན་མི་ལ་རས་པར་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ་

རྩོམ་པ་པོ:ཀོང་སྤྲུལ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2315ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/5/12 20:38:00ཚོགས་ཡར་སྤྲོད:admin
རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ་
ཞེས་བྱ་བ་བཞུགས་སོ། །

རྡོ་རྗེ་འཆང་དབང་གསང་ལམ་འཁྲུལ་མེད་ལས། །སྐུ་ཚེ་གཅིག་གིས་མི་སློབ་ཟུང་འཇུག་ཏུ། །གཤེགས་པས་གངས་ཅན་སྨྲ་བའི་རྒྱན་དུ་གྲགས། །རྗེ་བཙུན་མི་ལའི་ཞབས་ལ་གསོལ་བ་འདེབས། །མངའ་རིས་གུང་ཐང་རྩྭ་ཡི་ཡུལ་ལྗོངས་སུ། །ངོ་མཚར་ཁྱུང་རིགས་གསེར་གྱི་སྒོང་ང་རུ། །ཡིད་བཞིན་ནོར་བུ་ལྟ་བུའི་བཅུད་སྨིན་ནས། །སྐྱེ་རྒུའི་འདྲེན་པར་བྱོན་ལ་ ~ ། །གདོད་ནས་རྣམ་པར་གྲོལ་ཡང་སྲིད་པ་ཡི། །འཆིང་བས་བཅིངས་ལ་དཔེ་ཙམ་སྟོན་པའི་སླད། །གཞོན་ནུའི་དུས་སུ་གཉེན་གྱིས་སུན་ཕྱུངས་པས། །ཉམ་ཐག་ཚུལ་དུ་བསྟན་ལ་~ ། །གླན་ཆུང་ལོ་ཙཱའི་དྲུང་དུ་གཙུག་ཕུད་ཕུལ། །འབྲི་ཀློག་ལེགས་སྦྱངས་ཕྱག་རྡོར་ལ་སོགས་གསན། །ཡུམ་གྱི་བཀའ་བཞིན་དབུས་གཙང་རྒྱལ་ཁམས་སུ། །སློབ་དཔོན་འཚོལ་དུ་བྱོན་ལ ~ ། །གཡུང་དང་གནུབ་ཀྱི་རིགས་སྔགས་འཆང་ཆེན་ལས། །གདམ་ངག་གསན་ཏེ་སྒྲུབ་པ་མཛད་ཙམ་གྱིས། །ཡུམ་སྲས་སྐུ་དགྲ་མཐའ་དག་རྩད་ནས་བཅད། །མཐུ་ཆེན་གྲགས་པས་ཁྱབ་ལ་~ ། །སྔ་འགྱུར་རིག་འཛིན་གཞན་ལས་རྫོགས་ཆེན་སོགས། །གསན་པ་མང་མཛད་བསྐྱེད་རིམ་ནུས་ཐོབ་ཀྱང་། །ཐུགས་དགོངས་མ་ཚིམས་གྲུབ་བརྙེས་བླ་མ་དང་། །གདམས་ཟབ་འཚོལ་བར་བཞེད་ལ་ ~། །ལྷོ་བྲག་མར་པའི་མཚན་ཐོས་ཙམ་གྱིས་ནི། །བཟོད་མེད་མོས་པ་འཁྲུངས་ནས་ཕེབས་པའི་ཚེ། །བླ་མའི་མནལ་ལམ་ལྟས་ཀྱི་སྐལ་ལྡན་དུ། །གཟིགས་ནས་བསུ་བར་མཛད་ལ་ ~། །ཐོག་མའི་རྟེན་འབྲེལ་ལེགས་འགྲིག་སྒྲིབ་སྦྱངས་ཕྱིར། །དྲན་ཀྱང་བཟོད་དཀའི་དཀའ་ཆེན་སྤྱོད་དུ་བཙལ། །ཡི་ཆད་ཐེངས་བརྒྱད་བཏང་བས་སྒོ་གསུམ་རྒྱུད། །དྲི་མེད་ཤེལ་ལྟར་གཙང་ལ་~ ། །ལུས་སྲོག་ཐོད་ལ་བོར་བའི་ཞབས་ཏོག་གིས། །གཏིང་ནས་མཉེས་པའི་ཐུགས་རྗེ་ཆེན་པོས་བཟུང་། །བསླབ་པའི་གནས་བཀོད་བརྡ་དོན་མཚུངས་པའི་མཚན། །རྡོ་རྗེ་རྒྱལ་མཚན་གྲགས་དེར་ ~། །འཁོར་ལོ་སྡོམ་པའི་དབང་བསྐུར་ཐུན་མིན་བསྩལ། །སྤྲུལ་པའི་དཀྱིལ་འཁོར་བར་སྣང་དངོས་སུ་བསྟན། །དཔའ་བོ་མཁའ་འགྲོའི་མགྲིན་གཅིག་མཚན་གསོལ་བ། །བཞེད་པ་རྡོ་རྗེའེ་ཞབས་ལ་~ ། །བཀའ་བབ་བཞི་ཡི་གཞུང་གདམས་མ་ལུས་པ། །བུམ་པ་གང་བྱོས་གནང་སྟེ་རྫུ་འཕྲུལ་གྱི། །བཀོད་པ་བསྟན་པས་བླ་མ་སངས་རྒྱས་སྐུ། །དངོས་སུ་གཟིགས་པར་གྱུར་ལ་~ ། །གཉའ་གཉའི་བྲག་ཏུ་བསམ་གཏན་ཕར་ཕྱིན་བརྙེས། །བླ་མས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །རང་ཡུལ་ཕེབས་ཏེ་རྐང་ཚུགས་ཕུག་པ་རུ། །དགེ་སྦྱོར་མཐར་ཕྱིན་མཛད་ལ ~ །བྲག་དཀར་རྟ་སོའི་ཐོག་དྲངས་རྫོང་དྲུག་ཏུ། །མི་ཟས་སྤངས་ནས་ཟྭ་ཡི་འཚོ་བ་དང་། །ཕལ་ཆེར་ཏིང་འཛིན་ཟས་མཆོག་ལ་བརྟེན་ནས། །ཐབས་གྲོལ་མྱུར་ལམ་བསྒོམ་ལ་ ~། །འཁོར་ལོ་དྲུག་གི་རྩ་མདུད་རིམ་བཞིན་གྲོལ། །ནང་གི་ས་ལམ་སྒྲ་དོན་ཇི་བཞིན་རྫོགས། །རླུང་སེམས་སྤྲོས་པ་དྷུ་ཏིའི་དབྱིངས་སུ་ཐིམ། །བདེ་སྟོང་རྩལ་ཆེན་རྫོགས་ལ་~ ། །རྡུལ་བྲལ་མཁའ་དང་མཉམ་པའི་ཡེ་ཤེས་བརྙེས། །སྤྱོད་པ་གསུམ་གྱི་ཉེ་རྒྱུ་མཐའ་རུ་ཕྱིན། ། དཔལ་གྱི་མགུར་ནས་རྡོ་རྗེའི་གླུ་དབྱངས་ཀྱིས། །ཐོས་གྲོལ་ལྷན་ཅིག་མཛད་ལ་~ ། །ལིང་པ་བྲག་ཏུ་བྲག་གི་སྲིན་མོ་བཏུལ། །ལ་ཕྱིར་ཚོགས་ཀྱི་བདག་པོ་དམ་ལ་བཏགས། །ཏི་སེར་བོན་ཆུང་མིང་སྲིང་རྫུ་འཕྲུལ་གྱིས། །བཅོམ་ནས་རྗེས་སུ་བཟུང་ལ་ ~། །ཆུ་བར་ཚེ་རིང་མཆེད་ལྔ་སྣང སྲིད་ཀྱི། །ལྷ་འདྲེའི་ཆོ་འཕྲུལ་དགོངས་པའི་རྩལ་གྱིས་གཞིལ། །སྲོག་སྙིང་བླངས་ཏེ་སྒྲུབ་བརྒྱུད་སྲུང་མར་བསྐོས། །གདམས་པས་རྗེས་སུ་བཟུང་ལ ~ །ཐང་ལའི་ལ་ཐོག་དམ་པ་སངས་རྒྱས་དང་། །མཇལ་ཏེ་སྤངས་རྟོགས་མཉམ་པར་ཞལ་གྱིས་བཞེས། །ར་ལོའི་ཟ་འོག་ཕུག་ཏུ་རས་ཆུང་པ། །སྐལ་ལྡན་དབུགས་དབྱུངས་མཛད་ལ~། །འཕགས་ཡུལ་ལན་གཉིས་བཏང་སྟེ་ལུས་མེད་ཀྱི། །མཁའ་འགྲོའི་ཆོས་སོགས་གདམས་པ་ཟབ་རྒྱས་བླངས། །གྲུབ་པའི་རྒྱལ་སར་བཀོད་ནས་ཐུགས་ཀྱི་སྲས། །ཟླ་བ་ལྟ་བུར་གྲགས་ལ་~ ། །དབུས་པ་སྟོན་པར་ཕག་མོའི་བྱིན་རླབས་དང་། །ཐབས་གྲོལ་གདམས་ཟབ་གནང་ནས་ཉམས་བཞེས་པས། །ཏིང་འཛིན་རྩལ་རྫོགས་ཉི་མ་ལྟ་བུ་ཡི། །ཐུགས་ཀྱི་སྲས་སུ་གྱུར་ལ་~ ། །སྲས་ཀྱི་མཆོག་བརྒྱད་ཉེ་བའི་བུ་བཅུ་གསུམ། །སྲིང་བཞི་མ་སྤྱོད་གྲུབ་པ་བདུན་གྱིས་གཙོས། །གཟུགས་ཅན་གཟུགས་མེད་རྒྱུ་སྐར་གྲངས་མཉམ་པ། །རྣམ་གྲོལ་སར་བཀོད་མཛད་ལ་ ~། །སེམས་ཅན་གང་གི་རྣ་བར་ང་ཡི་མིང་། །ཐོས་ནས་དད་པ་སྐྱེས་པ་དེ་དག་རྣམས། །སྐྱེ་བ་བདུན་དུ་ངན་འགྲོར་མི་ལྟུང་ཞེས། །བསླུ་མེད་བདེན་པར་གསུངས་ལ་~ ། །གྱ་བཞི་བཞེས་ཚེ་དབང་པོའི་རིམ་པ་དང་། །མཐུན་པས་མཐོང་སྣང་བསམ་འདས་ཆོ་འཕྲུལ་བཅས། །མངོན་དགའི་ཞིང་དུ་གཤེགས་ནས་སངས་རྒྱས་ཀྱི། །ཞིང་ཁམས་ཡོངས་སུ་སྦྱོངས་ལ་~ ། །རེག་གྲོལ་གོས་དང་མྱང་གྲོལ་ཤིང་གི་བཅུད། །མི་རབས་རོ་ལ་ཟད་མེད་འཕེལ་བས་ཀྱང་། །འགྲོ་མང་འཕྲལ་ཡུན་ཕན་བདེར་བཀོད་པ་ཡི། །ངོ་མཚར་བྱིན་རླབས་མཛད་ལ~ ། །བསམ་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེའི་ཟེགས་མ་ཙམ་གྱིས་གསོལ་བཏབ་མཐུས། །ཐུགས་རྗེའི་ལྕགས་ཀྱུས་དག་པའི་ཞིང་ཁམས་སུ། །དྲངས་ནས་ཉིད་དང་དབྱེར་མེད་མཛད་དུ་གསོལ། །  ཅེས་གངས་ཅན་གྲུབ་པ་ཡོངས་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དོན་བསྡུས་ཀྱི་གསོལ་འདེབསའདི་བཞིན་ལུང་རྟོགས་པའི་ཆོས་ལ་མངའ་དབང་འབྱོར་པ་མཁན་བླ་མ་ཀརྨ་བཀྲ་ཤིས་འདིར་ནས་གསུངས་བསྐུལ་མཛད་པ་ལྟར། ༧རྗེ་བཙུན་རས་པ་ཆེན་པོའི་སྒྲུབ་བརྒྱུད་ཀྱི་རྗེས་སུ་ཞུགས་པ། ༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོངས་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ། སརྦ་མངྒ་ལམ། །
·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩི་སྙིངཔོ།༡༤
·རྩོམ་ཡིག་འོག་མ:གཞས་ཚིག སེམས་ཀྱི་ཨ་ལོང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྤྲེལ་ལོ་སྤྲེལ་ཟླའི་སྨོན་ལམ་བཞུགས་སོ། 2016/8/13 9:09:14
·ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་འཇིགས་པ་ཀུན་སེལ། ། 2012/10/31 10:19:36
·གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། 2012/1/2 14:10:10
·གུ་རུའི་གསོལ་འདེབས་ཕྱོགས་བཅུ་དུས་བཞི་མ། ། 2012/1/1 10:52:39
·འཕགས་པ་སྤྱན་རིས་གཟིཊ་ལ་གསོལ་འདེབས་བྱིན་རླབས་མྱུར་འཇུག 2011/12/4 21:26:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:59:00 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:03:37 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:10:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS