ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བསྟོད་གསོལ།
རྩོམ་ཡིག་ཀློག་པ།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོར་བསྟོད་པ།

རྩོམ་པ་པོ:ཨེ་མ་ཧོ།ཡོང་ཁུངས:ངེད་དྲ་བགཟིགས་གྲངས:1955ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/6/15 20:16:46ཚོགས་ཡར་སྤྲོད:admin

༄༅། །མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་ལ་བསྟོད་པ་འཆི་མེད་

ལྷ་ཡི་རྔ་སྒྲ་ཞེས་བྱ་བ།

ན་མོ་གུ་རུ་མ་ཎི་ར་ཛ་ཡེ། །

ཕྱོགས་དུས་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ཉིད། །

རྒྱལ་སྲས་སེམས་དཔའ་ཕྱག་ན་པད་དཀར་འཆང་། །

བསམ་བཞིན་སྤྲུལ་བའི་ཟློས་གར་བསྒྱུར་བ་མཆོག །

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །

ཆོས་གོས་རྣམ་གསུམ་མཛེས་པའི་སྐུ་ལུས་ལ། །

སྡེ་སྣོད་གསུམ་གྱི་བསྟན་པའི་ཆོས་སྒྲ་སྒྲོགས། །

བསླབ་པ་གསུམ་ལྡན་རྒྱལ་བའི་རྒྱལ་ཚབ་མཆོག །

གནས་བརྟན་བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །

སྨོན་འཇུག་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །

ཐབས་ཤེས་ཐེག་ཆེན་བསྟན་པའི་དམ་ཆོས་སྤེལ། །

བདེན་གཉིས་གནས་ལུགས་མཁྱེན་པའི་ཐུགས་རྗེ་ཅན། །

བྱང་སེམས་བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །

སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་གཟིགས། །

བཟླས་བརྗོད་བསྙེན་པའི་གཟུངས་སྔགས་ཟབ་རྒྱས་དཔལ། །

དག་མཉམ་བདེན་པའི་གནས་ལུགས་ཡོངས་སུ་སྨིན། །

སྔགས་འཆང་བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །

བྱམས་བརྩེ་ཆེན་པོས་འགྲོ་ཀུན་བདག་ལས་གཅེས། །

སྙིང་རྗེ་ཆེན་པོས་འགྲོ་ཀུན་སྤྱན་གྱིས་གཟིགས། །

དགའ་བ་ཆེན་པོས་གཞན་ཕན་བདག་གིར་བཞེས། །

མཚུངས་མེད་བསྟན་འཛིན་རྒྱ་མཚོར་གུས་ཕྱག་འཚལ། །

རྣམ་སྨིན་རིག་འཛིན་མཆོག་གི་སྤྲུལ་བའི་སྐུ། །

ཚེ་དབང་རིག་འཛིན་ལོངས་སྤྱོད་རྫོགས་པའི་སྐུ། །

ཕྱག་ཆེན་རིག་འཛིན་ལྷན་སྐྱེས་ཆོས་ཀྱི་སྐུ། །

ལྷུན་གྲུབ་བསྟན་འཛིན་རྒྱལ་མཚོར་གུས་ཕྱག་འཚལ། །

ནམ་མཁའ་རྒྱ་མཚོར་འདྲེས་པའི་རི་སུལ་ནས། །

ཡོ་གླིང་སྐྱིད་པའི་བདེ་ལ་མ་ཆགས་པར། །

བསྟན་འཛིན་རྒྱ་མཚོ་མཆོག་གི་སྣང་བརྙན་ཞིག། །

ཡང་ཡང་ཡིད་ལ་འཆར་བའི་སྐལ་བཟང་བདག །

བླ་མ་རྒྱ་མཚོས་སྐུ་ཚེ་བརྟན་གྱུར་ཅིག །

ཡི་དམ་རྒྱ་མཚོས་བྱིན་རླབས་འཇུག་གྱུར་ཅིག །

མཁའ་འགྲོ་རྒྱ་མཚོས་བར་ཆད་སེལ་གྱུར་ཅིག །

ཆོས་སྐྱོང་རྒྱ་མཚོས་བསམ་དོན་ལྷུན་གྲུབ་མཛོད། །

མཁྱེན་བརྩེའི་ཟླ་བའི་ཆ་ཤས་ཡོངས་རྫོགས་ནས། །

འཁོར་ཡུག་ཚ་རླབས་ཕྱུར་བའི་གངས་ལྗོངས་སུ། །

ཕན་བདེའི་བསིལ་ཟེར་སྦྱིན་མཛད་འགྲོ་བའི་མགོན། །

བསྟན་འཛིན་རྒྱ་མཚོའི་ཞབས་པད་བརྟན་གྱུར་ཅིག །

ཅེས་པའང་རབ་རྒྱན་ལྕགས་ཡོས་ས་ག་ཟླ་བའི་ཉ་ཚེས་ལ་བདག་གི་བླ་མ་བྱམས་བརྩེ་བཀའ་དྲིན་ཅན་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོར་དྲན་པའི་མཐུ་ཡིས་སྙིང་དབུས་ནས་གུས་ཕྱག་ཏུ་ཅི་དྲན་དུ་རྒྱལ་ཁམས་པ་དཔལ་དགྱེས་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཚོགས་གྲལ་ནས་གསོལ་བ་འདེབས་པ་དགེའོ།། །།

·རྩོམ་ཡིག་གོང་མ:གཞས་ཚིག བུ་མོ་རིག་འཛིན་སྒྲོལ་མ།
·རྩོམ་ཡིག་འོག་མ:གཞས་ཚིག ཕ་ཡུལ་ལགས།གཡང་ཁྱིམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཨོ་རྒྱན་སྤྲུལ་སྐུ་ལ་ཕུལ་བ་སྣ་ལྔའི་ཁ་བཏགས། 2011/8/18 8:27:51
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:59:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:30:45 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 12:50:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS