ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བསྟོད་གསོལ།
རྩོམ་ཡིག་ཀློག་པ།

ཞི་བདེའི་ཕུག་རོན་སྔོན་པོའི་དགོངས་རྫོཊ་ཀྱི་རྨི་ལམ།

རྩོམ་པ་པོ:དཔལ་དགྱེས་པ་རྡོ་རྗེ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1774ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/7/23 21:49:05ཚོགས་ཡར་སྤྲོད:admin

ཞི་བདེའི་ཕུག་རོན་སྔོན་པོའི་དགོངས་རྫོགས་ཀྱི་རྨི་ལམ། །

ན་མོ་གུ་རུ་ཤིནྟ་དེ་བ་ཡེ། །
འདབ་བརྒྱ་ཟེའུ་འབྲུ་རྒྱས་པའི་གེ་སར་གྱི་ལང་ཚོ། །
ཉ་གང་ཟླ་བས་ནོན་པའི་འོད་དཀར་གྱི་གདན་ལ། །
བདེ་སྟོང་ཕྱག་རྒྱའི་རྣམ་རོལ་གཡོ་མེད་དུ་བཞུགས་པའི། །
ལྷ་གཅིག་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །
འགྲོ་དྲུག་ལས་སྣང་ཆ་འདྲའི་འཇིག་རྟེན་གྱི་ཁམས་འདིར། །
ལྟོག་སྐོམ་ཚ་གྲང་མྱོང་བའི་རྟེན་འབྱུང་དག་བརྟག་ཚེ། །
སྤྲུལ་སྐུ་ཡེ་ཤེས་ཡ་ཧོའི་ཡིག་ཟམ་གྱི་གསང་བརྡས། །
བྱ་དང་བྱིས་པ་ཤི་བའི་འཕྲིན་ཐུང་ཞིག་འབྱོར་སོང་། །
ཡན་ལག་བདུན་པའི་ཆོ་ག་ཆོས་སྤྱོད་དང་འབྲེལ་བའི། །
སྣང་མཐའ་སངས་རྒྱས་བླ་མའི་གདམས་ཟབ་ལ་བརྟེན་ནས། །
རང་སྣང་འོག་མིན་ཞིང་ཁམས་སྨོན་འདུན་གྱི་གསོལ་འདེབས། །
ཆོས་དབྱིངས་རྒྱལ་ས་ཟིན་པའི་འཕོ་བ་ཞིག་བཏབས་ཡོད། །
ཐམས་ཅད་མི་རྟག་སྒྱུ་མའི་འཁྲུལ་སྣང་ལ་བསམ་ཞིང་། །
རང་ཉིད་རྩ་གསུམ་རྒྱལ་བའི་བསྐྱེད་རྫོགས་ཀྱི་ཕྱག་རྒྱ། །
ཏིང་འཛིན་སྲོག་སྡོམ་གཟེར་བཞིས་གནད་གསང་ལ་འབད་ནས། །
སྣང་གྲགས་རིག་པ་པདྨ་རྒྱལ་པོ་རུ་བསྒོམ་མོ། །
ཤ་ཆང་དུག་རྫས་སྤངས་པའི་རྩ་རླུང་གི་རྒྱུ་བ། །
བག་ཡངས་རྣམ་ཤེས་ཕྲ་མོ་གང་དགའ་རུ་རྒྱུགས་པས། །
ལས་ཉོན་བག་ཆགས་ཟད་པའི་སྒྱུ་ལུས་ཀྱི་ཚོར་བ། །
བདེ་གསལ་མི་རྟོག་ངང་ལ་དལ་ཅིག་ཏུ་ལུས་ཐལ། །
ཞི་བདེའི་ཕུག་རོན་སྔོན་པོའི་དགོངས་རྫོགས་ཀྱི་ནུབ་མོར། །
རང་སྣང་སྒྲོ་བསྐུར་བྲལ་བའི་བདེན་གཏམ་གྱི་སྙིང་པོ། །
ཆོས་མཆེད་སྙིང་བརྩེས་ཐུགས་བསྐྱེད་སྨོན་ལམ་གྱི་འབྲས་བུ། །
སྲིད་མཐར་ལས་ཉོན་བྲལ་བའི་རྨི་ལམ་ཞིག་རྨིས་སོང་། །
ཐུགས་བསྐྱེད་སྨོན་འཇུག་སེམས་བསྐྱེད་སྤྲིན་ཆེན་བཞིན་འཁྲིགས་ནས། །
སྙིང་རྗེའི་མིག་ཆུ་མི་ཟད་ཆར་ཆེན་བཞིན་བརྡོལ་ཞིང་། །
ཚེ་སྲོག་སྐྱོབ་པའི་བྱམས་སྐྱོང་ཕུག་རོན་ལ་གནང་བ། །
ཚོགས་བསགས་བསོད་ནམས་ནོར་འཛིན་ཟླུམ་པོ་ཡིས་ཐེག་གམ། །
རིན་ཆེན་བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་ཉམས་ལེན། །
བར་སྣང་སྙན་ངག་རྒྱ་མཚོས་མཆོད་སྤྲིན་གྱི་དབྱར་རྔ། །
འཇིགས་མེད་བློ་གྲོས་རྒྱལ་མཚན་བདེན་དཔུང་འདི་མཇལ་ཚེ། །
ཉམས་དགའ་བག་བྲོ་ལྡན་པའི་སྐྱིད་ཉལ་ཞིག་ཤོར་ཐལ། །
དྲི་བྲལ་མཁའ་དབྱིངས་འཕུར་བའི་འདབ་ཆགས་ཀྱི་ཕུག་རོན། །
མི་འདོད་ན་ཚས་གནར་བའི་སྡུག་བསྔལ་ལ་བསམ་ནས། །
བྱམས་བརྩེ་སྙིང་རྗེ་ཆེན་པོ་ཀླུ་སྨྱོན་གྱི་རང་གཤིས། །
བྱང་སེམས་རྒྱལ་སྲས་རང་གཟུགས་ངོམ་པ་ཞིག་མིན་ནམ། །
ཉི་ཟླ་སྐར་གསུམ་མེད་པའི་རྨི་ལམ་གྱི་སྣང་བར། །
དགའ་ལྡན་ཡིད་དགའ་ཆོས་འཛིན་རང་སྣང་གི་ཞིང་ནས། །
ལ་ཐོད་དཀར་པོ་གྱོན་པའི་ན་ཆུང་གི་སྒྱུ་འཕྲུལ། །
ཕུག་རོན་ཤི་བའི་རྣམ་ཤེས་ཡིན་པ་ཞིག་ཚོར་སོང་། །
འཇིག་རྟེན་རྐང་རྗེས་མེད་པའི་རྨི་ལམ་གྱི་བར་དོ། །
བསམ་བློ་གཤིས་ཀ་འདོད་འདུན་ཡིད་འོང་གི་རྣམ་འགྱུར། །
རང་སྣང་དགའ་སྐྱིད་བདེ་བའི་ཉམས་སྣང་གི་ཞིང་ནས། །
བཀྲ་ཤིས་བདེ་ལེགས་ཞུ་བའི་སྨོན་ཚིག་ཅིག་ཤོར་ཐལ། །
ཕྱི་རོལ་ཆར་བ་ཤག་ཤག་གླུ་སྒྲ་བཞིན་ལྷང་ལྷང་། །
ནང་དུ་དགའ་ལྡན་ཞིང་གི་བཀོད་པ་དག་མཇལ་ཚེ། །
སད་འདོད་མེད་པའི་རྨི་ལམ་དགའ་སྤྲོ་དང་བཅས་པར།
ན་ཆུང་དགའ་མའི་ཕྱོགས་ལ་དྲི་གླུ་འདི་བླངས་སོ། །
འཁོར་བའི་ཁབ་རྩེ་གནས་པའི་སྲོག་ལྡན་གྱི་སྐྱེ་བོ། །
མི་འདོད་ན་ཚའི་འཆིའི་སྡུག་བསྔལ་དང་བྲལ་སྟེ། །
དགའ་ལྡན་ཞིང་དུ་སྐྱེ་བ་ངོ་མཚར་ནི་ཆེ་ཡང་། །
སྲིད་པའི་བྱིང་ལས་མ་ཐར་སྡུག་བསྔལ་འདྲ་ཡོད་དམ། །
དེ་ལྟར་སེམས་རྟོག་འཆར་ཆ་དྲི་བ་རུ་སྤྲད་དུས། །
དགའ་བའི་མིག་ཟུང་དགྱེས་པ་རྡོ་རྗེ་ལ་ཕྱོགས་ནས། །
འཛུམ་དཀར་དུང་གི་ཕྲེང་བ་འོད་ཟེར་དང་བཅས་ཏེ། །
ཕྱག་རྒྱ་བདེ་ཆེན་རྒྱས་པའི་རོལ་རྩེད་ཅིག་ངོམས་སོང་། །
བདེན་གཉིས་མངོན་ལྐོག་འཇལ་བའི་དབུ་ཚད་ཀྱི་གཞུང་ལ། །
རྟོག་གེས་དགག་སྒྲུབ་བྱེད་པའི་བཟང་གོམས་ཀྱིས་མཐུ་ལས། །
གནས་ལུགས་གོ་མྱོང་རྟོགས་པའི་ལྟ་བ་ཞིག་ཡོད་ན། །
རང་སྣང་དགའ་ལྡན་ཕོ་བྲང་རྨི་ལམ་གྱི་བརྙན་རིས། །
མི་རྟག་འཆི་བ་རྟ་མཆོག་བང་རྩལ་ལས་མགྱོགས་ཀྱང་། །
ཐབས་ཤེས་བྱ་རྒྱལ་ཁྱུང་གི་གཤོག་རྩལ་ལ་དབང་ན། །
སྐད་ཅིག་མཁའ་དབྱིངས་བགྲོད་ལ་ངལ་བ་ཞིག་མི་དགོས། །
བདེ་ཆེན་དག་པའི་ཞིང་ཁམས་སྙིང་དབུས་ཀྱི་དཀྱིལ་འཁོར། །
འགྲོ་ཀུན་ཐར་བའི་མངོན་འཚང་རྒྱ་བ་ཡི་སྙིང་ནོར། །
རིན་ཆེན་བྱང་ཆུབ་སེམས་མཆོག་རང་རྒྱུད་ལ་འཁྲུངས་པའི། །
དགེ་བས་མཐའ་ཡས་འགྲོ་བར་ཕན་བདེ་ཡི་གཞི་མ། །
རྟེན་འབྲེལ་ཞི་བདེའི་བསྟན་པའི་རྒྱལ་མཚན་ཞིག་བསྒྲེངས་འདུག །
སྙིང་རྗེའི་བླ་མ་ཕུག་རོན་ནད་རོ་ཡི་དགོངས་རྫོགས། །
འཁོར་འདས་བདེ་ཆེན་འབྱུང་ཕྱིར་དགེ་ཚོགས་ཀུན་བསྔོ་བས། །
ཟླུམ་གཟུགས་འཇིག་རྟེན་འདོད་པའི་གཞན་དབང་དུ་མ་སོང་། །
ཚོགས་དྲུག་སྣང་བ་སྐྱིད་པའི་ཞིང་ཁམས་སུ་སྨོན་ནོ། །
ཞེས་པ་པའང་རབ་རྒྱན་སྣྲོན་ཟླའི་དབང་ཕྱོགས་དགེ་བར་སྙིང་གི་ཆོས་མཆེད་དམ་པ་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་དང་སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀའི་དགེ་རྩ་ལ་ཡི་རང་དང་རྨི་ལམ་ནང་གི་སྨོན་འཇུག་གི་མྱོང་ཚོར་དག་གང་དྲན་དུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་ཤྲྰི་སྨྱོན་པས་བྲིས་པ་དགེའོ། །

·རྩོམ་ཡིག་གོང་མ:སེམས་ཀྱི་གླུ་སྒྲ།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༢༥
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:54:45 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:51:33 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:53:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS