ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཞལ་འདོན།
རྩོམ་ཡིག་ཀློག་པ།

ནཱ་རོ་མཁའ་སྤྱོད་མའི་སྒོམ་བཟླས་མདོར་བསྡུས།

རྩོམ་པ་པོ:དོར་ཞི།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2378ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/3/23 23:13:37ཚོགས་ཡར་སྤྲོད:admin
ནཱ་རོ་མཁའ་སྤྱོད་མའི་སྒོམ་བཟླས་མདོར་བསྡུས།

༄༅།  །སྐྱབས་སེམས་སྔོན་དུ་བཏང་ནས་སེམས་མ་གཡེང་པར་བསྒོམ།
ཆོས་ཀུན་མི་དམིགས་སྟོང་པའི་ངང་ཉིད་ལས།  །
ཆོས་འབྱུང་ཉིས་བརྩེགས་པད་ཉིའི་གདན་གྱི་སྟེང་།  །
རང་སེམས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ།  །
སྐུ་མདོག་དམར་མོ་ཉི་མ་འབུམ་གྱི་འོད།  །
ཕྱག་གཡས་ཟངས་ཀྱི་གྲི་གུག་ཐུར་དུ་བརྐྱངས། །
གཡོན་པས་བདུད་བཞིའི་ཁྲག་གིས་རབ་བཀང་བའི། །
ཀ་པ་ལ་བསྒྲེངས་ཁ་ཊྭཾ་ཕྲག་ཏུ་བཀལ།།
ཞབས་གཡས་བརྐྱངས་པས་དུས་མཚན་དམར་མོ་དང་།།
གཡོན་པས་དབང་ཕྱུག་ནག་པོ་ཇིར་གྱིས་མནན།།
བརྩེ་བས་རྗེས་ཆགས་ཉམས་ལྡན་ཞི་མ་ཁྲོ།།
སྤྱན་གསུམ་གཟི་འབར་གཡོན་ཕྱོགས་མཁའ་ལ་གཟིགས།།
འཛུམ་དམུལ་ཞལ་གདངས་ཚེམས་ཕྲེང་དུང་ལྟར་དཀར།།
སྣག་སྣུམ་རལ་པ་ཉིལ་ལེར་སྐུ་སྟོད་ཁེབས།།
གཅེར་མོ་བཅུ་དྲུག་ལོན་པའི་ལང་ཚོ་བདོ།།
བདེ་བའི་མཆོག་སྟེར་ནུ་ཟུང་འཁྲང་ཞིང་འབུར།།
སྐེད་ཕྲ་སྨད་རྒྱས་པདྨ་བརྟས་པའི་ངོགས།།
མྱོས་བྱེད་སྦྲང་རྩིའི་རྡུལ་དམར་འཛུམ་ཞིང་འཛག།
རུས་པའི་འཁོར་ལོས་འཁྱུད་པའི་སྤྱི་བོའི་རྩེར།།
རིགས་ཀྱི་བདག་པོ་རྣམ་སྣང་ཧེ་རུ་ཀ།
སྐུ་མདོག་རབ་དཀར་ཞལ་གཅིག་ཕྱག་གཉིས་པ།།
འཁོར་ལོ་དྲིལ་བུ་བསྣམས་ནས་རང་འདྲའི་ཡུམ།།
ལ་འཁྲིལ་གཡས་བརྐྱངས་གཡོན་བསྐུམས་སྟབས་ཀྱིས་བཞུགས།།
རིགས་ལྔས་ཕྱག་མཚན་བརྒྱན་པའི་ཐོད་སྐམ་ལྔ།།
དབུ་ལ་བརྒྱན་ཅིང་ཐོད་སྐམ་ལྔ་བཅུའི་ཕྲེང་།།
རོ་སྐྲས་བརྒྱུས་པ་མགུལ་ནས་བརླའི་བར་འཕྱང་།།
རུས་པའི་འཁོར་ལོ་རུས་ཕྲེང་ལེགས་བསྟར་བའི།།
སྙན་རྒྱན་མགུལ་རྒྱན་དཔུང་རྒྱན་ཕྱག་ཞབས་གདུབ།།
རུས་ཕྲེང་བསྣོལ་མར་བསྡེབས་པའི་འོག་པགས་འདབས།།
ཟར་ཚགས་ལོང་བུར་སླེབས་ཤིང་སིལ་སིལ་སྒྲོག།
སྐུ་ལུས་རྒྱན་ཆ་འོད་ཀྱི་རང་བཞིན་ཅན།།
འོད་དམར་མེ་དཔུང་འབར་བའི་དབུས་ན་བཞུགས།།
སྙིང་གར་ཆོས་འབྱུང་ཉིས་བརྩེགས་ཉི་ཟླའི་སྟེང་།།
བཾ་ཡིག་ཉི་མ་བྱེ་བའི་གཟི་བརྗིད་ཅན།།
དེ་མཐར་སྔགས་ཕྲེང་ཡིག་འབྲུ་ལྷམ་མེར་བསྐོར།།
དེ་ལས་འོད་འཕྲོས་སྣོད་བཅུད་ཀུན་ལ་ཕོག།
སེམས་ཅན་ཀུན་གྱི་སྡིག་སྒྲིབ་སངས་ཀྱིས་སྦྱངས།།
སྣོད་རྣམས་ཡེ་ཤེས་རང་སྣང་གཞལ་ཡས་ཁང་།།
བཅུད་རྣམས་མཁའ་སྤྱོད་དབང་མོའི་སྐུ་རུ་གྱུར།།
ཕཻཿ སླར་ཡང་སྙིང་ཁའི་བཾ་ལས་འོད་དམར་པོ།།
ལྕགས་ཀྱུའི་དབྱིབས་ཅན་སྨིན་མཚམས་ནས་འཕྲོས་པས།།
ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་རྣལ་འབྱོར་མ།།
སྟེང་ནས་ཁ་ཆར་བུ་ཡུག་འཚུབ་པ་དང་།།
འོག་ནས་དབྱར་གྱི་ས་རླངས་བརྡོལ་བ་དང་།།
བར་ནས་བུང་བའི་ཁྱུ་ཚོགས་འདུ་བ་བཞིན།།
འཇའ་དང་འོད་ཀྱི་རང་བཞིན་འུབས་ཀྱིས་འདུས།།
ཛཿཧཱུཾབཾཧོ་རང་དང་དབྱེར་མེད་ཐིམ།།
ཨོཾ་ཡོ་ག་ཤུ་དྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ།།
ལྟེ་བར་ཨོཾབྃ་དམར་པོ་སྙིང་ག་རུ།།
ཧྃ་ཡྃ་སྔོན་པོ་མགྲིན་པར་ཧྲིཾ་མྃ་དཀར།།
དཔྲལ་བར་ཧྲིཾ་ཧྲིཾ་སེར་པོ་སྤྱི་གཙུག་ཏུ།།
ཧཱུཾ་ཧཱུཾ་ལྗང་ཁུ་རྐང་ལག་ཚིགས་ཆེན་བརྒྱད།།
ཕཊ་ཕཊ་དུད་ཁ་ཟླ་གདན་བཅས་པར་མཚན།།
སྙིང་ཁའི་བཾ་ཡིག་སྔགས་ཕྲེང་བཅས་པ་ལས།།
འོད་འཕྲོས་རྒྱལ་རྣམས་མཉེས་བྱས་དེ་དག་གི།
གསང་གསུམ་ཡོན་ཏན་སྣོད་བཅུད་ནུས་པ་སོགས།།
འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་བསྟིམས།།
ཞེས་པས་དམིགས་པ་མ་གཡེང་བར་རྩ་སྔགས་ཨོཾ་གསུམ་མ་ཅི་འགྲུབ་བཟླ།  མཐར་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ།  ཐུན་བསྡུ་ཁར།
བཾ་ཡིག་སྔགས་ཕྲེང་འོད་ཀྱིས་ཁམས་གསུམ་ཁྱབ།།
ཁམས་གསུམ་སྣོད་བཅུད་ཐམས་ཅད་ཡས་རིམ་ནས།།
སྔོ་དམར་དཀར་བའི་འོད་ཞུ་རང་ལུས་ཀྱི།།
སྟོད་སྨད་བར་གསུམ་ཆ་ལ་རིམ་བཞིན་ཐིམ།།
རང་ལུས་ལྷ་སྐུ་སྙིང་གའི་ཆོས་འབྱུང་དང་།།
ཟླ་གདན་སྔགས་ཕྲེང་བཾ་ཡིག་བཅས་པར་ཐིམ།།
བཾ་ཡིག་དེ་ཡང་ཞབས་ནས་རིམ་པ་བཞིན།།
ཐིམ་ནས་སྟོང་པའི་དབྱིངས་སུ་འདྲེས་པར་གྱུར།།
དགེ་བ་འདི་ཡིས་མྱུར་དུ་བདག།
མཁའ་སྤྱོད་དབང་མོ་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།།
དེ་ཡི་ས་ལ་འགོད་པར་ཤོག།
ཅེས་པ་འདི་ནི་སློབ་བུ་བསམ་གཏན་གྱིས་མཁའ་སྤྱོད་མའི་སྒོམ་རིམ་མདོར་བསྡུས་ཤིག་དགོས་ཞེས་ཞུས་ངོར།  དོར་ཞི་སྐྱེས་མིང་པས་བྲིས།
·རྩོམ་ཡིག་གོང་མ:རྒྱལ་སྤྱིའི་སྙན་ངག་ཉིན་མོར་ཕུལ་བའི་རྟེན་འབྲེལ་གྱི་ས་རྒ
·རྩོམ་ཡིག་འོག་མ:ཁོང་ཁྲོ
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:16:14 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:47:43 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:17:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS